མཛད་པ། 15

15
ཡེ་རུ་ཤ་ལེམ་དུ་ཚོགས་འདུ།
1འོ་དེ་གཤམ་ནས་མི་རིང་འགའ་ཡུ་དེ་ཡཱ་ནས་འོངས་རེ། ཨན་ཏི་ཡོག་རྒྱལ་ས་ཡི་དད་པ་བྱེད་མཁན་ཀྱ་ལ་དེ་རེ་བསླབ་བྱ་སྟེར་པ་ལགས། མོ་ཤེ་ཡིས་གནང་ན་ཆོས་ཁྲིམས་ཀྱི་སྲོལ་ཅོག་རེ་བྱེད་ཡས་ཡིན་ན། ལྤགས་བོ་བཅད་དེ་རྟགས་མ་བརྒྱབ་པ་ཁྱེད་ཀྱ་ལ་ཐར་པ་རག་ཐུབ་ཀྱི་མ་ལགས། 2དེ་རེ་བསླབ་བྱ་ཧ་གོ་སྟེ་པའུ་ལུ་དང་བར་ན་བཱ་ཡིས་འོ་དེ་ཀྱ་མུ་ལ་དམི་ཅིག་གི་ལབ་བྱས་བ་ལགས། དེ་ནས་པའུ་ལུ་དང་། བར་ན་བཱ་དང་། དད་པ་བྱེད་ཀྱིན་རིང་འགའ་ལ་ཡེ་རུ་ཤ་ལེམ་དུ་འདིའི་སྐོར་ལ་སྐུ་ཚབ་ཀྱ་དང་། ཆོས་ཚོགས་ཀྱི་འགོ་ཁྲིད་ཀྱ་མུ་ལ་ལབ་བྱེད་དུ་འགྲོ་ཡས་ལ་བསྐོས་བ་ལགས། 3ཆོས་ཚོགས་ནས་བརྫངས་ཛ་མི་དེ་ཀྱ་ཕོ་ནི་ཀེ་དང་ས་མར་ཡཱ་ནས་བྱུང་རེ། ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱི་མི་ཀྱའང་དཀོན་མཆོག་ལ་དད་པ་བྱེད་མཁན་བྱུང་འོད་ད་ལགས་སྨྲས་རེ་བཤད་དེ་སོང་བ་ལགས། དེ་ལབ་གོ་སྟེ་དད་པ་བྱེད་མཁན་ཀྱ་དམི་ཅིག་གི་ཉམ་མོ་དགྱེས་བ་ལགས།
4ཁོང་ཀྱ་ཡེ་རུ་ཤ་ལེམ་དུ་སླེབས་ཏེ། ཆོས་ཚོགས་ཀྱི་མི་ཀྱ་དང་སྐུ་ཚབ་ཀྱ་དང་འགོ་ཁྲིད་ཀྱ་ཡི་ཁོང་ཀྱ་ལ་ཕེབས་བསུ་ཞུས་བ་ལགས། དེ་ནས་ཁོང་ཀྱ་ཡི་ཐོག་ནས་དཀོན་མཆོག་གིས་མཛད་ཀྱིན་གི་རི་བཤད་པ་ལགས། 5ཡིན་ནའང་ཕཱ་རུ་ཤི་པ་ཀྱ་ནང་ནས་དད་པ་བྱེད་མཁན་བྱུང་བྱ་ཀྱ་ལངས་རེ་སྨྲས་བ་ལགས། ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱིས་དད་པ་བྱེད་མཁན་ཀྱའང་ལྤགས་བོ་བཅད་དེ་རྟགས་གོ་བརྒྱབ་དགོས་ཀྱི་ལགས། དེ་ནས་མོ་ཤེའི་ཁྲིམས་ཀྱ་ལ་རྩི་དགོས་ལ་ལགས།
