ལུ་ཀ། 6
6
ངལ་གསོ་གིན་ཉིན་མའི་གཙོ་བོ།
(མད་ཐཱ། ༡༢:༡-༡༤; མར་ཀུ། ༢:༢༣-༢༨;༣:༡-༦)
1ཡེ་ཤུ་ངལ་གསོ་གིན་ཉིན་མ་གོ་ལ་གྲོའི་ཞིང་ནས་ཧ་ལ་ཕེབས་བའི་འོད་ད་ལགས། དེ་ནས་ཁོང་པ་ཡི་ཉེ་གནས་ཀྱ་ཡིས་གྲོའི་སྙེ་མ་འཐུ་རེ་ལག་ཀ་ཡིས་མཉེས་རེ་བཟས་བ་ལགས། 2ཡིན་ནའང་ཕཱ་རུ་ཤི་པ་རིང་འགའ་ཡིས་སྨྲས་བ་ལགས། ངལ་གསོ་གིན་ཉིན་མ་ལ་ཁྱེད་ཀྱ་གི་བྱས་རེ་ཆོས་ཁྲིམས་ལ་མི་མཐུན་གྱིན་ལས་ཀ་བྱེད་ད་ལེ།
3དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། དཱ་བིད་དང་ཁོའི་མུ་ལ་འོད་མཁན་ཀྱ་ཕོ་བ་ལྟོགས་བའི་གང་ལ་ཁོས་གི་བྱས་ཀྱིན་གོ་ཁྱེད་ཀྱ་ཡིས་མ་སྒྲོག་འོད་དེ། 4ཁོ་དཀོན་མཆོག་གི་མཆོད་ཁང་ནང་ལ་འཛུལ་རེ་དཀོན་མཆོག་གི་སྐུ་མདུན་དུ་ཕུལ་པ་གྱང་ག་གོ་ཁྱེར་ཏེ་བཟས་བ་ལགས། དེ་ནས་ཁོ་རི་མུ་ལ་འོད་མཁན་ཀྱ་ལ་སྟེར་པ་ལགས། འོ་དེ་གྱང་ག་གོ་མཆོད་དཔོན་ཀྱ་ཡིས་མ་ན་གཞན་མ་སུས་འང་ཟ་མེད་ཆོག་བ་ལགས། 5དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། མིའི་བུ་ངལ་གསོ་གིན་ཉིན་མའི་གཙོ་བོ་ལགས།
ལག་པ་བསྐམས་ཀ་མི་གཅིག་ལ་བཅོས་ག།
(མད་ཐཱ། ༡༢:༩-༡༤; མར་ཀུ། ༣:༡-༦)
6ཡང་གཞན་མ་ངལ་གསོ་གིན་ཉིན་མ་གཅིག་ལ་ཡེ་ཤུ་ཚོགས་ཁང་ལ་ཕེབས་ཏེ་ཆོས་སྟོན་མཛད་དེ་འོད་ད་ལགས། དེ་ནས་འོ་དུ་རུ་ལག་ཀ་གཡས་བསྐམས་ཀ་མི་གཅིག་འོད་ད་ལགས། 7དེ་ནས་ཡེ་ཤུ་ལ་ཉེས་སྐྱོན་འཛུགས་ཡས་གོ་སྐབས་བཙལ་ཡས་ཀྱི་ཕྱིར་ལ། ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་དང་ཕཱ་རུ་ཤི་པ་ཀྱ་ཡིས་ཁོང་པ་ཡི་ངལ་གསོ་གིན་ཉིན་མ་ལ་བཅོས་ག་བྱེད་འདིག་མི་བྱེད་འདིག་སྨྲས་རེ་བལྟས་རེ་བསྡད་པ་ལགས། 8ཡིན་ནའང་ཁོང་པ་ཡིས་ཁོང་ཀྱ་ཡི་བསམ་བློ་མཁྱེན་ད་མཛད་དེ་འོ་དེ་ལག་པ་བསྐམས་ཀ་མི་ལ་གསུངས་བ་ལགས། དུ་རུ་ཤོག། དེ་ནས་གི་རིའི་གདོང་དུ་ལོངས། དེ་ནས་འོ་དེ་མི་ལངས་རེ་གདོང་ལ་སོང་བ་ལགས།
