མཛད་པ། 10
10
ཀོར་ནེ་ལིའུ་ཡིས་པེ་ཏྲོ་ལ་འབོད་བ།
1ཀེ་སར་ཡཱ་རུ་ཀོར་ནེ་ལིའུ་སྨྲ་མཁན་མི་གཅིག་འོད་ད་ལགས། ཁོ་ཨི་ཏྲ་ལི་པ་དམག་ཚོགས་ཀྱི་བརྒྱ་དཔོན་གཅིག་ལགས། 2ཁོ་དང་ཁོའི་ནང་མི་གི་རི་ཆོས་ལ་དགའ་མཁན་དང་། དཀོན་མཆོག་ལ་བརྩིས་རེ་འཇིགས་སྣང་བྱེད་ཀྱིན་འོད་ད་ལགས། ཁོ་མི་མང་ཀྱ་ལ་སྦྱིན་པ་བཏང་ང་ལགས། དེ་ནས་དཀོན་མཆོག་ལ་ཙོག་བའི་གསོལ་བ་བརྒྱབ་བ་ལགས།
3ཞག་མོ་གཅིག་ཉིན་མོ་ཆུ་ཚོད་གསུམ་པ་ཚོད་ལ། ཁོས་མཐོང་སྣང་ལ་དཀོན་མཆོག་གི་བང་ཆེན་གཅིག་དམི་ཅིག་གི་གསལ་ལ་མཐོང་རེ་ཁོ་ལ་དེ་རེ་སྨྲས་བ་ལགས། ཀོར་ནེ་ལིའུ།
4དེ་ནས་ཁོ་ཚོར་འཐོར་ཏེ་ཁོ་ལ་བལྟས་རེ་དྲིས་བ་ལགས། གཙོ་བོ། གི་གསུངས་བ་ཡིན་ནོ།
དེ་ནས་བང་ཆེན་གྱིས་ཁོ་ལ་གསུངས་བ་ལགས། ཁོའི་སྨོན་ལམ་དང་སྦྱིན་པ་བཏང་ད་ཀྱ་དཀོན་མཆོག་གི་དྲུང་ལ་སླེབས་འདུག 5ད་ཡོ་ཕཱ་རུ་སི་མོན་སྨྲ་གིན་པེ་ཏྲོ་ལ་འབོད་རུ་མི་རེ་རྫོངས། 6ཁོ་རྒྱ་མཚོ་འགྲམ་དུ་འོད་མཁན་ཀོ་བ་མཉེད་མཁན་སི་མོན་གྱི་ཁང་པ་རུ་བསྡད་འདུག 7དེ་ནས་བང་ཆེན་གོ་འོ་དེ་ནས་ཕེབས་ཏེ། ཁོས་ལམ་སང་ཁོ་རི་གཡོག་པོ་གཉིས་དང་། དཀོན་མཆོག་ལ་རྩི་གིན་ཁོ་ལ་ཞབས་ཕྱི་ཞུ་མཁན་དམག་མི་གཅིག་ལ་སྐད་བཏང་བ་ལགས། 8འོ་དུ་རུ་བྱུང་བྱ་གི་རི་ཁོས་ཁོང་ཀྱ་ལ་བཤད་དེ་ཁོང་ཀྱ་ལ་ཡོ་ཕཱ་རུ་བརྫངས་བ་ལགས།
9ཉིན་མ་གཤམ་མ་གོ་ཁོང་ཀྱ་འགྲུལ་བརྒྱབ་སྟེ་ཡོ་ཕཱ་བོ་ལོག་ཏུ་ཉིན་མོ་སླེབས་གུ་བྱེད་འདིག་གང་ལ། པེ་ཏྲོ་ཁང་པའི་སྟང་ལ་སྨོན་ལམ་བརྒྱབ་ཏུ་སོང་བ་ལགས། 10དེ་ནས་ཁོ་ཕོ་བ་ལྟོགས་ཏེ་གཅིག་རེ་བཟའ་ཉིད་འདོད་པ་ལགས། ཡིན་ནའང་ཟ་མ་བཟའི་འོད་དེ་གང་ལ། པེ་ཏྲོ་ཡིས་མཐོང་སྣང་གཅིག་མཐོང་བ་ལགས། 11ཁོས་ནམ་མཁའི་ཞིང་ཁམས་བས་རེ་འོ་དེ་ནས་རས་ཆེ་གཅིག་ཟུར་བཞི་ནས་བཏགས་ཏེ་འཛམ་བུ་གླིང་ཕྱོགས་ལ་བབ་ཀྱིན་མཐོང་བ་ལགས། 12འོ་དེ་རས་དུ་རྐང་པ་བཞི་འོད་མཁན་དུད་འགྲོ་ཀྱ་དང་། རི་དགས་སེམས་ཅན་ཀྱ་དང་། ལྟོ་འགྲོ་ཀྱ་དང་། གནམ་གྱི་བྱ་སྣ་གི་རི་འོད་ད་ལགས། 13དེ་ནས་སྐད་གཅིག་གིས་ཁོ་ལ་གསུངས་བ་ལགས། པེ་ཏྲོ། ལོངས། དེ་ནས་བསད་དེ་ཟོ།