6སྐུ་ཚབ་ཀྱ་དང་འགོ་ཁྲིད་ཀྱ་ལབ་དེའི་སྐོར་ལ་གྲོས་བྱེད་ཡས་ལ་འཛོམས་པ་ལགས། 7དེ་ནས་ཁོང་ཀྱ་ཡིས་གྲོས་བྱས་ཚར་ཏེ་པེ་ཏྲོ་ལངས་རེ་ཁོང་ཀྱ་ལ་སྨྲས་བ་ལགས། སྤུན་ཟླ་ཀྱ་བོ། དཀོན་མཆོག་གིས་ཁྱེད་རང་ཀྱ་ནང་ནས་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་ལ་གཏམ་བཟང་ངའི་ཁ་ནས་སྨྲས་རེ། དེ་ནས་ཁོང་ཀྱ་ཡིས་མཉན་ཏེ་དད་པ་བྱེད་ཡས་ལ། ང་ལ་བདམས་པ་ལགས་སྨྲས་རེ་ཁྱེད་རང་ཀྱ་ལ་ཆ་འོད་ད་ལགས། 8དེ་ནས་འོ་རང་གི་རིའི་སེམས་ནང་གི་གི་རི་མཁྱེན་མཛད་མཁན་དཀོན་མཆོག་གིས་རང་། ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་ལ་འོ་རང་ལ་ཅོག་རེ་དམ་པའི་ཐུགས་ཉིད་གནང་སྟེ། ཁོང་ཀྱ་ལའང་བདམས་པ་ལགས་སྨྲས་རེ་དཔང་པོ་སྟོན་མཛད་པ་ལགས། 9དེ་ནས་ཁོང་ཀྱ་ཡི་དད་པ་ཡིས་བྱས་རེ་ཁོང་ཀྱ་ཡི་སྡིག་པ་གོའང་དཀོན་མཆོག་གིས་གཙང་མ་བཟོས་མཛད་པ་ལགས། ཁོང་པ་ཡིས་ཁོང་ཀྱ་དང་འོ་རང་ལ་གཅིག་ཅོག་རེ་བརྩིས་བཏང་མཛད་ད་ལགས། 10ད་འོ་རང་དང་འོ་རི་དང་པའོ་ཕ་མ་ཀྱ་ཡིས་འང་འཁུར་མ་ཐུབ་ཀྱིན་ཁུར་དེ། ཁོང་ཀྱ་ཁར་ལ་བཀལ་རེ་གི་བྱས་རེ་དཀོན་མཆོག་ལ་ཁོང་ཁྲོ་བསླངས་ང་ལེ། 11ཡིན་ནའང་ཁོང་ཀྱ་ལ་སྐྱོབ་ཀྱིན་ཅོག་རེ་འོ་རང་ཀྱའང་གཙོ་བོ་ཡེ་ཤུའི་ཐུགས་རྗེ་ནས་སྐྱོབ་ཀྱི་ལགས་སྨྲས་རེ་འོ་རང་དད་པ་བྱེད་ད་ལགས།
12འོ་དེ་གང་ལ་མི་གི་རི་ཁ་པ་བསྡད་པ་ལགས། པའུ་ལུ་དང་བར་ན་བཱ་ཡིས་ཡ་ཧུ་དཱ་པ་མིན་མཁན་མི་ཀྱ་ཡི་ཁོག་ཏུ་དཀོན་མཆོག་གིས་ཁོང་ཀྱ་ཡི་ཐོག་ནས་མཛད་ཛ། ཧང་སང་གིན་རྟགས་ཀྱ་དང་ལས་ཀ་ཀྱ་ཡི་སྐོར་ལ་བཤད་དེ་གང་ལ། གི་རི་ཡིས་ག་མོ་མ་ཞིབ་ལྟ་བྱས་རེ་མཉན་ཏེ་བསྡད་པ་ལགས། 