མར་ཀུ། 12
12
རྒུན་འབྲུམ་གྱི་ལྡུམ་རྭའི་དཔེ།
(མད་ཐཱ། ༢༡:༣༣-༤༦; ལུ་ཀ། ༢༠:༩-༡༩)
1ཡེ་ཤུ་ཡིས་ཁོང་ཀྱ་ལ་དཔེ་ཡི་ཐོག་ནས་གསུངས་བ་ལགས། མི་གཅིག་གིས་ལྡུམ་རྭ་ནང་དུ་རྒུན་འབྲུམ་བཏབ་སྟེ་འོ་དེ་ཡི་མཐའ་སྐོར་ལ་རྩེག་པ་བརྩིགས་པ་ལགས། དེ་ནས་རྒུན་འབྲུམ་བཙིར་ཡས་ལ་ས་དོང་བྲུས་བ་ལགས། དེ་ནས་ལྕོག་མཁར་གཅིག་བཟོས་རེ་ཞིང་པ་ཀྱ་ལ་འོ་དེ་ལྡུམ་རྭ་གོ་བོག་མ་ལ་སྟེར་པ་ལགས། དེ་ནས་ཁོ་ཡུལ་གཞན་མ་གཅིག་ལ་སོང་བ་ལགས། 2དེ་ནས་རྒུན་འབྲུམ་འཚོད་ཀྱིན་དུས་ཚོད་སླེབས་ཏེ་ཁོས་ཁོ་རི་གཡོག་པོ་གཅིག་འོ་དེ་ཞིང་པ་ཀྱ་རྩ་རུ་ཁོ་རི་ཐོབ་ཐང་གོ་ལེན་དུ་བརྫངས་བ་ལགས། 3ཡིན་ནའང་འོ་དེ་ཞིང་པ་ཀྱ་ཡིས་ཁོ་ལ་ཁྲིད་དེ་བརྡུངས་བ་ལགས། དེ་ནས་ལག་པ་སྟོང་པ་ལོག་སྟེ་བརྫངས་བ་ལགས། 4དེ་ནས་ཡང་ད་ཁོས་གཡོག་པོ་གཞན་མ་གཅིག་བརྫངས་བ་ལགས། ཡིན་ནའང་ཁོང་ཀྱ་ཡིས་འོ་དེའི་མགོ་བ་ལ་བཞུས་ཏེ་རྨ་བཟོས་རེ་དམི་ཅིག་གི་སྨད་སྤྲ་པབ་པ་ལགས།
5དེ་ནས་ཡང་ཁོས་གཞན་མ་གཡོག་པོ་གཅིག་བརྫངས་བ་ལགས། འོ་དེ་གོ་ལ་ཁོང་ཀྱ་ཡིས་བསད་པ་ལགས། འདུག་བྱས་རེ་གཞན་མ་དམི་ཅིག་གི་མང་ང་ལ་ཁོང་ཀྱ་ཡིས་བརྡུངས་བ་ལགས། དེ་ནས་རིང་འགའ་ལ་བསད་པ་ལགས།
6ད་ཁོ་ལ་བི་ཛ་དྲིན་ཅན་གཅིག་འོད་ད་ལགས། དེ་ནས་ཁོང་ཀྱ་ཡིས་ངའི་བི་ཛ་ལ་གུས་ཞབས་བྱེད་ཀྱི་ལགས་བསམས་ཏེ་ཁོས་བི་ཛ་གོ་བརྫངས་བ་ལགས།
7ཡིན་ནའང་འོ་དེ་ཞིང་པ་ཀྱ་ཡིས་གཅིག་གིས་གཅིག་ལ་སྨྲས་བ་ལགས། འདི་ནི་བདག་པོའི་བི་ཛ་གྲོང་པ་དབང་མཁན་གོ་ལགས། ཤོག འདི་ལ་བསད་དོ། དེ་ནས་རྒྱུ་ནོར་གི་རི་འོ་རི་འབྱུང་གི་ལགས། 8དེ་ནས་ཁོང་ཀྱ་ཡིས་ཁོ་ལ་ཁྲིད་དེ་བསད་པ་ལགས། དེ་ནས་ཁོ་ལ་ལྡུམ་རྭ་ནས་ཕི་ལ་གཡུགས་སྟེ་བརྫངས་བ་ལགས།
