མཛད་པ། ངོ་སྤྲོད།
ངོ་སྤྲོད།
རྩོམ་པ་པོ། གཏམ་བཟང་འབྲི་མཁན་ལུ་ཀཱ་ཁོ་རང་ཡིན་དི་མ་ཟད། ཁོང་རང་ནི་ཨེམ་ཆི་ཞིག་ཡིན་དིག ཡང་སྐུ་ཚབ་ཕོལ་ལོལ་གྱི་ལས་རོགས་ཞིག་ཟང་ཡིན་དིག
རྩོམ་པའི་དུས་དེ་ནི། སྐྱབས་མགོན་ཡེ་ཤུ་དཀོན་མཆོག་གི་ཞིང་ཁམས་ལེ་ཕེབས་གནང་པའི་རྗེས་ལེ། དུས་རབས་དང་པོའི་དཀྱིལ་ཚོད་ལེ་བྲིས་གནང་འདུག
རྩོམ་རིག་གི་རྣམ་གྲངས་ནི། སྐུ་ཚབ་ཀྱ་ཀྱིས་མཛད་པའི་ལོ་རྒྱུས་ཞིག་ཡིན་དིག
ལོ་རྒྱུས་འདི་ཀློག་མཁན་དང་པོ་ནི། སྐུ་ངོ་ཐེ་ཨོ་ཕི་ལུ་ཁོང་རང་དིང་། ཡང་ཡེ་ཤུ་ལེ་དད་པ་བགྱིད་མཁན་ཀྱ་ཡིན་དིག
ལོ་རྒྱུས་འདིའི་ནང་དོན་གཙོ་བོ་ནི། སྐྱབས་མགོན་ཡེ་ཤུ་དཀོན་མཆོག་གི་ཞིང་ཁམས་ལེ་ཕེབས་གནང་རྒྱུ་ཡིན་དི་དུས་ལེ། ཁོང་གིས་རང་གི་སློབ་མ་ཀྱ་ལེ། ཡེ་རུ་ས་གླིང་རྒྱལ་ས་དིང་། ཡ་ཧུ་དཱ་ལུང་པ་ཡེ་རེ་དིང་། ཡང་སཱ་མར་ཡཱ་ལུང་པ་ཡེ་རེ། ཡང་ས་གཞི་མཐའ་བར་དུ་ཁྱེད་ཀྱ་ངའི་དཔང་པོ་བགྱིད་མཁན་འོང་གྱི་དིག་ཟིན་གསུངས་པི་དིག བཀའ་དེ་ལེ་ཉན་མཁན་ཁོང་གི་སློབ་མ་ཀྱ་དིང་། ཡང་དེ་མ་ཟད་དད་པ་བགྱིད་མཁན་མི་ཀུན་ལེ་གཏམ་བཟང་འདི་ཤོད་རྒྱུ་ཆེད་དུ་བྲིས་པི་དིག ཡི་སི་ར་ཨེལ་གྱི་རྒྱལ་ས་ཡེ་རུ་ས་གླིང་ནས་བྱས་ཏེ། ས་དབུས་རྒྱ་མཚོའི་ཉེ་འགྲམ་ལེ་ཆགས་པའི་རྒྱལ་ཁབ་ནང་ལེ་ཆོས་ཚོགས་བཙུགས་པི་དིག ཆོས་ཤོད་མཁན་ལུ་ཀཱ་ཁོང་རང་ནི་གནས་ཚུལ་ཅི་བྱུང་བའི་དེའི་སྐོར་ལེ་མཐོང་མཁན་ཞིག་ཡིན་ཕེན། སྤྱི་ལོའི་དུས་རབས་དང་པོའི་ཆོས་ཚོགས་ཀྱི་ལོ་རྒྱུས་འདི་བྲིས་ཏེ། སྐུ་ངོ་ཐེ་ཨོ་ཕི་ལུ་ཟེར་མཁན་ཁོང་ལེ་བཏང་པི་དིག
اکنون انتخاب شده:
མཛད་པ། ངོ་སྤྲོད།: DLPO
هایلایت
کپی
مقایسه
به اشتراک گذاشتن
می خواهید نکات برجسته خود را در همه دستگاه های خود ذخیره کنید؟ برای ورودثبت نام کنید یا اگر ثبت نام کرده اید وارد شوید
© 2023 Wycliffe Bible Translators, Inc. All rights reserved.