13ཁོང་ཀྱ་ཡིས་ལབ་བཏང་ཚར་ཏེ་ཡ་ཀོབ་ཀྱིས་སྨྲས་བ་ལགས། སྤུན་ཀྱ་བོ། ངའི་ལབ་ཉན་ཨ། 14དཀོན་མཆོག་གིས་སྙིང་རྗེ་མཛད་དེ་ཡ་ཧུ་དཱ་པ་མིན་མཁན་མི་ཀྱ་ཡི་སེམས་ལ་ལས་ཀ་ཨེན་ལ་མཛད་དེ། ཁོང་ཀྱ་ནས་རིང་འགའ་ལ་ཁོ་རི་མི་བསྐོས་གནང་བ་ལགས། དེ་ལབ་སི་མོ་ཡོན་པེ་ཏྲོ་ཡིས་ཁྱེད་རང་ཀྱ་ལ་ད་ལྟ་ཀ་གསུངས་གནང་སོང་། 15མངོན་ཤེས་མཁན་ཀྱ་ཡིས་དེ་རེ་རང་བྲིས་འོད་ད་ལགས།
16འོ་དེ་གཤམ་ནས་ང་ལོག་ཡས་ཡིན།
དེ་ནས་དཱ་བིད་ཀྱིས་བརྡིབས་ཏེ་བསྡད་ད་གུར་ཁང་གོ་ལྡབ་ལེ་བསླངས་ཡས་ཡིན།
དེ་ནས་བརྡིབས་ཏ་གོ་ཡང་བཟོ་ཡས་ཡིན།
ང་འོ་དེ་ལ་ལྡབ་ལེ་བཟོ་ཡས་ཡིན།
17ངའི་མིང་ནས་བོས་པ་ཡ་ཧུ་དཱ་པ་མིན་མཁན་མི་ཀྱ།
དང་གཞན་མ་ལྷག་ལྷག་མི་ཀྱ་ཡིས་འང་ང་ལ་བཙལ་རུ་འོངས་ཡས་ལ། ང་དེ་རེ་བྱེད་ཡས་ཡིན།
གསུངས་རེ་ཡེན་མ་ནས་ཧ་ལ་རང་དེ་ལབ་ཀྱ་གསུངས་ས།
18གཙོ་བོ་དཀོན་མཆོག་གིས་གསུངས་ང་ལགས།#ཨ་མོསེ། ༩:༡༡-༡༢
19དེ་ནས་ཡ་ཀོབ་ཀྱིས་ཡང་སྨྲས་བ་ལགས། འོ་བྱས་རེ་དཀོན་མཆོག་རྩ་རུ་ལོག་མཁན་ཡ་ཧུ་དཱ་པ་མིན་གྱིན་མི་ཀྱ་ལ་འོ་རང་སྡུག་པོ་སྟེར་ཡས་མེད་ད་ལགས་སྨྲས་རེ་ངའི་བསམ་བློ་འོད། གི་ཡིན་ན་ད་འོ་རང་ཁོང་ཀྱ་ལ། 20དེ་ལབ་ཀྱ་ཡི་སྐོར་ལ་དེ་རེ་ཡི་གེ་གཅིག་འབྲི་བའུ། ལྷ་སྐུ་འདྲ་ལ་ཕུལ་པ་མེད་གཙང་ང་བྱུང་བྱ་བཟའ་མ་མ་ཟ། དེ་ནས་ལོག་གཡེམ་ནས་འཛེམ་སྟེ་སྡོད། དེ་ནས་མིག་པ་བཙིར་ཏེ་བསད་ས་དུད་འགྲོའི་ཤ་མ་ཟ། དེ་ནས་གིན་གིའང་ཁྲག་མ་འཐུངས། 21གི་བྱས་རེ་སྨྲ་ན་མོ་ཤེ་ཡིས་གནང་ན་ཆོས་ཁྲིམས་གོ་ཨེན་མ་ནས་རང་། ངལ་གསོ་གིན་ཉིན་མ་ཏེན་ཀྱ་ཚོགས་ཁང་ཀྱ་ལ་སྒྲོག་གིན་བྱས་རེ་ཁོས་བསླབ་བྱ་ཀྱ་རྒྱལ་ས་གི་རི་ལ་བཤད་འོད་ད་ལགས།