9ད་ལྡུམ་རྭའི་བདག་པོ་ཡིས་གི་བྱེད་འདིག་འོད་གྲོ། ཁོ་འོངས་རེ་འོ་དེ་ཞིང་པ་ཀྱ་ལ་བསད་ཀྱི་ལགས། དེ་ནས་ལྡུམ་རྭ་གོ་མི་གཞན་མ་ཀྱ་ལ་སྟེར་གྱི་ལགས། 10དམ་པའི་གསུང་རབ་ལ་བྲིས་བྲ་དེ་ཁྱེད་ཀྱ་ཡིས་མ་སྒྲོག་འོད་དེ།
ཁང་པ་ཟོ་མཁན་ཀྱ་ཡིས་ཕན་མེད་ཐོགས་ཀྱིན་སྨྲས་རེ་གཡུགས་ཀྱིན་རྡོ་གོང་གོ་རང་ཟུར་རྡོ་གོ་#༡༢:༡༠ རྡོ་གོང་ཁག་ཆེ།བྱུང་འདུག
11དེ་ལས་ཀ་འདི་གཙོ་བོ་དཀོན་མཆོག་གིས་མཛད་པ་ལགས
དེ་ནས་དེ་འོངས་རེ་ལྟ་སྟངས་ལ་དམི་ཅིག་གི་ཧང་སང་གིན་འདུག#གསུང་མགུར། ༡༡༨:༢༢-༢༣
12འདི་ལབ་དེ་ཁོ་རང་ཀྱ་ཡི་ཕྱིར་ལ་གསུངས་བ་ལགས་སྨྲས་རེ་གོ་སྟེ་ཡ་ཧུ་དཱ་པ་འགོ་ཁྲིད་ཀྱ་ཡིས་ཡེ་ཤུ་ལ་ཟིམ་ཡས་ལ་རྩད་གཅོད་བྱས་བ་ལགས། ཡིན་ནའང་ཁོང་ཀྱ་མི་མང་ཀྱ་མུ་ལ་འཇིགས་པ་ལགས། འོ་བྱས་རེ་ཁོང་ཀྱ་ཡེ་ཤུ་ལ་བོར་ཏེ་སོང་བ་ལགས།
ཁྲལ་ཇང་གིན་གྱི་སྐོར་ལ་དྲི་བ།
(མད་ཐཱ། ༢༢:༡༥-༢༢; ལུ་ཀ། ༢༠:༢༠-༢༦)
13འོ་དེ་གཤམ་ནས་ཡ་ཧུ་དཱ་པ་འགོ་ཁྲིད་ཀྱ་ཡིས་ཕཱ་རུ་ཤི་པ་རིང་འགའ་དང་ཧེ་རོ་དཱེ་རྒྱལ་བོ་ཡི་མི་རིང་འགའ་ལ་ཡེ་ཤུ་ལ་ལབ་ལབ་ལ་མགོ་སྐོར་དུ་བཅུག་ཡས་ལ་བརྫངས་བ་ལགས།
14ཁོང་ཀྱ་འོངས་རེ་ཡེ་ཤུ་ལ་དྲིས་བ་ལགས། སློབ་དཔོན་ལགས། ཁྱེད་རང་བདེན་པ་ཡིན་གྱིན་གོ་འེ་ཀྱ་ལ་ཆ་འོད། དེ་ནས་ཁྱེད་རང་མི་གཞན་མ་ཀྱ་ཡི་ལབ་ལ་ཡ་མི་བྱེད་ད་ལགས། ཁྱེད་རང་མིའི་ངོ་གདོང་ལ་གཟིགས་ཏེ་མིན་ད། ཡིན་ནའང་དཀོན་མཆོག་གི་ལམ་ཁ་འདི་བདེན་པ་བྱས་རེ་མི་ལ་སྟོན་ད་ལགས། ད་ཀེ་སར་ལ་ཁྲལ་ཇང་ཡས་ལས་ཀ་དེ་བཀའ་ཁྲིམས་ལ་མཐུན་ད་ལེ། ཡང་ན་མི་མཐུན་ད་ལེ། འེ་ཀྱ་ཁྲལ་ཇང་ཡས་ཡང་ན་མེད་ཇང་ཡས།
15ཡིན་ནའང་ཡེ་ཤུ་ཡིས་ཁོང་ཀྱ་ཡིས་ཟོག་བྱས་ཀྱིན་གོ་ཧ་གོ་སྟེ་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་གི་བྱས་རེ་ང་ལ་ཚོད་ལེན་ད། ང་ལ་ཊམ་ཀ་གཅིག་འཁྱེར་ཏེ་ཤོག དེ་ནས་ངས་ལྟ་བོ།
