མར་ཀུ། 13

13
མཆོད་ཁང་མེད་ད་ལ་བཏང་གིན་སྐོར་ལ་མངོན་ཤེས།
(མད་ཐཱ། ༢༤:༡-༢༤; ལུ་ཀ། ༢༡:༥-༡༩)
1དེ་ནས་མཆོད་ཁང་ནང་ནས་ཡེ་ཤུ་ཕི་ལ་ཕེབས་བའི་གང་ལ་ཁོང་པ་ཡིས་ཉེ་གནས་གཅིག་གི་སྨྲས་བ་ལགས། སློབ་དཔོན་ལགས། གཟིགས་རོགས་གནང་། དུ་རུ་གིན་གྱི་ཆེ་རྡོ་གོང་ཀྱ་དང་ཁང་པ་མཛེས་བ་ཀྱ་འདུག
2ཡེ་ཤུ་ཡིས་གསུངས་བ་ལགས། ཁྱེད་ཀྱ་འདི་ཁང་པ་ཁག་ཆེ་ཀྱ་མཐོང་བའི། ཡིན་ནའང་དུ་རུ་རྡོ་གོང་གཅིག་གི་ཁར་ལ་གཞན་མ་གཅིག་འང་ལྷག་གི་མ་ལགས། རྡོ་གོང་གི་རི་སློག་སྟེ་གཡུག་གི་ལགས།
3ཡེ་ཤུ་མཆོད་ཁང་གི་གདོང་ལ་འོད་ཀྱིན་སྐྱུར་རུ་ཤིང་གི་རི་ལ་བཞུགས་འོད་ད་ལགས། དེ་ནས་པེ་ཏྲོ། ཡ་ཀོབ་དང་། ཡོ་ཧ་ནན་གྱི་ཁོང་པ་ལ་ཟུར་ལ་ཁ་པ་ཞུས་བ་ལགས། 4འེ་ཀྱ་ལ་གསུངས་རོགས་གནང་། དེ་གི་རི་ནམ་འབྱུང་གི་ལེ། དེ་ནས་ཁོང་པ་ཡིས་གསུངས་ཀྱིན་འདི་འགྲུབ་ཀྱི་ལགས་སྨྲས་རེ་འེ་ཀྱ་ལ་རྟགས་གོ་གི་འབྱུང་གི་ལེ།
5ཡེ་ཤུ་ཡིས་གསུངས་བ་ལགས། སྤྱང་ཛེ་བྱེད། མི་སུས་ཁྱེད་ཀྱ་ལ་མགོ་མ་སྐོར་ར་ཤོག 6གི་བྱས་རེ་སྨྲ་ན་ངའི་མིང་ནས་ང་མཱ་ཤི་ཀ་ཡིན་སྨྲས་རེ་དམི་ཅིག་གི་མང་ང་འོངས་ཀྱི་ལགས། དེ་ནས་ཁོང་ཀྱ་ཡིས་མི་དམི་ཅིག་གི་མང་ང་ལ་མགོ་བསྐོར་གྱི་ལགས། 7དེ་ནས་དམག་འཁྲུག་དང་དམག་གི་ལབ་ཀྱ་ཁྱེད་ཀྱ་ཡིས་གོ་གི་ལགས། ཡིན་ནའང་མ་འཇིགས། འདི་ལབ་ཀྱ་འབྱུང་དགོས་ཀྱི་ལགས། ཡིན་ནའང་འོ་དེ་མཐའ་འི་དུས་ཚོད་འགོ་མ་ལགས། 8གི་བྱས་རེ་སྨྲ་ན་མི་རིགས་མི་རིགས་ཀྱི་ནང་དུ། དེ་ནས་རྒྱལ་ཁབ་རྒྱལ་ཁྱབ་ཀྱི་ནང་དུ་དམག་འཁྲུག་གི་ལགས། ས་ཆ་དམི་ཅིག་གི་མང་ང་ལ་ས་ཡོམ་འོངས་ཀྱི་ལགས། དེ་ནས་མུ་གེ་ལ་ཤོར་གྱི་ལགས། འདི་ཀྱ་ནི་སྐྱེས་ཟུག་གི་འགོ་མ་གོ་ཅོག་རེ་ལགས།
