མད་ཐཱ། 22

22
ཆང་སའི་མགྲོན་གྱི་དཔེ།
(ལུ་ཀ། ༡༤:༡༥-༢༤)
1ཡེ་ཤུ་ཡིས་ཡང་དཔེའི་ཐོག་ནས་དེ་རེ་གསུངས་ང་མཛད་པ་ལགས། 2ནམ་མཁའི་རྒྱལ་སྲིད་དེ་རྒྱལ་བོ་གཅིག་གིས་རང་གི་སྲས་ཀྱི་ཆང་ས་ལ་བཞུགས་གྲལ་བསྐངས་ཀྱིན་ཅོག་རེ་ལགས། 3དེ་ནས་ཆང་ས་ལ་བོས་པ་མི་ཀྱ་ལ་བོས་རུ་ཁོས་ཁོ་རི་གཡོག་པོ་ཀྱ་ལ་བརྫངས་བ་ལགས། ཡིན་ནའང་ཁོང་ཀྱ་འོང་ཉིད་མ་འདོད་པ་ལགས། 4ཡང་ཁོས་ཁོ་རི་གཡོག་པོ་གཞན་མ་ཀྱ་ལ་དེ་རེ་སྨྲས་རེ་བརྫངས་བ་ལགས། མགྲོན་པོ་ཀྱ་ལ་དེ་རེ་སྨྲོས། ད་གི་རི་གྲ་སྒྲིག་འོད། དེ་ནས་ངས་གླུང་ཀྱ་དང་བ་གླང་བཟང་ང་ཀྱ་བསད་དེ་ཞལ་ལག་གྲ་སྒྲིག་བྱས་འོད། ད་མགྲོན་ལ་ཕེབས་རོགས་བྱེད། 5ཡིན་ནའང་ཁོང་ཀྱ་ཡིས་ཡ་མ་བྱས་བ་ལགས། དེ་ནས་རིང་འགའ་ཁོ་རི་ཞིང་ལ། དེ་ནས་རིང་འགའ་ཁོ་རི་ཚོང་ལ་སོང་བ་ལགས། 6དེ་ནས་མི་གཞན་མ་ཀྱ་ཡིས་ཁོའི་གཡོག་པོ་ཀྱ་ལ་ཟིམ་ཏེ་ངོ་ཚ་བབ་སྟེ་བསད་པ་ལགས། 7ད་རྒྱལ་བོ་གོ་དམི་ཅིག་གི་ཞེ་སྡང་ལངས་རེ་རང་གི་དམག་མི་ཀྱ་བཏང་རེ། འོ་དེ་མི་བསད་མཁན་ཀྱ་ལ་མེད་ད་ལ་བཏང་རེ་ཁོང་གི་རྒྱལ་ས་གོ་མེ་ལ་བསྲགས་པ་ལགས།
8དེ་ནས་ཁོས་ཁོ་རི་གཡོག་པོ་ཀྱ་ལ་སྨྲས་བ་ལགས། ཆང་སའི་མགྲོན་གོ་གྲ་སྒྲིག་འདུག།ཡིན་ནའང་བོས་པ་མགྲོན་པོ་ཀྱ་དུ་རུ་འོང་རིན་ཁ་ཡས་མིན་འདུག 9འོ་བྱས་རེ་ལམ་ཁ་ཀྱ་ལ་སོང་རེ་ཁྱེད་ཀྱ་ཡིས་གང་མང་མང་ཐུགས་མཁན་ཀྱ་མགྲོན་ལ་བོས། 10དེ་ནས་འོ་དེ་གཡོག་པོ་ཀྱ་ལམ་ཁ་ཀྱ་ལ་སོང་རེ། རྙེད་ཀྱིན་མི་བཟང་ང་དང་ངན་པ་གི་རི་ལ་རུག་པ་ལགས། དེ་ནས་ཆང་སའི་མགྲོན་ཁང་གོ་ཁངས་བ་ལགས།
11ཡིན་ནའང་རྒྱལ་བོ་གོ་མགྲོན་པོ་ཀྱ་ལ་ལྟ་རུ་འོང་བའི་གང་ལ། ཁོས་འོ་དུ་རུ་ཆང་སའི་གོས་ལག་མ་གོན་ག་མི་གཅིག་མཐོང་བ་ལགས། 12དེ་ནས་ཁོས་ཁོ་ལ་སྨྲས་བ་ལགས། ཆོས་གྲོགས་བོ། ཁྱོད་ཆང་སའི་གོས་ལག་མ་གོན་པ་གང་གི་བྱས་རེ་དུ་རུ་འོངས་བ། དེ་ནས་འོ་དེ་མི་གོས་གིའང་སྨྲ་མ་ཐུབ་པ་ལགས། 13དེ་ནས་རྒྱལ་བོ་ཡིས་ཁོ་རི་གཡོག་པོ་ཀྱ་ལ་སྨྲས་བ་ལགས། ཁོའི་ལག་པ་རྐང་པ་ཀྱ་བསྡམས་ཏེ། ཁོ་ལ་ཕི་དི་མུན་ནག་པ་ལ་གཡུག།འོ་དུ་རུ་མི་ངུ་གིན་དང་སོ་ཁྲིག་གིན་འོང་གི་ལགས།