16ཁོང་ཀྱ་ཡིས་ཡེ་ཤུ་ལ་ཊམ་ཀ་གཅིག་སྟེར་པ་ལགས། དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་དྲིས་བ་ལགས། འདི་ཊམ་ཀ་ལ་སུའི་རི་མོ་དང་ཡི་གེ་འདུག་བོ།
ཁོང་ཀྱ་ཡིས་སྨྲས་བ་ལགས། ཀེ་སར་གྱི་འདུག
17དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཀེ་སར་གྱི་ཡིན་གྱིན་གོ་ཀེ་སར་ལ་སྟེར། དེ་ནས་དཀོན་མཆོག་གི་ཡིན་གྱིན་གོ་དཀོན་མཆོག་ལ་འབུལ། དེ་ནས་འདི་ལན་གོ་སྟེ་ཁོང་ཀྱ་དམི་ཅིག་གི་ཧ་ལས་བ་ལགས།
འཆི་བ་ནས་ཡང་གསོན་པོ་ལངས་ཀྱིན་གྱི་སྐོར་ལ་དྲི་བ།
(མད་ཐཱ། ༢༢:༢༣-༣༣; ལུ་ཀ། ༢༠:༢༧-༤༠)
18འོ་དེ་གཤམ་ནས་སཱ་དུ་ཀི་པ་རིང་འགའ་ཡེ་ཤུ་རྩ་རུ་འོངས་བ་ལགས། ཁོང་ཀྱ་འཆི་བ་ནས་གསོན་པོ་ལངས་ཀྱིན་ལབ་ལ་དད་པ་མི་བྱེད་ད་ལགས། ཁོང་ཀྱ་ཡིས་ཡི་ཤུ་ལ་དྲི་བ་གཅིག་ཞུས་བ་ལགས། 19སློབ་དཔོན་ལགས། མོ་ཤེས་འེ་ཀྱ་ལ་དེ་རེ་བྲིས་འདུག མི་གཅིག་ཁོ་རི་སྐྱེས་དམན་ལ་ཕྲུ་བ་མ་བྱུང་བ་ཤི་ན། འོ་འདིའི་ནུ་བོ་ཡིས་ཁོའི་སྐྱེས་དམན་ཡུག་ཟ་མ་ལ་མནའ་མ་ལན་ཏེ་ཁོ་རི་ཨ་ཇོའི་ཕྱིར་ལ་ཕྲུ་བ་ཟོ་དགོས་ཀྱི་ལགས། 20ད་དུས་ཚོད་གཅིག་ལ་ཨ་ཇོ་ནུ་བོ་སྤུན་ཟླ་བདུན་འོད་ད་ལགས། ཨ་ཇོ་ཆེ་ཤོས་ཀྱིས་མནའ་མ་ལན་པ་ལགས། ཡིན་ནའང་ཕྲུ་མ་བྱུང་བ་ཤི་བ་ལགས། 21དེ་རེ་བྱུང་རེ་ཨ་ཇོ་བར་མ་ཡིས་ཨ་ཇོ་ཆེའི་སྐྱེས་དམན་ཡུག་ཟ་མ་མུ་ལ་མནའ་མ་ལེན་པ་ལགས། ཡིན་ནའང་ཁོའང་ཕྲུ་མ་བྱུང་བ་ཤི་བ་ལགས། དེ་རེ་བྱས་རེ་ཨ་ཇོ་གསུམ་པ་གོའང་ཤི་བ་ལགས། 22དེ་ནས་གཞན་མ་གི་རི་འོ་བྱས་རེ་རང་ཨ་ཇོའི་སྐྱེས་དམན་མནའ་མ་ལ་ལེན་ཏེ་ཕྲུ་མ་བྱུང་བ་ཤི་བ་ལགས། དེ་ནས་མཐའ་ལ་སྐྱེས་དམན་གོའང་ཤི་བ་ལགས། 23ད་འེ་ལ་གསུངས་རོགས་གནང་། འཆི་བ་ནས་གསོན་པོ་ལངས་ན་སྐྱེས་བའི་བུ་མོ་འདི་སུའི་སྐྱེས་དམན་འབྱུང་གི་ལགས། ཨ་ཇོ་ནུ་བོ་བདུན་ཀ་ར་ཡིས་མོ་ལ་མནའ་མ་ལེན་པ་ལགས།
24ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་ནོར་འདུག གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ལ་གསུང་རབ་དང་དཀོན་མཆོག་གི་དབང་གི་སྐོར་ལ་ཤེས་ཡས་མིན་འདུག 25གི་བྱས་རེ་སྨྲ་ན་ཤི་ཚར་མཁན་མི་གསོན་ཏེ་ལངས་ན། འོ་དེ་མི་དཀོན་མཆོག་གི་བང་ཆེན་ཀྱ་ཅོག་རེ་འབྱུང་གི་ལགས། དེ་ནས་མནའ་མ་ལེན་ཡས་དང་མནའ་མ་ལ་འགྲོ་ཡས་བྱེད་ཀྱི་མ་ལགས། 26དེ་ནས་འཆི་བ་ནས་ཡང་གསོན་པོ་ལངས་ཀྱིན་གྱི་སྐོར་ལ། ཁྱེད་ཀྱ་ཡིས་མོ་ཤེའི་ཆོས་ཁྲིམས་ཀྱི་དེབ་ལ་མེ་སྦར་ཏེ་བསྡད་ད་ཚེར་མའི་ཁོག་ནས་དཀོན་མཆོག་གིས་མོ་ཤེ་ལ། ང་ཨབ་ར་ཧམ་གྱི་དཀོན་མཆོག་དང་། ཨི་སཱག་གི་དཀོན་མཆོག་དང་། ཡ་ཀོབ་ཀྱི་དཀོན་མཆོག་ཡིན། གསུངས་རེ་གསུངས་ཀྱིན་དེ་མ་སྒྲོག་འོད་དེ། 27འོ་བྱས་རེ་དཀོན་མཆོག་གཤིན་པོའི་མིན་ད་གསོན་པོའི་དཀོན་མཆོག་ཡིན། ཁྱེད་ཀྱ་ནོར་འདུག
གི་རི་ནས་གནད་ཆེ་ཤོས་བཀའ།
(མད་ཐཱ། ༢༢:༣༤-༤༠)
28ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ནས་གཅིག་འོ་དུ་རུ་བྱུང་བྱ་བ་ལབ་གི་རི་མཉན་ཏེ་བསྡད་འོད་ད་ལགས། ཡེ་ཤུ་ཡི་ས་དུ་ཀི་པ་ཀྱ་ལ་ལན་དགའ་ལོག་བ་མཛད་ཀྱིན་གོ་མཐོང་རེ་ཁོས་ཡེ་ཤུ་ལ་དྲི་བ་ཞུས་བ་ལགས། ཆོས་ཁྲིམས་ཀྱི་བཀའ་གི་རི་ནས་གལ་ཆེ་ཤོས་གོ་གི་ལེ།
29ཡེ་ཤུ་ཡིས་ལན་བསློགས་བ་མཛད་པ་ལགས། བཀའ་ཀྱ་ནས་གལ་ཆེ་ཤོས་དང་པོ་གོ། ཡེ་ཡིས་ར་ཨེལ་ཉན། གཙོ་བོ་འོ་རི་དཀོན་མཆོག་ནི་གཙོ་བོ་གཅིག་གཅིག་ཀ་ལགས། 30དེ་ནས་ཁྱེད་ཀྱ་ཁྱེད་རི་གཙོ་བོ་དཀོན་མཆོག་ལ་རང་གི་སྙིང་གཏིང་ནས་དང་། སེམས་ནང་ནས་དང་། ཡིད་གི་རི་དང་། རང་གི་ཤུགས་གི་རི་ནས་བརྩེ་བ་བྱེད།#བཀའ་ཁྲིམས། ༦:༥ 31དེ་ནས་གཉིས་བ་གོ། ཁྱོས་ཁྱོད་རི་ཁྱིམ་མཚེས་ལ་ཁྱོ་རང་ལ་ཅོག་རེ་བརྩེ་བ་བྱེད།#ལེ་ཝི། ༡༩:༡༨ འདི་གཉིས་བོ་ནས་ཆེ་གཞན་མ་བཀའ་གིན་ད་མེད་ད་ལགས།