9ཁྱེད་ཀྱ་སྤྱང་ཛེ་བྱས་རེ་སྡོད། གི་བྱས་རེ་སྨྲ་ན་མི་ཀྱ་ཡིས་ཁྱེད་ཀྱ་ལ་ཟིམ་ཏེ་ཁྲིམས་ཁང་ཀྱ་ལ་འཁྲིད་ཀྱི་ལགས། དེ་ནས་ཚོགས་ཁང་ཀྱ་ལ་འཁྲིད་དེ་བརྡུང་གི་ལགས། དེ་ནས་ངའི་ཕྱིར་ལ་ཁོང་ཀྱ་ལ་དཔང་པོ་སྟོན་ཡས་ལ་ཁྱེད་ཀྱ་དཔོན་པོ་ཀྱ་དང་རྒྱལ་བོ་ཀྱ་གདོང་དུ་ལངས་དགོས་ཀྱི་ལགས། 10དེ་ནས་མཐའ་འི་དུས་ཚོད་འོངས་ཡས་ཨེན་ལ་གཏམ་བཟང་འདི་མི་རིགས་གི་རི་ལ་བཤད་དགོས་ཀྱི་ལགས། 11མི་ཀྱ་ཡིས་ཁྱེད་ཀྱ་ལ་ཟིམ་ཏེ་ཁྲིམས་བཅད་ས་རུ་འཁྲིད་དེ་ཁྲིམས་ཞུ་ན། འོ་དེ་གང་ལ་གི་སྨྲ་ཡས་སྨྲས་རེ་ཨེན་དུ་རུ་སྡུག་ང་མ་བྱེད། ཡིན་ནའང་འོ་དེ་དུས་ཚོད་ལ་གི་སྨྲ་ཡས་ལ་བལྟས་རེ། འོ་དེ་སྨྲོས། གི་བྱས་རེ་སྨྲ་ན་འོ་དེ་སྨྲ་གིན་གོ་ཁྱོད་མ་ལགས། ཡིན་ནའང་དམ་པའི་ཐུགས་ཉིད་ལགས།
12འོ་དེ་གང་ལ་ཨ་ཇོ་ཡིས་ནུ་བོ་ལ་བསད་དུ་བཅུག་གི་ལགས། དེ་ནས་ཨ་རྒས་ཀྱིས་ཁོ་རི་བི་ཛ་ལ་བསད་དུ་བཅུག་གི་ལགས། དེ་ནས་ཕྲུ་བ་ཀྱ་རང་ཕ་མ་ཡི་དགྲ་ལ་ལངས་ཀྱི་ལགས། དེ་ནས་ཕ་མ་ལ་ཤི་རུ་བཅུག་གི་ལགས། 13དེ་ནས་ངའི་མིང་གི་ཕྱིར་ལ་ཁྱེད་ཀྱ་ལ་མི་གི་རི་ཡིས་འཐད་ད་མི་བྱེད་ཀྱི་ལགས། ཡིན་ནའང་མཐའ་ཡི་དུས་ཚོད་ཐུག་པའི་བཟོད་པ་བྱས་རེ་བསྡད་མཁན་ཀྱ་སྐྱོབ་ཀྱི་ལགས།
སྡུག་བསྔལ་ཆེ་འོང་གིན་དུས་ཚོད།
(མད་ཐཱ། ༢༤:༡༥-༢༨; ལུ་ཀ། ༢༡:༢༠-༢༤)
14འོང་ཡས་རང་མེད་ཀྱིན་ས་ཆ་ལ་ཁྱེད་ཀྱ་ཡིས་དམི་ཅིག་གི་ཨམ་ལོག་བ་སྐྱོན་བཏང་གིན་མེད་གཙང་ང་གཅིག་ལངས་རེ་བསྡད་ད་མཐོང་གི་ལགས། (འདི་དོན་སྒྲོག་མཁན་ཀྱ་ཡིས་ཧ་གོ་ར་ཤོག) འོ་དེ་གང་ལ་ཡུ་དེ་ཡཱ་ལ་འོད་མཁན་ཀྱ་རི་ཀྱ་ཕྱོགས་ལ་འབྲོས་རེ་འགྲོ་བར་ཤོག 15ཁང་པ་ཡི་ཐོག་ལ་འོད་མཁན་ཀྱ་མ་ལ་མ་བབ་བར་ཤོག དེ་ནས་ནང་དུ་འཛུལ་རེ་ཅ་ལག་ཀྱ་བཏོན་དུ་མ་འགྲོ་བར་ཤོག 16ཞིང་ལ་འོད་མཁན་ཀྱ་རང་གི་གོས་ལེན་དུ་ལོག་སྟེ་མ་འགྲོ་བར་ཤོག 17ཡིན་ནའང་འོ་དེ་གང་ལ་ཕོ་བ་ལ་ཕྲུ་འོད་མཁན་དང་འོ་མ་སྟེར་མཁན་སྐྱེས་དམན་ཀྱ་ལ་མྱངས་བ་ལི། 18དེ་ལབ་ཀྱ་དགུན་ཁ་མ་འབྱུང་བར་ཤོག་སྨྲས་རེ་སྨོན་ལམ་རྒྱོབ། 