14ཡིན་ནའང་པེ་ཏྲོ་ཡིས་སྨྲས་བ་ལགས། གཙོ་བོ། དེ་ང་མི་བྱེད། གི་བྱས་རེ་སྨྲ་ན་བཙོག་པ་ཡང་ན་མེད་གཙང་ང་གིན་ད་ངས་ནམ་མའང་ཟ་མ་མྱོང་།
15དེ་ནས་སྐད་ཀྱིས་ལྡབ་ལེ་གསུངས་བ་ལགས། དཀོན་མཆོག་གིས་གཙང་མ་མཛད་ཀྱིན་ཀྱ་ཁྱོད་མེད་གཙང་ང་སྨྲས་རེ་མ་སྨྲ། 16ལན་མོ་གསུམ་ཐུག་པའི་དེ་རེ་བྱུང་བ་ལགས། དེ་ནས་འོ་དེ་རས་གོ་ནམ་མཁའི་ཞིང་ཁམས་ཕྱོགས་ལ་ཁྱེར་པ་ལགས།
17འདི་མཐོང་སྣང་གི་དོན་དག་གོ་གི་ཡིན་གྲོ་སྨྲས་རེ་པེ་ཏྲོ་བསམས་ཏེ་བསྡད་དེ་གང་ལ། ཀོར་ནེ་ལིའུ་ཡིས་བརྫངས་ཛ་མི་ཀྱ་ཡིས་སི་མོན་གྱི་ནང་གོ་རྙེད་དེ་ཁང་པ་ཡི་སྒོ་རུ་ལངས་རེ་བསྡད་འོད་ད་ལགས། 18ཁོང་ཀྱ་ཡིས་སྐད་བརྒྱབ་སྟེ་དྲིས་བ་ལགས། སི་མོན་གསུངས་མཁན་པེ་ཏྲོ་གོ་དུ་རུ་བཞུགས་འོད་ད་ལེ།
19དེ་ནས་པེ་ཏྲོ་འོ་དེ་མཐོང་སྣང་གི་དོན་དག་གོ་ལ་དོ་རང་འང་མགོ་འཐོམས་ཏེ་བསྡད་དེ་གང་ལ། དམ་པའི་ཐུགས་ཉིད་ཀྱིས་གསུངས་བ་ལགས། མི་གསུམ་ཁྱོད་ལ་བཙལ་རུ་འོངས་འདུག 20ལོངས། དེ་ནས་མ་ལ་བབ་སྟེ་ཁོང་ཀྱ་མུ་ལ་དོགས་པ་གིན་ད་མི་བྱེད་ད་སོང་། གི་བྱས་རེ་སྨྲ་ན་ཁོང་ཀྱ་ལ་ངས་བརྫངས་བའི།
21པེ་ཏྲོ་མ་ལ་འོ་དེ་མི་ཀྱ་རྩ་རུ་སོང་རེ་སྨྲས་བ་ལགས། ཁྱེད་ཀྱ་ཡིས་བཙལ་མཁན་མི་གོ་ང་ཡིན། ཁྱེད་རང་ཀྱ་དུ་རུ་འོང་གིན་དོན་དག་གི་ལེ།
22ཁོང་ཀྱ་ཡིས་སྨྲས་བ་ལགས། བརྒྱ་དཔོན་ཀོར་ནེ་ལིའུ་ཡིས་འེ་ཀྱ་ལ་བརྫངས་སོང་། ཁོང་དཀོན་མཆོག་ལ་བརྩིས་མཁན་མི་བཟང་ང་གཅིག་ལགས། ཁོང་ལ་ཡ་ཧུ་དཱ་པའི་མི་ཀྱ་ཡིས་དམི་ཅིག་གི་གུས་ཞབས་བྱེད་ད་ལགས། དམ་པའི་བང་ཆེན་གཅིག་གིས་ཁྱེད་རང་གི་གསུངས་ཀྱིན་གོ་ཉན་ཡས་ལ་ཁྱེད་རང་ལ་ཁོ་རི་ནང་དུ་ཕེབས་བསུ་ཞུས་སྨྲས་རེ་གསུངས་བ་ལགས།