ཡ་ཧུ་དཱ་པ་མིན་མཁན་དད་པ་བྱེད་མཁན་ཀྱ་ལ་བྲིས་བྲ་ཡིག།
22འོ་དེ་གཤམ་ནས་སྐུ་ཚབ་དང་ཆོས་ཚོགས་ཀྱི་འགོ་ཁྲིད་ཀྱ་ཡིས། གཙོ་བོ་ལ་དད་པ་བྱེད་མཁན་སྤུན་ཀྱ་གི་རི་མུ་ལ་གྲོས་བྱས་རེ་མི་གཉིས་བདམས་པ་ལགས། ཁོང་ཀྱ་ཡིས་འོ་དེ་གཉིས་བོ་ལ་པའུ་ལུ་དང་བར་ན་བཱ་མུ་ལ་ཨན་ཏི་ཡོག་རྒྱལ་ས་རུ་བརྫངས་ཡས་གྲོས་བྱས་བ་ལགས། འོ་དེ་བདམས་ད་མི་གཉིས་བོ་བར་ས་བཱ་སྨྲ་མཁན་ཡུ་དཱ་དང་སིལ་བ་ནུ་ལགས། དད་པ་བྱེད་མཁན་སྤུན་ཀྱ་གི་རིའི་ཐོག་ལ་འོ་དེ་གཉིས་བོ་འགོ་ཁྲིད་འོད་ད་ལགས། 23ཁོང་བཞི་ཡིས་ལག་ཀ་ལ་དེ་རེ་ཡི་གེ་གཅིག་སྟེར་ཏེ་བརྫངས་བ་ལགས།
ཨན་ཏི་ཡོག་དང་། སི་རི་ཡཱ་དང་། ཀི་ལི་ཀི་ཡཱ་རུ་བསྡད་མཁན་ཡ་ཧུ་དཱ་པ་མིན་མཁན་དད་པ་བྱེད་མཁན་སྤུན་ཀྱ་ལ།
ཁྱེད་རང་གི་སྤུན། འེ་སྐུ་ཚབ་ཀྱ་དང་། ཆོས་ཚོགས་ཀྱི་འགོ་ཁྲིད་ཀྱ་ནས་བཀྲ་ཤི་བདེ་ལེགས།
24འེ་ཀྱ་ཁོག་ནས་སོང་ས་མི་རིང་འགའ་ཡིས་བསླབ་བྱ་ཟོག་པོ་སྟེར་ཏེ། ཁྱེད་རང་ཀྱ་ལ་སྡུག་པོ་སྟེར་པ་ལགས་སྨྲ་གིན་ལབ་འེ་ཀྱ་ཡིས་ཧ་གོ་འོད། ཡིན་ནའང་འེ་ཀྱ་ཡིས་འོ་དེ་མི་ཀྱ་ལ་བརྫངས་བ་མ་ལགས། 25འོ་བྱས་རེ་འེ་ཀྱ་ཡིས་མུ་ལ་གྲོས་བྱས་རེ་ཁྱེད་ཀྱ་རྩ་རུ་བརྫངས་ཡས་ལ་འི་ཀི་ཁོག་ནས་རང་། སྤུན་རིང་འགའ་བདམས་ཏེ་འི་ཀི་རོགས་བ་དྲིན་ཅན་པའུ་ལུ་དང་བར་ན་བཱ་མུ་ལ་བརྫངས་ཡས་ཐག་བཅད་པའི། 26ཁོང་གཉིས་བོ་ཡིས་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ལས་ཀ་ཡི་ཕྱིར་ལ། རང་གི་མི་ཚེ་གོའང་ཉེན་ཁ་ལ་བཏང་བ་ལགས། 