19གི་བྱས་རེ་སྨྲ་ན་འོ་དེ་གང་ལ་དཀོན་མཆོག་གིས་བཀོད་པ་ཡི་འགོ་མ་ནས་ད་ལྟ་ཐུག་པའི་འོང་མ་མྱོང་གིན་སྡུག་པོ་ཆེ་འོང་གི་ལགས། དེ་ནས་དེ་རེ་སྡུག་པོ་ཡང་ནམ་མའང་འོང་གི་མ་ལགས། 20དེ་ནས་དཀོན་མཆོག་གིས་འོ་དེ་ཉིན་མ་ཡི་གྲངས་ཀ་ཉུང་དུ་མ་བཏང་འོད་ན། མི་གཅིག་འང་གསོན་པོ་ལུས་ཀྱི་མ་ལགས། ཡིན་ནའང་ཁོང་པ་ཡིས་བདམས་ད་མི་ཀྱ་ཡི་ཕྱིར་ལ་འོ་དེ་ཉིན་མ་ཡི་གྲངས་ཀ་ཉུང་དུ་བཏང་ང་མཛད་འོད་ད་ལགས།
21དེ་ནས་མི་རིང་འགའ་ཡིས་ཁྱེད་ཀྱ་ལ། ལྟོས། དུ་རུ་མཱ་ཤི་ཀ་འདུག ཡང་མིན་ན། ལྟོས། ཁོང་པ་འོ་རུ་འདུག་སྨྲས་རེ་སྨྲ་ན། ཁྱེད་ཀྱ་དད་པ་མ་བྱེད། 22མཱ་ཤི་ཀ་ཟོག་པོ་ཀྱ་དང་མངོན་ཤེས་མཁན་ཟོག་པོ་ཀྱ་འཐོན་གྱི་ལགས། དེ་ནས་ཧང་སང་གིན་རྟགས་དང་ལས་ཀ་ཀྱ་སྟོན་ཏེ་གི་ཐུབ་ཐུབ་དཀོན་མཆོག་གིས་བདམས་ད་ཀྱ་ལ་མགོ་སྐོར་གྱི་ལགས། 23ཡིན་ནའང་ཁྱེད་ཀྱ་སྤྱང་ཛེ་བྱེད། ངས་ཁྱེད་ཀྱ་ལ་ལབ་གི་རི་ཨེན་དུ་རུ་སྨྲས་རེ་བཞག་འོད།
24ཡིན་ནའང་འོ་དེ་སྡུག་པོ་ཆེའི་དུས་ཚོད་གཤམ་ནས་ཉི་མ་མི་ནག་འབྱུང་གི་ལགས། དེ་ནས་ཟླ་བ་ཡི་འོད་མེད་ཀྱིན་འབྱུང་གི་ལགས། 25དེ་ནས་གནམ་ནས་སྐར་མ་ཀྱ་ལྷིམ་གྱི་ལགས། དེ་ནས་གནམ་གྱི་ཤུགས་ཀྱ་འཁྲུག་གི་ལགས། 26དེ་ནས་མིའི་བུ་སྲིང་གི་ཁོག་ལ་དམི་ཅིག་ཆེ་དབང་དང་གཟི་བརྗིད་ལ་ཕེབས་ཀྱིན་གོ་མཐོང་གི་ལགས། 27དེ་ནས་ཁོང་པ་ཡིས་ཁོ་རི་བང་ཆེན་ཀྱ་བརྫངས་ཀྱི་ལགས། དེ་ནས་འཛམ་བུ་གླིང་གི་མཐའ་མ་ནས་གནམ་གྱི་མཐའ་མ་ཐུག་པའི་ཕྱོགས་བཞི་ནས་རང་གི་བདམས་ད་མི་ཀྱ་ལ་བསྡུ་ཀྱི་ལགས།
སེ་ཡབ་ཀྱི་རྡོང་པོ་ནས་བསླབ་བྱ།
(མད་ཐཱ། ༢༤:༣༢-༣༥; ལུ་ཀ། ༢༡:༢༩-༣༣)