14དེ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། གི་བྱས་རེ་སྨྲ་ན་བོས་པ་ཀྱ་མང་ང་འོད་ད་ལགས། ཡིན་ནའང་བདམས་ད་ཀྱ་ཉུང་ང་འོད་ད་ལགས།
ཁྲལ་ཇང་ཡས་ཀྱི་སྐོར་ལ་བསླབ་བྱ།
(མར་ཀུ། ༡༢:༡༣-༡༧; ལུ་ཀ། ༢༠:༢༠-༢༦)
15ད་ཕཱ་རུ་ཤི་པ་ཀྱ་སོང་རེ་ཡེ་ཤུ་ཡིས་གསུངས་ཀྱིན་ཀྱ་ནས་རང་ཁོང་པ་ལ་གང་གི་བྱས་རེ་རྙོག་གྲ་བསླངས་ཡས་འདུག་བའི་སྨྲས་རེ་གྲོས་བྱས་བ་ལགས། 16དེ་ནས་ཁོང་ཀྱ་ཡིས་ཁོ་རི་ཉེ་གནས་ཀྱ་ཧེ་རོ་དཱེའི་མི་ཀྱ་མུ་ལ་ཡེ་ཤུ་རྩ་རུ་བརྫངས་བ་ལགས། དེ་ནས་ཁོང་ཀྱ་ཡིས་ཞུས་བ་ལགས། རྒན་ལགས། འེ་ཀྱ་ལ་ཤེས་ཡས་འོད། ཁྱེད་རང་ནི་དྲང་པོ་དང་དཀོན་མཆོག་གི་ལམ་དྲང་པོ་སྟོན་འདིག།དེ་ནས་ཁྱེད་རང་མིའི་ངོ་བལྟས་རེ་ཕྱག་ལས་མེད་མཛད་ཀྱིན་བྱས་རེ། ཁྱེད་རང་མི་གཞན་མ་ཡི་བསམ་བློ་ལ་ཡ་མེད་མཛད་ད་ལགས། 17ད་ཀེ་སར་#༢༢:༡༧ རོ་མཱ་པ་རྒྱལ་བོ།ལ་ཁྲལ་ཇང་ཡས་དེ་ཆོས་ཁྲིམས་ལ་མཐུན་ད་ལེ་ཡང་ན་མི་མཐུན་ད་ལེ། ཁྱེད་རང་གི་བསམ་ཞིབ་འེ་ཀྱ་ལ་གསུངས་ང་མཛད།
18ཡིན་ནའང་ཡེ་ཤུ་ཡིས་ཁོང་ཀྱ་ཡི་བསམ་བློ་ངན་པ་གོ་མཁྱེན་ཏེ་གསུངས་བ་ལགས། ཁྱེད་ཟོག་པོ་ཀྱ། ང་ལ་གི་བྱས་རེ་ཚོད་ལེན་ད། 19ཁྲལ་ཇང་ཡས་ཀྱི་ཊམ་ཀ་ང་ལ་སྟོན། དེ་ནས་ཁོང་ཀྱ་ཡིས་དངུལ་གྱི་ཊམ་ཀ་གཅིག་ཁོང་པ་རྩ་རུ་ཁྱེར་ཏེ་འོངས་བ་ལགས།
20དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། འདི་ཊམ་ཀ་དུ་རུ་སུའི་རི་མོ་དང་ཡིག་འདུག་བོ།
21ཁོང་ཀྱ་ཡིས་སྨྲས་བ་ལགས། ཀེ་སར་གྱི་འདུག།
དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། དེ་རེ་ཡིན་ན་ཀེ་སར་གྱི་ཡིན་གྱིན་གོ་ཀེ་སར་ལ་སྟེར། དེ་ནས་དཀོན་མཆོག་གི་ཡིན་ན་གོ་དཀོན་མཆོག་ལ་ཕུལ། 22དེ་གོ་སྟེ་ཁོང་ཀྱ་ཧ་ལས་བ་ལགས། དེ་ནས་ཁོང་ཀྱ་ཁོང་པ་ལ་བོར་ཏེ་སོང་བ་ལགས།
གསོན་པོ་བཞེངས་ཡས་ཀྱི་སྐོར།
(མར་ཀུ། ༡༢:༡༨-༢༧; ལུ་ཀ། ༢༠:༢༧-༤༠)