9དེ་ནས་ཡེ་ཤུ་ཡིས་འོ་དེ་ཀྱ་ལ་གསུངས་བ་ལགས། ང་ཁྱེད་ཀྱ་ལ་འདྲི་ལ་ཡིན། ངལ་གསོ་གིན་ཉིན་མ་ལ་བཟང་ང་བྱེད་ཡས་ཡང་ན་ངན་པ་བྱེད་ཡས། དེ་ནས་སྲོག་སྐྱོབ་ཡས་ཡང་ན་སྲོག་བཅད་ཡས་ནས་ཆོས་ཁྲིམས་ལ་གིན་གོ་མཐུན་ད་ལེ།
10དེ་ནས་ཁོང་པ་ཡིས་གི་རི་ལ་གཟིགས་པ་ལགས། དེ་ནས་ཁོ་ལ་གསུངས་བ་ལགས། ཁྱོའི་ལག་ཀ་རྐྱོངས། མི་ཡིས་འོ་དེ་རེ་རང་བྱས་བ་ལགས། དེ་ནས་ཁོའི་ལག་པ་དྲག་པ་ལགས། 11ཡིན་ནའང་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་དང་ཕཱ་རུ་ཤི་པ་ཀྱ་དམི་ཅིག་གི་ཁོང་ཁྲོ་ལངས་རེ་ཡེ་ཤུ་ལ་གི་བྱེད་གུ་ནུང་སྨྲས་རེ་ཁོ་རང་ཀྱ་ནང་དུ་གྲོས་བྱས་བ་ལགས།
སྐུ་ཚབ་བཅུ་གཉིས།
(མད་ཐཱ། ༡༠:༡-༤; མར་ཀུ། ༣:༡༣-༡༩)
12ཉིན་མ་གཅིག་ཡེ་ཤུ་རི་ཕྱོགས་ལ་ཕེབས་ཏེ་འོ་དུ་རུ་མཚན་གང་དཀོན་མཆོག་ལ་གསོལ་བ་བཏབ་སྟེ་བཞུགས་པ་ལགས། 13དེ་ནས་སྔ་རོག་གོ་ཁོང་པ་ཡིས་ཁོ་རི་ཉེ་གནས་ཀྱ་ལ་བོས་མཛད་དེ་འོ་དེ་ཀྱ་ནས་བཅུ་གཉིས་ལ་བདམས་ཏེ་དེ་ཀྱ་ལ་སྐུ་ཚབ་སྨྲས་རེ་མིང་བཏགས་མཛད་པ་ལགས། 14དེ་ཀྱ་ནི་ཁོང་པ་ཡིས་པེ་ཏྲོ་སྨྲས་རེ་མིང་བཏགས་ཏ་སི་མོན་དང་། ཁོའི་ནུ་བོ་ཨན་དྲི་ཡཱ། དེ་ནས་ཡ་ཀོབ་དང་ཡོ་ཧ་ནན། དེ་ནས་ཕི་ལིབ་དང་བར་ཐོ་ལོ་མཱ་དང་། 15མད་ཐཱ་དང་། ཐོ་མཱ་དང་། ཨལ་ཕཱ་ཡུའི་བི་ཛ་ཡ་ཀོབ་དང་། རྒྱལ་གཅེས་པ་#༦:༡༥ རང་གི་རྒྱལ་ཁབ་ཀྱི་རང་བཙན་གྱི་ཕྱིར་ལ་འདོད་པ་ཆེ་དང་དམག་འཐྲབ་ཐུབ་ཀྱིན། སྨྲ་མཁན་སི་མོན་དང་། 16ཡ་ཀོབ་ཀྱི་བི་ཛ་ཡུ་དཱ། དེ་ནས་ངོ་ལོག་བྱེད་མཁན་ཡུ་དཱ་ཨཱིས་ཀ་རི་ཨཱོད་ལགས།
ཡེ་ཤུ་ཡིས་ནད་པ་ཀྱ་བཅོས་ག་མཛད་པ།
(མད་ཐཱ། ༥:༣-༡༢)