23པེ་ཏྲོ་ཡིས་འོ་དེ་མི་ཀྱ་ལ་ནང་དུ་བོས་རེ་འོ་དེ་མཚན་མོ་གོ་ཉལ་དུ་བཅུག་པ་ལགས། ཉེ་དྲོ་གོ་ཁོ་གྲ་སྒྲིག་བྱས་རེ་ཁོང་ཀྱ་མུ་ལ་སོང་བ་ལགས། དེ་ནས་ཡོ་ཕཱ་ནས་དད་པ་བྱེད་མཁན་རིང་འགའ་ཁོའི་མུ་ལ་སོང་བ་ལགས། 24ཉིན་མ་གཤམ་མ་གོ་ཁོང་ཀྱ་ཀེ་སར་ཡཱ་རུ་སླེབས་པ་ལགས། དེ་ནས་ཀོར་ནེ་ལིའུ་ཡིས་ཁོ་རི་སྤུན་ཟླ་ཀྱ་དང་། རོགས་བ་ཉེ་ཀྱ་ལ་བོས་རེ་ཁོང་ཀྱ་ལ་སྒུག་སྟེ་བསྡད་འོད་ད་ལགས། 25དེ་ནས་པེ་ཏྲོ་ཁོའི་ནང་དུ་འཛུལ་ལི་གང་ལ། ཀོར་ནེ་ལིའུ་ཡིས་ཁོ་ལ་མཐོང་རེ་ཕྱག་འཚལ་བ་ལགས།
26ཡིན་ནའང་པེ་ཏྲོ་ཡིས་ཁོ་ལ་བསླངས་རེ་སྨྲས་བ་ལགས། ཡར་ལ་ལོངས། ངའང་ཁྱོད་ཅོག་རེ་མི་གཅིག་ཡིན། 27དེ་ནས་ཁོའི་མུ་ལ་ལབ་བཏང་བའི་བཏང་བའི་པེ་ཏྲོ་ནང་དུ་འཛུལ་ལི་གང་ལ། མི་དམི་ཅིག་གི་མང་ང་འཛོམས་ཏེ་བསྡད་ད་མཐོང་བ་ལགས།
28པེ་ཏྲོ་ཡིས་ཁོང་ཀྱ་ལ་སྨྲས་བ་ལགས། ཡ་ཧུ་དཱ་པ་མི་གཅིག་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱི་ནང་དུ་དེ་རེ་བྱས་རེ་འཛུལ་ཡས་དང་། འབྲེལ་བ་བྱེད་ཡས་ཡ་ཧུ་དཱ་པ་ཆོས་ཁྲིམས་ལ་མི་འགྲིག་བ་ལགས་སྨྲས་རེ་ཁྱེད་ཀྱ་ལ་ཆ་འོད་ད་ལགས། ཡིན་ནའང་ངས་སུ་ལའང་མེད་གཙང་ང་ཡང་ན་བཙོག་པ་སྨྲས་རེ་བསམ་བློ་གཏང་ཡས་མེད་ད་ལགས་སྨྲས་རེ་དཀོན་མཆོག་གིས་ང་ལ་སྟོན་མཛད་སོང་། 29འོ་བྱས་རེ་ང་ལ་ལེན་དུ་བརྫངས་བའི་གང་ལ་ང་དོགས་པ་གིན་ད་མ་བྱས་བ་འོངས་བའི། ད་ང་ལ་གི་བྱས་རེ་ཁྱེད་རང་གི་སྐད་བཏང་བོ།
30ཀོར་ནེ་ལིའུ་ཡིས་ལན་སྟེར་པ་ལགས། ཉིན་མ་བཞིའི་ཨེན་ལ་དེ་དུས་ཚོད་འདི་ལ་རང་ཉིན་མོ་ཆུ་ཚོད་གསུམ་པ་ཚོད་ལ། ང་ང་རི་ནང་དུ་སྨོན་ལམ་བརྒྱབ་སྟེ་བསྡད་འོད། དེ་ནས་ཧ་ཏག་པ་ལ་འོད་བརྒྱབ་ཀྱིན་གོས་ལག་གོན་ག་མི་གཅིག་ངའི་གདོང་དུ་ལངས་རེ་བསྡད་སོང་། 31དེ་ནས་གསུངས་སོང་། ཀོར་ནེ་ལིའུ། དཀོན་མཆོག་གིས་ཁྱོའི་སྨོན་ལམ་ཀྱ་གསན་འདུག དེ་ནས་ཁྱོའི་སྦྱིན་པ་ཀྱ་ཞིབ་ལྟ་མཛད་འདུག 