23འོ་དེ་ཉིན་མ་གོ་ལ་རང་གཤིན་པོ་ཀྱ་ཡང་གསོན་གྱི་ལགས་སྨྲ་གིན་ལབ་ལ། ཡིད་ཆེས་མི་བྱེད་ཀྱིན་སཱ་དུ་ཀི་པ་ཀྱ་ཡེ་ཤུ་རྩ་རུ་བཅར་ཏེ་དེ་རེ་དྲི་བ་ཞུས་བ་ལགས། 24སློབ་དཔོན་ལགས། མོ་ཤེས་གསུངས་འོད་ད་ལགས། མི་གཅིག་ལ་ཕྲུ་བ་མ་བྱུང་བ་ཤི་ན། ཁོའི་ནུ་བོ་གོ་ཁོའི་ཡུག་ཟ་མ་གོ་ལ་མནའ་མ་ལེན་ཏེ་ཁོ་རི་ཨ་ཇོའི་ཕྱིར་ལ་ཕྲུ་སྐྱེ་དགོས་གུ་ལགས།#བཀའ་ཁྲིམས། ༢༥:༥ 25ད་འི་ཀི་གུང་དུ་སྤུན་བདུན་འོད་ད་ལགས། ཆེ་ཤོས་གོ་མནའ་མ་ལེན་ཏེ་ཕྲུ་བ་མ་བྱུང་བ་ཤི་བ་ལགས། དེ་ནས་ཁོའི་སྐྱེས་དམན་གོ་ཁོའི་ནུ་བོ་ལ་བོར་པ་ལགས། 26འདུག་བྱས་རེ་སྤུན་གཉིས་བོ་དང་། གསུམ་པ་དང་། བདུན་པ་ཐུག་པའི་དེ་རེ་རང་བྱུང་བ་ལགས། 27དེ་ནས་ཁོང་གི་རིའི་གཤམ་ལ་སྐྱེས་དམན་གོའང་ཤི་བ་ལགས། 28ད་གསོན་པོ་ལངས་ང་རང་སྤུན་བདུན་ནས་མོ་སུའི་སྐྱེས་དམན་འབྱུང་གི་ལེ། གི་བྱས་རེ་སྨྲ་ན་ཁོང་བདུན་ཀར་ར་མོའི་ཁྱོ་ག་བྱུང་བ་ལགས།
29དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་ནོར་འདུག།གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ལ་གསུང་རབ་དང་དཀོན་མཆོག་གི་དབང་གི་སྐོར་ལ་ཤེས་ཡས་མིན་འདུག། 30གི་བྱས་རེ་སྨྲ་ན་གསོན་པོ་ལངས་ང་རང་ཁོང་ཀྱ་མནའ་མ་ལེན་ཡས་དང་མནའ་མ་ལ་སྟེར་ཡས་མི་བྱེད་ད་ལགས། ཡིན་ནའང་ནམ་མཁའི་ཞིང་ཁམས་དུ་བང་ཆེན་ཀྱ་ཅོག་རེ་བྱུང་ང་ལགས། 31དེ་ནས་གཤིན་པོ་ནས་གསོན་པོ་ལངས་ཀྱིན་གྱི་སྐོར་ལ། དཀོན་མཆོག་གིས་ཁྱེད་ཀྱ་ལ་གི་གསུངས་ཀྱིན་གོ་ཁྱེད་ཀྱིས་མ་སྒྲོག་འོད་དེ། 32ང་ནི་ཨབ་ར་ཧམ་གྱི་དཀོན་མཆོག།ཨི་སཱག་གི་དཀོན་མཆོག་དང་། ཡ་ཀོབ་ཀྱི་དཀོན་མཆོག་ཡིན།#སྡེབ་ཐོན། ༣:༦ ཁོང་པ་གཤིན་པོ་ཡི་དཀོན་མཆོག་མིན་ད་གསོན་པོ་ཡི་དཀོན་མཆོག་ལགས། 33དེ་གོ་སྟེ་མི་ཚོགས་ཀྱ་ཁོང་པ་ཡི་གསུངས་ཀྱིན་ལ་ཧ་ལས་བ་ལགས།
ཆོས་ཁྲིམས་གལ་ཆེ་ཤོས།
(མར་ཀུ། ༡༢:༢༨-༣༤; ལུ་ཀ། ༡༠:༢༥-༢༨)
34ད་ཕཱ་རུ་ཤི་པ་ཀྱ་ཡིས་ཆོས་ཁྲིམས་ཀྱི་སཱ་དུ་ཀི་པ་ཀྱ་ལ་ཡེ་ཤུ་ཡིས་གིའང་སྨྲ་ཡས་མེད་ཀྱིན་བཟོས་འདུག་སྨྲས་རེ་ཧ་གོ་སྟེ་ཁོང་ཀྱ་མུ་ལ་འཛོམས་པ་ལགས། 35དེ་ནས་ཁོང་ཀྱ་ནས་ཁྲིམས་དཔོན་གཅིག་གིས་ཁོང་པ་ལ་ཚོད་བྱེད་ཡས་ལ་དྲི་བ་གཅིག་ཞུས་བ་ལགས། 36སློབ་དཔོན་ལགས། ཆོས་ཁྲིམས་ཀྱི་བཀའ་ནང་ནས་གལ་ཆེ་ཤོས་གོ་གི་ལེ།