17དེ་ནས་ཡེ་ཤུ་སྐུ་ཚབ་ཀྱ་མུ་ལ་རི་ནས་མ་ལ་ཕེབས་ཏེ་ཁོང་པ་ཐང་ག་གཅིག་རུ་བཞེངས་ཏེ་བཞུགས་པ་ལགས། འོ་དུ་རུ་ཁོང་པ་ཡི་གཤམ་པ་ལ་འབྲང་མཁན་མི་ཚོགས་ཆེ་གཅིག་དང་། ཡུ་དེ་ཡཱ་ཡུལ་གྱི་ས་གི་རི་ནས་དང་། ཡེ་རུ་ཤ་ལེམ་རྒྱལ་ས་ནས་དང་། རྒྱ་མཚོའི་མཐའ་མ་ལ་འོད་ཀྱིན་ཏཱ་ཨར་དང་སི་དཱོན་རྒྱལ་ས་ནས་འོངས་བ་མི་ཚོགས་ཆེ་གཅིག་འོ་དུ་རུ་འཛོམས་འོད་ད་ལགས། 18འོ་དེ་མི་ཀྱ་ཁོང་པ་ཡི་བཀའ་ཉན་ཡས་དང་རང་གི་ན་ཚ་ཀྱ་ནས་དྲག་ཡས་ལ་ཁོང་པ་ཡི་དྲུང་དུ་བཅར་པ་ལགས། དེ་ནས་འདྲེ་འཛུལ་རེ་སྡུག་པོ་བྱུང་བྱ་མི་ཀྱ་དྲག་པ་ལགས། 19དེ་ནས་མི་གི་རི་ཡིས་ཁོང་པ་ལ་འཇུ་ཡས་ལ་ཐབས་ཤེས་བྱས་བ་ལགས། གི་བྱས་རེ་སྨྲ་ན་ཁོང་པ་ནས་ནུས་མཐུ་ཐོན་ཏེ་མི་གི་རི་བཅོས་ག་བྱུང་བའི་འོད་ད་ལགས།
བྱིན་རླབས་ཆེ་ཀྱ།
(མད་ཐཱ། ༥:༡-༡༢)
20དེ་ནས་ཡེ་ཤུ་ཡིས་ཁོ་རི་ཉེ་གནས་ཀྱ་ལ་གཟིགས་ཏེ་གསུངས་བ་ལགས།
ཁྱེད་དབུལ་སྤྲེ་ཀྱ་བྱིན་རླབས་ཆེ།
གི་བྱས་རེ་སྨྲ་ན་དཀོན་མཆོག་གི་རྒྱལ་སྲིད་ཁྱེད་རང་ཀྱ་ཡི་ལགས།
21ཁྱེད་ལྟོགས་མཁན་ཀྱ་བྱིན་རླབས་ཆེ།
གི་བྱས་རེ་སྨྲ་ན་ཁྱེད་ཀྱ་འགྲང་གུ་ལགས།
ཁྱེད་ངུ་མཁན་ཀྱ་བྱིན་རླབས་ཆེ།
གི་བྱས་རེ་སྨྲ་ན་ཁྱེད་ཀྱ་དགོད་མོ་ཤོར་གྱི་ལགས།
22མིའི་བུའི་དོན་དུ།
ཁྱེད་ལ་མི་ཀྱ་ཡིས་སྡང་ང་བྱེད་ན།
པད་རེ་བཞག་ན། དེ་ནས་དམའ་འབེབས་བཏང་ན།
དེ་ནས་ཁྱིད་ཀྱི་མིང་ལ་ངན་པ་བརྩིས་ན།
ཁྱེད་ཀྱ་བྱིན་རླབས་ཆེ་ལགས།
23འོ་དེ་ཉིན་མ་གོ་ལ་ཉམ་མོ་དགྱེས་རེ་ཕོག། གི་བྱས་རེ་སྨྲ་ན་ནམ་མཁའི་ཞིང་ཁམས་དུ་ཁྱིད་ཀྱི་བྱ་དགའ་ཆེ་འོད་ད་ལགས། གི་བྱས་རེ་སྨྲ་ན་དེ་ཀྱ་ཡི་དང་པའི་ཕ་མ་ཀྱ་ཡིས་འང་མངོན་ཤེས་མཁན་ཀྱ་ལ་དེ་རེ་རང་བྱས་བ་ལགས།
24ཡིན་ནའང་ད་ལྟ་ཕྱུག་པོ་འོད་མཁན་ཀྱ་མྱངས་བ་ལི།
གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ལ་སྐྱིད་ད་ཐོབ་ཚར་ར་ལགས།
25ད་ལྟ་འགྲངས་མཁན་ཀྱ་མྱངས་བ་ལི།
གི་བྱས་རེ་ཁྱེད་ཀྱ་ལྟོགས་གུ་ལགས།