32འོ་བྱས་རེ་སི་མོན་པེ་ཏྲོ་ལ་ལེན་དུ་རྫོངས། ཁོ་རྒྱ་མཚོ་འགྲམ་དུ་འོད་མཁན་ཀོ་བ་མཉེད་མཁན་སི་མོན་གྱི་ནང་དུ་བསྡད་འདུག 33འོ་བྱས་རེ་ངས་ལམ་སང་ཁྱེད་རང་ལ་ཕེབས་ཞུ་རུ་བརྫངས་བའི། དེ་ནས་ཁྱེད་རང་དུ་རུ་ཕེབས་ཏེ་དགའ་ཡས་རེ་བྱུང་སོང་། ད་གཙོ་བོ་ཡིས་ཁྱེད་རང་ལ་བཀའ་གནང་ན་གི་རི་ཉན་ཡས་ལ་འེ་ཀྱ་གི་རི་དཀོན་མཆོག་གི་དྲུང་དུ་དུ་རུ་འཛོམས་འོད།
པེ་ཏྲོ་ཡི་སློབ་སྟོན།
34དེ་ནས་པེ་ཏྲོ་ཡིས་འགོ་བཙུགས་པ་ལགས། དཀོན་མཆོག་གིས་སུ་ལའང་དབྱེ་བ་མེད་མཛད་ད་ལགས་སྨྲས་རེ་ད་ངས་དངོས་གནས་ཧ་གོ་སོང་། 35མི་རིགས་ག་རེ་ཡིན་ན་དཀོན་མཆོག་ལ་འཇིགས་སྣང་བྱས་རེ་བརྩིས་མཁན་དང་། ལས་ཀ་བཟང་ང་བྱེད་མཁན་ལ་དཀོན་མཆོག་གིས་ཁས་ལེན་མཛད་ཀྱི་ལགས། 36ཡེ་ཤུ་མཱ་ཤི་ཀའི་ཐོག་ནས་དཀོན་མཆོག་མུ་ལ་ཞི་བདེ་འོད་ཀྱིན་གཏམ་བཟང་དེ། དཀོན་མཆོག་གིས་ཡིས་ར་ཨེལ་པ་ཀྱ་ལ་གནང་ན་བཀའ་དེ་ཁྱེད་རང་ཀྱ་ལ་ཆ་འོད་ད་ལགས། དེ་ནས་ཡེ་ཤུ་མཱ་ཤི་ཀ་གི་རིའི་གཙོ་བོ་ལགས། 37ཡོ་ཧ་ནན་གྱི་ཁྲུས་གསོལ་གྱི་སློབ་སྟོན་གཤམ་ནས། ག་ལིལ་ནས་འགོ་བཙུགས་ཏེ་ཡུ་དེ་ཡཱ་ཡུལ་གི་རི་ལ་བྱུང་བྱ་ལབ་གི་རི་ཁྱེད་ཀྱ་ལ་ཆ་འོད་ད་ལགས། 38དེ་ནས་ན་ཙ་རེད་ཀྱི་ཡེ་ཤུ་ལ་དཀོན་མཆོག་གི་དམ་པའི་ཐུགས་ཉིད་དང་ནུས་པ་ཡིས་བདམས་མ་མཛད་ཛ་གོ་ཁྱེད་ཀྱ་ལ་ཤེས་ཡས་འོད་ད་ལགས། དེ་ནས་དཀོན་མཆོག་ཁོང་མུ་ལ་བྱས་རེ་ཡེ་ཤུ་ཕེབས་ས་གི་རི་ལ། ལས་བཟང་དང་བདུད་ཀྱི་དབང་ཆ་ལ་བསྣེམས་ན་གི་རི་ལ་བཅོས་ག་བྱས་རེ་ཕེབས་པ་ལགས། 39ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་ས་ཆ་གི་རི་རུ་ཁོང་པ་ཡིས་མཛད་ཛ་ཕྱག་ལས་གི་རིའི་དཔང་པོ་གོ་འེ་སྐུ་ཚབ་ཀྱ་ཡིན། ཁོང་ཀྱ་ཡིས་ཁོང་པ་ལ་རྒྱང་ཤིང་དུ་བརྐྱངས་རེ་བསད་སོང་། 40ཡིན་ནའང་ཞག་མོ་གསུམ་པ་གོ་ལ། དཀོན་མཆོག་གིས་ཁོང་པ་ལ་སྐུ་གསོན་པོ་བཞེངས་ང་མཛད་དེ། ཁོང་ལ་མངོན་སུམ་དུ་སྟོན་མཛད་སོང་། 