37ཁོང་པ་ཡིས་ཁོ་ལ་གསུངས་བ་ལགས། ཁྱོས་རང་གི་གཙོ་བོ་དཀོན་མཆོག་ལ་རང་གི་སྙིང་གི་རི་ནས། རང་གི་སེམས་གི་རི་ནས་དང་། རང་གི་ཡིད་གི་རི་ནས་བརྩེ་བ་བྱེད།#བཀའ་ཁྲིམས། ༦:༥ 38དེ་རང་བཀའ་ཆེ་ཤོས་དང་དང་པོ་གོ་ལགས། 39དེ་ནས་གཉིས་བ་གོའང་འདི་ཅོག་རེ་གཅིག་ལགས། ཁྱོས་རང་གི་ཁྱིམ་མཚེས་ལ་རང་ལ་ཅོག་རེ་བརྩེ་བ་བྱེད།#ལེ་ཝི། ༡༩:༡༨ 40འདི་ཆོས་ཁྲིམས་གཉིས་བ་ལ་རང་ཆོས་ཁྲིམས་གི་རི་དང་མངོན་ཤེས་མཁན་གི་རི་རྟེན་ད་ལགས།
དཱ་བིད་ཀྱི་སྲས་ཀྱི་སྐོར་ལ།
(མར་ཀུ། ༡༢:༣༥-༣༧; ལུ་ཀ། ༢༠:༤༡-༤༤)
41ད་ཕཱ་རུ་ཤི་པ་ཀྱ་མུ་ལ་འཛོམས་ཏེ་བསྡད་དེ་གང་ལ། ཡེ་ཤུ་ཡིས་དྲི་བ་གཅིག་བཏང་ང་མཛད་དེ། 42གསུངས་བ་ལགས། མཱ་ཤི་ཀའི་སྐོར་ལ་ཁྱེད་ཀྱ་ཡིས་གི་བསམ་མའི་འོད་དོ། ཁོང་པ་སུའི་སྲས་ལེ།
ཁོང་ཀྱ་ཡིས་ཁོང་པ་དཱ་བིད་ཀྱི་སྲས་ལགས་སྨྲས་རེ་ལན་ཞུས་བ་ལགས། 43ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། དེ་རེ་ཡིན་ན་དཱ་བིད་ཀྱིས་གང་གི་བྱས་རེ་སེམས་ཉིད་ནས་ཁོང་པ་ལ་གཙོ་བོ་སྨྲས་རེ་བོས་བ་ལེ། དཱ་བིད་ཀྱི་སྨྲས་བ་ལགས།
44གཙོ་བོ་དཀོན་མཆོག་གིས་ངའི་གཙོ་བོ་ལ་གསུངས་སོང་།
ཁྱོའི་དགྲ་ཀྱ་ལ་ཁྱོའི་ཞབས་འོག་ཏུ་ངས་མ་བཅུག་ཐུག་པའི།
ཁྱོད་ངའི་ལག་པ་གཡས་ཕྱོགས་ལ་སྡོད།#གསུང་མགུར། ༡༡༠:༡
45ད་དཱ་བིད་ཀྱིས་ཁོང་པ་ལ་གཙོ་བོ་སྨྲས་རེ་ཞུ་ན། ཁོང་གང་བྱས་རེ་དཱ་བིད་ཀྱི་སྲས་བྱུང་བ་ལེ། 46དེ་ནས་སུས་འང་ཁོང་པ་ལ་ཚིག་གཅིག་འང་ལན་ཞུ་མ་ཐུབ་པ་ལགས། དེ་ནས་འོ་དེ་ཉིན་མ་ནས་ཧ་ལ་སུས་འང་ཁོང་པ་ལ་དྲི་བ་སྐུལ་ཡས་ཀྱི་བློ་ཁོག་མ་བྱེད་བ་ལགས།།

اکنون انتخاب شده:

མད་ཐཱ། 22: LOY

های‌لایت

به اشتراک گذاشتن

کپی

None

می خواهید نکات برجسته خود را در همه دستگاه های خود ذخیره کنید؟ برای ورودثبت نام کنید یا اگر ثبت نام کرده اید وارد شوید

ویدیوهایی برای མད་ཐཱ། 22