27ཁོང་ཀྱ་མུ་ལ་འེ་ཀྱ་ཡིས་ཡུ་དཱ་དང་སིལ་བ་ནུ་ལའང་བརྫངས་འོད། འེ་ཀྱ་ཡིས་བྲིས་བྲ་ལབ་ཁོང་ཀྱ་ཡིས་འང་ཁྱེད་རང་ཀྱ་ལ་བཤད་ཀྱི་ལགས། 28ད་རྩི་དགོས་ཀྱིན་ལབ་གནད་ཆ་གོ་ཀྱ་མ་ན་ཁྱེད་རང་ཀྱ་ལ་གཞན་མ་ཁྲིམས་ཀྱ་ཡི་ཁུར་འཁུར་དུ་མི་བཅུག་ཡས་སྨྲས་རེ། དམ་པའི་ཐུགས་ཉིད་དང་འེ་ཀྱ་ཡིས་བདེན་པ་བསམས་བྱུང་། 29ལྷ་སྐུ་འདྲ་ལ་མཆོད་པ་ཕུལ་པ་བཟའ་མ་མ་ཟ། དེ་ནས་གིན་གིའང་ཁྲག་མ་འཐུངས། དེ་ནས་མིག་པ་བཙིར་ཏེ་བསད་ས་དུད་འགྲོའི་ཤ་མ་ཟ། དེ་ནས་ལོག་གཡེམ་ནས་འཛེམ་སྟེ་སྡོད། དེ་ལབ་ཀྱ་བརྩིས་ན་ཁྱེད་རང་ཀྱ་ལ་དགའ་འབྱུང་གི་ལགས། ཁྱེད་རང་ཀྱ་གི་རི་ལ་དགའ་འོང་བར་ཤོག
30འོ་དེ་གཤམ་ནས་འོ་དེ་སྤུན་བཞི་ཡིས་ཡིག་དེ་ཁྱེར་ཏེ་ཨན་ཏི་ཡོག་རྒྱལ་ས་རུ་སོང་བ་ལགས། འོ་དུ་རུ་ཁོང་ཀྱ་ཡིས་དད་པ་བྱེད་མཁན་ཆོས་ཚོགས་ཀྱི་མི་གི་རི་ལ་སྐད་བཏང་རེ་འོ་དེ་ཡིག་སྟེར་པ་ལགས། 31འོ་དེ་སེམས་ཤུགས་སྤར་གྱིན་ཡིག་སྒྲོག་སྟེ་སྨྲིས་གང་ལ་མི་གི་རི་ཉམ་མོ་དགྱེས་བ་ལགས། 32ཡུ་དཱ་དང་སིལ་བ་ནུ་ཁོ་རང་དཀོན་མཆོག་གི་ཕྱོགས་ནས་ལབ་བཏང་མཁན་མངོན་ཤེས་མཁན་ལགས། ཁོང་ཀྱ་ཡིས་དད་པ་བྱེད་མཁན་སྤུན་ཀྱ་ལ་དམི་ཅིག་གི་སེམས་ཤུགས་གནང་ཏེ་ཁོང་ཀྱ་ཡི་དད་པ་ཤུགས་ཆེ་བཟོས་བ་ལགས། 33ཉིན་མ་མང་པོ་བསྡད་ཚར་ཏེ་ཁོང་ཀྱ་འོ་དེ་ས་ཆ་ཡི་སྤུན་ཀྱ་མུ་ལ་དགོངས་པ་ཞུས་རེ། རང་ལ་བརྫངས་མཁན་སྤུན་ཀྱ་རྩ་རུ་ཡེ་རུ་ཤ་ལེམ་ལ་ལོག་སྟེ་སོང་བ་ལགས། 34[ཡིན་ནའང་སིལ་བ་ནུ་འོ་དུ་རུ་རང་བསྡད་ཉིད་འདོད་པ་ལགས།]#༡༥:༣༤ ཨེན་མའི་གྷི་རིག་དེབ་རྙིང་པ་ལ་འདི་ ༣༤ དེ་མེད་ད་ལགས། དེ་ནས་གཤམ་ལ་དེབ་གསར་པ་ཀྱ་ལ་འདི་བྲིས་ཏེ་འོངས་བ་ལགས།