ད་ལྟ་གད་མོ་ཤོར་མཁན་ཀྱ་མྱངས་བ་ལི།
གི་བྱས་རེ་སྨྲ་ན་ཁྱེད་ཀྱ་སྡུག་སྲུང་གི་ལགས། དེ་ནས་ངུ་གུ་ལགས།
26ད་ལྟ་གི་རི་ནས་བསྟོད་སྒྲ་རག་མཁན་ཀྱ་མྱངས་བ་ལི།
གི་བྱས་རེ་སྨྲ་ན་ཟོག་པོ་མངོན་ཤེས་མཁན་ཀྱ་ལ་ཁོང་ཀྱ་ཡི་དང་པོའི་ཕ་མ་ཀྱ་ཡིས་དེ་རེ་རང་བྱས་བ་ལགས།
ཁྱོད་རི་དགྲ་ལ་བརྩེ་བ་བྱེད།
(མད་ཐཱ། ༥:༣༨-༤༨;༧:༡༢)
27ཡིན་ནའང་ང་ལ་ཉན་མཁན་ཀྱ་ལ་ང་སྨྲ་ཡིན། ཁྱེད་རི་དགྲ་ཀྱ་ལ་བརྩེ་བ་བྱེད། དེ་ནས་ཁྱོད་ལ་སྡང་ང་བྱེད་མཁན་ཀྱ་ལ་བཟང་ང་བྱེད། 28ཁྱོད་ལ་དམོད་མོ་འདེབས་མཁན་ཀྱ་ལ་བྱིན་རླབས་སྟེར། དེ་ནས་ཁྱོད་ལ་སྨད་སྤྲ་བཏང་མཁན་ཀྱ་ལ་སྨོན་ལམ་འདེབས། 29ཁྱོད་རི་འགྲམ་པ་གཅིག་ལ་འགྲམ་ལྕག་བརྒྱབ་མཁན་ལ་གཞན་མ་གོའང་ཟད། དེ་ནས་ཁྱོད་རི་ཕི་གོས་འཕྲོག་མཁན་གོ་ལ་ཁྱོད་རི་གོས་གོའང་འཁྱེར་ཏུ་ཆུག། 30ཁྱོད་ནས་བསླངས་ཀྱིན་གི་རི་ལ་སྟེར། དེ་ནས་ཁྱོའི་ཅ་ལག་ཁྱེར་ཏེ་འགྲོ་མཁན་ཀྱ་ནས་ཡང་སློག་སྨྲས་རེ་མ་སྨྲ། 31གཞན་མ་ཡིས་ཁྱོད་ལ་ག་རེ་བྱས་ཀྱིན་གོ་འདོད་འདིག། འོ་དེ་རེ་རང་ཁོང་ཀྱ་ལ་བྱེད།
32ཁྱོད་ལ་བརྩེ་བ་བྱེད་མཁན་ཀྱ་ལ་གཅིག་ཀ་བརྩེ་བ་བྱེད་ན། ཁྱོད་ལ་གི་ཕན་འོད་ད་ལེ། གི་བྱས་རེ་སྨྲ་ན་སྡིག་ཅན་ཀྱའང་ཁོ་རང་ལ་བརྩེ་བ་བྱེད་མཁན་ལ་བརྩེ་བ་བྱེད་ད་ལགས། 33ཡང་ཁྱོད་ལ་དགའ་བྱེད་མཁན་ལ་གཅིག་ཀ་དགའ་བྱེད་ན། ཁྱོད་ལ་གི་ཕན་འོད་ད་ལེ། གི་བྱས་རེ་སྨྲ་ན་སྡིག་ཅན་ཀྱའང་འོ་དེ་རེ་རང་བྱེད་ད་ལགས། 34སྐྱི་པ་འཐོབ་ཡས་ཀྱི་རེ་བ་བྱས་རེ་གཞན་མ་ལ་ཁྱོས་སྐྱི་ན། ཁྱོད་ལ་གི་ཕན་འོད་ད་ལེ། འོ་དེ་ཚོད་ལ་རང་འཐོབ་ཡས་ལ་སྡིག་ཅན་ཀྱ་ཡིས་འང་སྡིག་ཅན་ཀྱ་ལ་སྐྱི་ལ་ལགས། 