28ཡེ་ཤུ་ཡིས་ཡང་གསུངས་བ་ལགས། སེ་ཡབ་ཀྱི་རྡོང་པོ་ནས་བསླབ་བྱ་ལེན། དེའི་ཡལ་ག་ཀྱ་མཉེན་པོ་བྱུང་རེ་ལོ་མ་ཀྱ་འཐོན་ལུང་མེད་ད་ལ། ད་དབྱར་ཁ་ཤར་ཡས་བྱེད་འདིག་སྨྲས་རེ་ཁྱེད་ཀྱ་ཡིས་ཧ་གོ་ར་ལགས། 29འོ་བྱས་རེ་རང་ངས་སྨྲ་གིན་ལབ་དེ་ཀྱ་འབྱུང་བའི་གང་ལ། ང་འོང་གིན་དུས་ཚོད་སླེབ་སོང་། སྒོ་རྩ་རུ་སླེབས་སོང་སྨྲས་རེ་ཧ་གོ་ར་བྱེད། 30དངོས་གནས་རང་ང་ཁྱེད་ཀྱ་ལ་སྨྲ་ཡིན། དེ་གི་རི་མ་འགྲུབ་ཀྱིན་ཐུག་པའི། དེ་མི་རབས་དེ་རྫོགས་ཀྱི་མ་ལགས། 31ནམ་མཁའི་ཞིང་ཁམས་དང་འཛམ་བུ་གླིང་ཡལ་རེ་འགྲོ་གི་ལགས། ཡིན་ནའང་ངའི་བཀའ་ནམ་མའང་ཡལ་གྱི་མ་ལགས།
སྤྱང་ཛེ་བྱས་རེ་བསྡད་དགོས་ཀྱིན།
(མད་ཐཱ། ༢༤:༣༦-༤༤; ལུ་ཀ། ༡༢:༣༨-༤༠)
32ཡིན་ནའང་འོ་དེ་ཉིན་མ་དང་དུས་ཚོད་ཀྱི་སྐོར་ལ་སུ་ལའང་ཆ་མེད་ད་ལགས། ཡབ་ལ་མ་ན་ནམ་མཁའི་ཞིང་ཁམས་དུ་འོད་མཁན་དཀོན་མཆོག་གི་བང་ཆེན་ཀྱ་དང་དཀོན་མཆོག་གི་སྲས་ལའང་ཆ་མེད་ད་ལགས། 33འོ་དེ་དུས་ཚོད་ནམ་འོང་གི་ལགས་སྨྲས་རེ་ཁྱེད་ཀྱ་ལ་ཆ་མེད་ཀྱིན་བྱས་རེ་སྤྱང་ཛེ་བྱས་རེ་གཉིད་མ་ལོག་བར་སྡོད། 34འདི་ནི་མི་གཅིག་ཁོ་རི་ནང་གཡོག་པོ་ཀྱ་ལ་རྩི་བརྒྱབ་སྟེ། ཁོ་རང་གྲུ་བརྒྱབ་ཏུ་འགྲོ་གིན་ཅོག་རེ་ལགས། བདག་པོ་ཡིས་ཁོ་རི་གཡོག་པོ་ཀྱ་ལ་མི་རེ་མི་རེ་ལས་ཀ་སྐུལ་རེ་དེ་ནས་སྒོ་སྲེ་གོ་ལ་གཉིད་མ་ལོག་བར་སྡོད་སྨྲ་གི་ལགས། 35འོ་བྱས་རེ་གཉིད་མ་ལོག་བར་སྡོད། གི་བྱས་རེ་སྨྲ་ན་ནང་གི་བདག་པོ་དགོང་མོ་མཚན་གྱི་ཏིག་ཏིག། ཡང་མིན་ན་བྱ་སྐད་བརྒྱབ་བའི་གང་ལ། ཡང་མིན་ན་སྔ་རོག་འོང་ཡས་ཡིན་གྱིན་སྨྲས་རེ་ནམ་ལོག་གིན་གོ་ཁྱོད་ལ་ཆ་མེད་ཡོང་ང་ལགས། 36དེ་ནས་ཧ་ཏག་པ་ལ་འོང་བའི་གང་ལ། ཁོས་ཁྱེད་ཀྱ་གཉིད་ལོག་སྟེ་བསྡད་ཀྱིན་མ་ཐུག་བར་ཤོག 37ཁྱེད་ཀྱ་ལ་སྨྲ་གིན་ཅོག་རེ་ང་མི་གི་རི་ལ་སྨྲ་ཡིན། གཉིད་མ་ལོག་བར་སྡོད།།

اکنون انتخاب شده:

མར་ཀུ། 13: LOY

های‌لایت

کپی

مقایسه

به اشتراک گذاشتن

None

می خواهید نکات برجسته خود را در همه دستگاه های خود ذخیره کنید؟ برای ورودثبت نام کنید یا اگر ثبت نام کرده اید وارد شوید

ویدیوهایی برای མར་ཀུ། 13