35པའུ་ལུ་དང་བར་ན་བཱ་དུས་ཚོད་ག་ཞིང་ཨན་ཏི་ཡོག་ཏུ་བསྡད་པ་ལགས། དེ་ནས་གཞན་མ་མི་མང་ང་མུ་ལ་འཆམས་ཏེ་གཙོ་བོའི་བསླབ་བྱ་སྟེར་ཏེ་གཏམ་བཟང་བཤད་པ་ལགས།
པའུ་ལུ་དང་བར་ན་བཱ་ཁ་བྲལ་བ།
36དུས་ཚོད་ག་ཞིང་གཤམ་ནས་པའུ་ལུ་ཡིས་བར་ན་བཱ་ལ་སྨྲས་བ་ལགས། ད་འོ་རང་གིས་དཀོན་མཆོག་གི་བཀའ་བཤད་ས་རྒྱལ་ས་གི་རི་ལ་ལྡབ་ལེ་འགྲོའོ། འོ་དུ་རུ་འོད་མཁན་དད་པ་བྱེད་མཁན་སྤུན་ཀྱ་ག་རེ་འདུག་བོ་སྨྲས་རེ་ལྟ་རུ་འགྲོའོ། 37བར་ན་བཱ་ཡིས་མར་ཀུ་སྨྲ་མཁན་ཡོ་ཧ་ནན་ལ་མུ་ལ་འཁྲིད་ཉིད་འདོད་པ་ལགས། 38ཡིན་ནའང་པའུ་ལུ་ཡིས་ཁོ་ལ་འཁྲིད་ཉིད་མ་འདོད་པ་ལགས། གི་བྱས་རེ་སྨྲ་ན་མར་ཀུ་ཡིས་ཨེན་མ་ལས་ཀ་མ་འགྲུབ་པ་ཁོང་ཀྱ་ལ་པམ་ཕིལ་ཡཱ་ས་ཆ་རུ་བོར་ཏེ་ལོག་སྟེ་སོང་བ་ལགས། 39འོ་དེ་ལབ་ལ་པའུ་ལུ་དང་བར་ན་བཱ་མ་མཐུན་པ་ལགས། དེ་ནས་ཁོང་ཀྱ་ཁ་བྲལ་བ་ལགས། བར་ན་བཱ་གོ་མར་ཀུ་ལ་ཁྲིད་དེ་རྒྱ་མཚོའི་ལམ་ཁ་བྱུང་རེ་ས་ཡིབ་པུ་རུས་ལ་སོང་བ་ལགས། 40པའུ་ལུ་ཡིས་རང་ལ་རོགས་བ་བྱེད་ཡས་ལ་སིལ་བ་ནུ་ལ་བདམས་པ་ལགས། འོ་དེ་གཤམ་ནས་དད་པ་བྱེད་མཁན་སྤུན་ཀྱ་ཡིས་ཁོང་ཀྱ་ལ་དཀོན་མཆོག་གི་སྙིང་རྗེའི་ཕྱག་ལ་ཕུལ་བ་ལགས། དེ་ནས་ཁོང་ཀྱ་སོང་བ་ལགས། 41སི་རི་ཡཱ་དང་ཀི་ལི་ཀི་ཡཱ་ས་ཆ་ནས་བྱུང་རེ་འགྲོའི་གང་ལ། ཁོང་ཀྱ་ཡིས་འོ་དེ་ས་ཆ་ཀྱ་ཡི་དད་པ་བྱེད་མཁན་ཆོས་ཚོགས་ཀྱ་ལ་དད་པ་ལ་ཤུགས་ཆེ་བཟོས་རེ་སོང་བ་ལགས།།

ទើបបានជ្រើសរើសហើយ៖

མཛད་པ། 15: LOY

គំនូស​ចំណាំ

ចែក​រំលែក

ចម្លង

None

ចង់ឱ្យគំនូសពណ៌ដែលបានរក្សាទុករបស់អ្នក មាននៅលើគ្រប់ឧបករណ៍ទាំងអស់មែនទេ? ចុះឈ្មោះប្រើ ឬចុះឈ្មោះចូល