35ཡིན་ནའང་རང་གི་དགྲ་ཀྱ་ལ་བརྩེ་བ་བྱེད། དེ་ནས་བཟང་ང་བྱེད། དེ་ནས་སྐྱི་པ་ལེན་ཡས་ཀྱི་རེ་བ་མི་བྱེད་ད་མི་གཞན་མ་ལ་སྐྱིས། དེ་ནས་ཁྱོད་ལ་བྱ་དགའ་ཆེ་འཐོབ་ཀྱི་ལགས། དེ་ནས་ཁྱེད་ཀྱ་བླ་ན་མེད་པའི་དཀོན་མཆོག་གི་སྲས་འབྱུང་གི་ལགས། གི་བྱས་རེ་སྨྲ་ན་དཀོན་མཆོག་གི་བཀའ་དྲིན་མེད་བསམ་གྱིན་དང་ངན་པ་ཀྱ་ལ་སྙིང་རྗེ་མཛད་ད་ལགས། 36ཁྱིད་ཀྱི་ཡབ་སྙིང་རྗེ་ཅན་འོད་ཀྱིན་ཅོག་རེ་ཁྱེད་ཀྱ་སྙིང་རྗེ་ཅན་འབྱུང་།
མི་གཞན་མ་ཡི་སྐྱོན་མ་སྟོན།
(མད་ཐཱ། ༧:༡-༥)
37གཞན་མ་ཡི་ཁྲིམས་མ་བཅད། དེ་ནས་ཁྱོད་ལ་ཁྲིམས་བཅད་ཀྱི་མ་ལགས། གཞན་མ་ལ་སྐྱོན་མ་ཆུག། དེ་ནས་ཁྱོད་ལ་སྐྱོན་བཅུག་གི་མ་ལགས། གཞན་མ་ལ་དགོངས་ཡངས་སྟེར། དེ་ནས་ཁྱོད་ལ་དགོངས་ཡངས་གནང་གི་ལགས། 38གཞན་མ་ལ་སྟེར། དེ་ནས་ཁྱོད་ལ་གནང་གི་ལགས། ཁྱོད་ལ་ཚད་གང་ནས་མང་ང་བསྣེམས་ཏེ་དང་སྤྲུགས་ཏེ་དང་ཁངས་རེ་ལུད་ཀྱིན་ཐུག་པའི་ཁྱོད་རི་ཐུ་ལ་བླུག་གི་ལགས། ཁྱོས་གཞན་མ་ལ་ཚད་བརྒྱབ་ཀྱིན་ཅོག་རེ་ཁྱོད་ལ་འོ་དེ་ཚོད་ལ་རང་བརྒྱབ་ཀྱི་ལགས།
39དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་དཔེ་འདི་གསུངས་བ་ལགས། ཞ་ར་གཅིག་གིས་ཞ་ར་གཞན་མ་ལ་ཁྲིད་ཐུབ་ཀྱི་ལགས་སེ། ཁོང་གཉིས་ཀ་ར་དོང་དོང་ནང་དུ་ལྷིམ་གྱི་མ་ལེ། 40ཉེ་གནས་གཅིག་ཁོ་རི་དགེ་རྒན་ནས་ཆེ་མེད་ཡོང་ང་ལགས། ཡིན་ནའང་སློབ་སྦྱོང་གི་རི་ལེན་ཚར་ཏེ་ཁོ་ཁོ་རི་དགེ་རྒན་ཅོག་རེ་འབྱུང་གི་ལགས།
41རང་གི་མིག་ལ་འོད་ཀྱིན་གདུང་མ་གོ་མེད་མཐོང་ང་། རང་གི་སྤུན་གྱི་མིག་ལ་འོད་ཀྱིན་ཤིང་གྲུག་གོ་ཁྱོད་གི་བྱས་རེ་མཐོང་ང་ལེ། 42ཁྱེད་རི་མིག་གི་གདུང་མ་མེད་མཐོང་གིན་ཁྱོས་རང་གི་སྤུན་ལ་ཁྱོའི་མིག་ནས་ཤིང་གྲུག་གོ་བཏོན་དུ་ཆུག་སྨྲས་རེ་གང་གི་བྱས་རེ་སྨྲ་ཐུབ་བ་ལེ། ཟོག་པོ་ཁྱོད། ཨེན་ལ་རང་གི་མིག་གི་གདུང་མ་གོ་བཏོན། དེ་ནས་ཁྱེད་རི་སྤུན་གྱི་མིག་ལ་འོད་ཀྱིན་ཤིང་གྲུག་གོ་བཏོན་ཡས་ལ་ཁྱོས་གསལ་བོ་མཐོང་གི་ལགས།