32དེ་ནས་ཆོས་ཁྲིམས་ཀྱི་སློབ་དཔོན་གྱི་ཁོང་པ་ལ་གསུངས་བ་ལགས། སློབ་དཔོན་ལགས། ཁྱེད་རང་གིས་བདེན་པ་གསུངས་སོང་། དཀོན་མཆོག་གཅིག་གཅིག་ཀ་འོད་ད་ལགས། ཁོང་པ་མ་ན་གཞན་མ་སུའང་མེད་ད་ལགས། 33དེ་ནས་ཁོང་པ་ལ་རང་གི་སྙིང་གཏིང་ནས་དང་། མནོ་བསམ་གི་རི་དང་། ཤུགས་གི་རི་ནས་བརྩེ་བ་བྱེད་ཡས། དེ་ནས་རང་གི་ཁྱིམ་མཚེས་ལ་རང་ལ་ཅོག་རེ་བརྩེ་བ་བྱེད་ཡས། བཀའ་དེ་དམར་མཆོད་གི་རི་དང་མཆོད་པ་གི་རི་ནས་གལ་ཆེ་ཤོས་ལགས།
34དེ་ནས་ཡེ་ཤུ་ཡིས་ཁོས་ལན་མཁས་བ་བྱས་རེ་སྟེར་གྱིན་གོ་གཟིགས་ཏེ་ཁོ་ལ་གསུངས་བ་ལགས། ཁྱོད་དཀོན་མཆོག་གི་རྒྱལ་སྲིད་ནས་ཐག་རིང་ང་མིན་འདུག། འོ་དེ་གཤམ་ནས་མི་སུས་འང་ཁོང་པ་ལ་དྲི་བ་ཞུ་ཡས་ཀྱི་ཇུས་མ་བྱེད་བ་ལགས།
མཱ་ཤི་ཀའི་སྐོར་ལ་དྲི་བ།
(མད་ཐཱ། ༢༢:༤༡-༤༦;༢༣:༡-༣༦; ལུ་ཀ། ༢༠:༤༡-༤༧)
35མཆོད་ཁང་ནང་དུ་བསླབ་བྱ་གནང་གི་གང་ལ་ཡེ་ཤུ་ཡིས་གསུངས་བ་ལགས། མཱ་ཤི་ཀ་ནི་དཱ་བིད་ཀྱི་བི་ཛ་ལགས་སྨྲས་རེ་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་གང་གི་བྱས་རེ་སྨྲ་ཐུབ་བ་ལེ། 36དཱ་བིད་ཁོ་རང་གིས་དམ་པའི་ཐུགས་ཉིད་ཀྱི་ཐོག་ནས་དེ་རེ་སྨྲས་བ་ལགས། གཙོ་བོ་དཀོན་མཆོག་གིས་ངའི་གཙོ་བོ་ལ་གསུངས་སོང་།
ཁྱོའི་དགྲ་ཀྱ་ལ་ཁྱོའི་རྐང་པ་འོག་ལ་ངས་མ་བཞག་གིན་ཐུག་པའི།
ཁྱོད་ངའི་ཕྱག་གཡས་ཕྱོགས་ལ་སྡོད།#གསུང་མགུར། ༡༡༠:༡
37དཱ་བིད་ཁོ་རང་གི་ཁོང་པ་ལ་གཙོ་བོ་སྨྲས་རེ་ཞུ་ན། མཱ་ཤི་ཀ་གང་བྱས་རེ་དཱ་བིད་ཀྱི་བི་ཛ་འབྱུང་གི་ལེ། དེ་ནས་མི་ཚོགས་དམི་ཅིག་གི་མང་ང་གིས་ཁོང་པ་ཡི་བསླབ་བྱ་དམི་ཅིག་གི་སྙན་ད་བྱས་རེ་མཉན་ཏེ་བསྡད་པ་ལགས།