41མི་གི་རི་ཡིས་ཁོང་པ་ལ་མ་མཐོང་བ་ལགས། ཡིན་ནའང་ཁོང་གི་དཔང་པོ་བྱུང་ཡས་ལ་དཀོན་མཆོག་གིས་ཨེན་མ་ནས་བདམས་ད་འེ་ཀྱ་ཡིས་མཐོང་བ་ལགས། ཁོང་པ་བཞེངས་བ་མཛད་དེ་ཁོང་མུ་ལ་ཟ་མཁན་དང་འཐུང་མཁན་གོ་འེ་ཀྱ་ཡིན། 42དེ་ནས་མི་ཀྱ་ལ་སློབ་སྟོན་སྟེར་ཡས་དང་ཁོང་པ་རང་དཀོན་མཆོག་གིས་བདམས་ད་གསོན་པོ་དང་གཤིན་པོ་ཡི་ཁྲིམས་དཔོན་ལགས་སྨྲ་གིན་དཔང་པོ་སྟོན་སྨྲས་རེ་ཁོང་པ་ཡིས་འེ་ཀྱ་ལ་བཀའ་གནང་སོང་། 43ཁོང་པ་ལ་དད་པ་བྱེད་མཁན་ཀྱ་ལ་ཁོང་གི་མཚན་ནས་སྡིག་པ་ཀྱ་འདག་གི་ལགས་སྨྲས་རེ། མངོན་ཤེས་མཁན་གི་རི་ཡིས་ཁོང་གི་སྐོར་ལ་དཔང་པོ་སྟོན་འོད་ད་ལགས།
44པེ་ཏྲོ་ཡིས་འོ་དེ་ལབ་ཀྱ་བཏང་བའི་གང་ལ། ཁོ་ལ་མཉན་ཏེ་བསྡད་མཁན་གི་རིའི་ཁར་ལ་དམ་པའི་ཐུགས་ཉིད་བབ་པ་ལགས། 45དེ་ནས་པེ་ཏྲོ་མུ་ལ་ཡོ་ཕཱ་ནས་འོངས་བ་ཡ་ཧུ་དཱ་པ་དད་པ་བྱེད་མཁན་ཀྱ། ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱི་མི་ཀྱ་ལའང་། དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱི་གནང་སྦྱིན་གནང་གིན་གོ་མཐོང་རེ་ཧ་ལས་བ་ལགས། 46གི་བྱས་རེ་སྨྲ་ན་འོ་དེ་མི་ཀྱ་ཡིས་སྐད་གཞན་མ་གཞན་མ་བརྒྱབ་ཀྱིན་དང་། དཀོན་མཆོག་ལ་བསྟོད་སྒྲ་བཏང་གིན་གོ་ཁོང་ཀྱ་ཡིས་གོ་པ་ལགས། དེ་ནས་པེ་ཏྲོ་ཡིས་སྨྲས་བ་ལགས། 47འོ་རང་ཅོག་རེ་འདི་མི་ཀྱ་ལ་དམ་པའི་ཐུགས་ཉིད་ཐོབ་སོང་། ད་འདི་མི་ཀྱ་ལ་ཆུའི་ཁྲུས་གསོལ་ལེན་ཡས་ལ་སུས་བཀག་ཐུབ་ཀྱི་ལེ། 48དེ་ནས་པེ་ཏྲོ་ཡིས་ཁོང་ཀྱ་ལ་ཡེ་ཤུ་མཱ་ཤི་ཀའི་མཚན་ནས་ཁྲུས་གསོལ་ལེན་ཡས་ལ་བཀའ་སྟེར་པ་ལགས། དེ་ནས་ཁོང་ཀྱ་ཡིས་པེ་ཏྲོ་ལ་ཞག་མོ་ཏི་ཏེ་ཁོང་ཀྱ་མུ་ལ་བཞུགས་རོགས་མཛད་སྨྲས་རེ་ཞུས་བ་ལགས།།
ទើបបានជ្រើសរើសហើយ៖
མཛད་པ། 10: LOY
គំនូសចំណាំ
ចែករំលែក
ចម្លង

ចង់ឱ្យគំនូសពណ៌ដែលបានរក្សាទុករបស់អ្នក មាននៅលើគ្រប់ឧបករណ៍ទាំងអស់មែនទេ? ចុះឈ្មោះប្រើ ឬចុះឈ្មោះចូល
© 2023, Wycliffe Bible Translators, Inc. and Nepal Bible Society