སྡོང་པོ་དང་འོ་དེའི་ཤིང་ཏོག།
(མད་ཐཱ། ༧:༡༦-༢༠;༡༢:༣༣-༣༥)
43སྡོང་པོ་བཟང་ང་ལ་འབྲས་བུ་ངན་པ་མེད་སྐྱེ་ལ་ལགས། འོ་བྱས་རེ་རང་སྡོང་པོ་ངན་པ་ལ་འབྲས་བུ་བཟང་ང་མེད་སྐྱེ་ལ་ལགས། 44སྡོང་པོ་གི་རི་འོ་དེ་ཡི་འབྲས་བུ་ནས་ངོ་ཤེས་ལ་ལགས། སྲེ་ཀྱ་ནས་སེ་ཡབ་མི་འཐུ་བ་ལགས། འོ་བྱས་རེ་རང་ཚེར་མའི་ཁོག་ནས་རྒུན་འབྲུམ་མི་འཐུ་བ་ལགས། 45མི་བཟང་པོ་ཡིས་ཁོ་རི་སེམས་ཀྱི་ཇུས་བཟང་ང་ནས་རང་ཕི་ལ་བཟང་ང་བཏོན་ད་ལགས། དེ་ནས་མི་ངན་པ་ཡིས་ཁོ་རི་སེམས་ཀྱི་ཇུས་ངན་པ་ནས་རང་ཕི་ལ་ངན་པ་བཏོན་ད་ལགས། གི་བྱས་རེ་སྨྲ་ན་སེམས་ཀྱི་ནང་ལ་འོད་ཀྱིན་གོ་རང་ཁ་ནས་འཐོན་ད་ལགས།
ཁང་པ་གཉིས་ཀྱི་དཔེ།
(མད་ཐཱ། ༧:༢༤-༢༧)
46ངས་སྨྲ་གིན་གོ་མི་བྱེད་ན། ཁྱེད་ཀྱ་གི་བྱས་རེ་ང་ལ་གཙོ་བོ་གཙོ་བོ་སྨྲས་རེ་བོས་ལ་ལེ། 47ངའི་རྩ་རུ་འོངས་རེ་ངའི་བཀའ་ལ་མཉན་ཏེ་འོ་དེ་ཅོག་རེ་བྱེད་མཁན་གོ་སུ་ཅོག་རེ་ལེ་སྨྲས་རེ་ངས་ཁྱེད་ཀྱ་ལ་སྟོན་དོ། 48ཁོ་ས་གཏིང་རིང་པོ་བྲུས་རེ་ཕོང་གིན་ཁ་ལ་ཁང་པ་ཡི་འགྲམ་བཏིང་རེ་ཁང་པ་བཟོ་མཁན་མི་ཅོག་རེ་ལགས། དེ་ནས་ཆུ་ལོག་འོངས་རེ་ཁང་པ་གོ་བརྟན་པོ་བཟོས་ཟ་བྱས་རེ་ཆུ་ཡིས་བཞུས་ཏེའང་གཡོས་མ་ཐུབ་པ་ལགས། 49ཡིན་ནའང་ངའི་བཀའ་ལ་མཉན་ཏེ་འོ་དེ་ཅོག་རེ་མི་བྱེད་མཁན་གོ་འགྲམ་མ་བཏིང་བ་ས་ཁ་ལ་ཁང་པ་བཟོ་མཁན་མི་ཅོག་རེ་གཅིག་ལགས། དེ་ནས་འོ་དེ་ཁང་པ་ལ་ཆུ་ཕོག་བའི་གང་ལ་ཁང་པ་གོ་ལམ་སང་བརྡིབས་ཏེ་མེད་ད་ལ་སོང་བ་ལགས།།
اکنون انتخاب شده:
ལུ་ཀ། 6: LOY
هایلایت
کپی
مقایسه
به اشتراک گذاشتن
می خواهید نکات برجسته خود را در همه دستگاه های خود ذخیره کنید؟ برای ورودثبت نام کنید یا اگر ثبت نام کرده اید وارد شوید
© 2023, Wycliffe Bible Translators, Inc. and Nepal Bible Society