38ཡང་ཡེ་ཤུ་ཡིས་བསླབ་བྱ་གནང་བའི་གསུངས་བ་ལགས། ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ནས་ནན་བྱས་རེ་སྡོད། ཁོང་ཀྱ་ཡིས་གོས་རིང་པོ་གོན་ཏེ་ཧ་ལ་ཚུར་ལ་རྒྱུག་ཡས་འདོད་ད་ལགས། དེ་ནས་ཁྲོམ་ཀྱ་ལ་རང་ལ་མི་ཀྱ་ཡིས་གུས་ཞབས་བྱེད་ཀྱིན་གྱི་རེ་བ་བྱེད་ད་ལགས། 39དེ་ནས་ཚོགས་ཁང་ཀྱ་ལ་ཁོང་ཀྱ་བསྡད་ས་དགའ་ཡོག་གོ་དང་། བཞུགས་ཁྲ་ཀྱ་ལ་བསྡད་ས་མཐོ་བ་གོ་བཙལ་ལ་ལགས། 40ཁོང་ཀྱ་ཡུག་ཟ་མ་ཀྱ་ཡི་ཁང་པ་སྟོང་པ་བཏོན་ཏེ། མི་ལ་སྟོན་ཡས་ཀྱི་ཕྱིར་ལ་དམི་ཅིག་གི་སྨོན་ལམ་རིང་ང་བརྒྱབ་བ་ལགས། དེ་རེ་ཀྱ་ལ་ཡོལ་ལེ་ཆེ་ཆད་པ་ཕོག་གི་ལགས།
ཡུག་ཟ་མ་ཡིས་འབུལ་པ་ཊམ་ཀ་།
(ལུ་ཀ། ༢༡:༡-༤)
41དེ་ནས་ཡེ་ཤུ་མཆོད་ཁང་དུ་དངུལ་འབུལ་ས་ལྕག་སྒམ་གྱི་བོ་ལོག་ཏུ་བཞུགས་ཏེ། མི་ཀྱ་ཡིས་དངུལ་འབུལ་གྱིན་གོ་གཟིགས་ཏེ་བཞུགས་པ་ལགས། མི་ཕྱུག་པོ་དམི་ཅིག་གི་མང་ང་ཡིས་དངུལ་དམི་ཅིག་གི་མང་ང་འབུལ་གྱིན་གོ་ཁོང་པ་ཡིས་གཟིགས་པ་ལགས། 42དེ་ནས་ཡུག་ཟ་མ་དབུལ་སྤྲེ་གཅིག་འོངས་རེ་ཟངས་ཀྱི་ཊམ་ཀ་གཉིས་ཕུལ་བ་ལགས། 43དེ་ནས་ཁོང་པ་ཡིས་ཁོ་རི་ཉེ་གནས་ཀྱ་ལ་བོས་རེ་གསུངས་བ་ལགས། བདེན་པ་རང་ང་ཁྱེད་ཀྱ་ལ་སྨྲ་ཡིན། འདི་དབུལ་སྤྲེ་ཡུག་ཟ་མ་དེ་ཡིས་གི་རི་ནས་མང་ཤོས་ཕུལ་འོད་ད་ལགས། 44གི་བྱས་རེ་སྨྲ་ན་གཞན་མ་གི་རི་ཡིས་རང་གི་རྒྱུ་ནོར་མང་ང་ནི་ཕུལ་བ་ལགས། ཡིན་ནའང་འདི་ཡུག་ཟ་མ་དེ་དབུལ་སྤྲེ་བྱེད་རེའང་རང་གི་མི་ཚེ་པུས་ཡས་ལ་འོད་ཀྱིན་གི་རི་འབུལ་འདུག །།
اکنون انتخاب شده:
མར་ཀུ། 12: LOY
هایلایت
کپی
مقایسه
به اشتراک گذاشتن
می خواهید نکات برجسته خود را در همه دستگاه های خود ذخیره کنید؟ برای ورودثبت نام کنید یا اگر ثبت نام کرده اید وارد شوید
© 2023, Wycliffe Bible Translators, Inc. and Nepal Bible Society