ལུ་ཀ། 5

5
ཡེ་ཤུ་ཡིས་ཉེ་གནས་དང་པོ་ཀྱ་ལ་འབོད་བ།
(མད་ཐཱ། ༤:༡༨-༢༢; མར་ཀུ། ༡:༡༦-༢༠; ཡོ་ཧ་ནན། ༡:༤༠-༤༢)
1ཉིན་མ་གཅིག་ཡེ་ཤུ་གན་ནེ་སཱ་རེད་མཚོ་འགྲམ་དུ་བཞུགས་འོད་ད་ལགས། དེ་ནས་མི་མང་ཀྱ་ཚང་ག་བརྒྱབ་སྟེ་ཁོང་པ་ལ་བསྐོར་ཏེ་དཀོན་མཆོག་གི་བཀའ་མཉན་ཏེ་བསྡད་འོད་ད་ལགས། 2ཡེ་ཤུ་ཡིས་མཚོའི་འགྲམ་དུ་གྲུ་གཉིས་གཟིགས་པ་ལགས། ཡིན་ནའང་ཉ་པ་ཀྱ་གྲུ་བོར་ཏེ་ཉ་རས་འཁྲུད་རེ་བསྡད་འོད་ད་ལགས། 3དེ་ནས་ཁོང་པ་སི་མོན་སྨྲ་གིན་གྱི་གྲུ་ནང་དུ་ཕེབས་ཏེ་གྲུ་གོ་མཚོའི་མཐའ་མ་ནས་ཧ་ཚད་ལ་སྐྱོལ་གསུངས་རེ་སི་མོན་ལ་གསུངས་བ་ལགས། དེ་ནས་འོ་དུ་རུ་བཞུགས་ཏེ་ཁོང་པ་ཡིས་མི་ཀྱ་ལ་ཆོས་སྟོན་མཛད་པ་ལགས།
4ཁོང་པ་ཡི་བཀའ་ལོབ་གསུངས་ཚར་ཏེ་སི་མོན་ལ་གསུངས་བ་ལགས། ཆུ་གཏིང་རིང་ང་ཕྱོགས་ལ་སོང་རེ་ཉ་ཟིམ་ཡས་ལ་ཉ་རས་མ་ལ་གཏོང་།
5དེ་ནས་སི་མོན་གྱིས་སྨྲས་བ་ལགས། སློབ་དཔོན་ལགས། འི་ཀིས་མཚན་གང་དཀའ་ལས་བརྒྱབ་པའི། དེ་ནས་གིའང་ཟིམ་མ་ཐུབ། ཡིན་ནའང་ཁྱེད་རང་གིས་གསུངས་ཀྱིན་ལ་ཆ་བཞག་སྟེ་ང་ཉ་རས་མ་ལ་པབ་བ་ཡིན། 6དེ་ནས་ཁོང་ཀྱ་ཡིས་ཉ་རས་མ་ལ་པབ་སྟེ་དམི་ཅིག་གི་མང་ང་ཉ་ཟིམ་ཏེ་ཉ་རས་གོ་རལ་ཡས་བྱས་བ་ལགས། 7འོ་བྱས་རེ་ཁོང་ཀྱ་ཡིས་གྲུ་གཞན་མ་ལ་འོད་ཀྱིན་རོགས་བ་ཀྱ་ལ་རོགས་བ་བྱེད་ཡས་ལ་ལག་བརྡ་བྱས་བ་ལགས། དེ་ནས་འོ་དེ་ཀྱ་འོངས་རེ་གྲུ་གཉིས་ཀ་ར་ལ་ཉ་བཀང་བ་ལགས། དེ་ནས་ཁོང་ཀྱ་བིབ་གུ་བྱས་བ་ལགས།
8དེ་མཐོང་རེ་སི་མོན་པེ་ཏྲོ་ཡེ་ཤུའི་གདོང་ལ་པུས་མོ་བཙུགས་ཏེ་ཞུས་བ་ལགས། གཙོ་བོ། ང་མི་སྡིག་ཅན་གཅིག་ཡིན། ང་ནས་ཧ་ལ་ཕེབས་རོགས་གནང་། 9གི་བྱས་རེ་སྨྲ་ན་དེ་རེ་མང་ང་ཉ་ཟིམ་གྱིན་གོ་ལ་སི་མོན་དང་ཁོའི་མུ་ལ་འོད་མཁན་གི་རི་ཧང་སངས་བ་ལགས། 10དེ་རེ་བྱས་རེ་རང་སི་མོན་གྱི་ལས་རོགས་ཟེ་བད་དཱིའི་བི་ཛ་ཡ་ཀོབ་དང་ཡོ་ཧ་ནན་ཧ་ལས་བ་ལགས།
དེ་ནས་ཡེ་ཤུ་ཡིས་སི་མོན་ལ་གསུངས་བ་ལགས། ཁྱོད་མ་འཇིགས། ད་དེ་ནས་ཧ་ལ་ཁྱོད་མི་ཀྱ་ཡི་ཉ་པ་འབྱུང་གི་ལགས། 11དེ་ནས་ཁོང་ཀྱ་ཡིས་གྲུ་མཐའ་མ་ལ་འཐེན་ཏེ་འོ་དེ་གི་རི་བོར་ཏེ་ཡེ་ཤུའི་གཤམ་པ་ལ་འབྲངས་བ་ལགས།
མཛེ་ནད་མི་གཅིག་དྲག་པ།
(མད་ཐཱ། ༨:༡-༤; མར་ཀུ། ༡:༤༠-༤༥)
12ཡེ་ཤུ་ཡུལ་གཅིག་ལ་འོད་དེ་གང་ལ། མཛེ་ནད་ཀྱི་བཏུམས་ཏེ་བསྡད་ད་མི་གཅིག་འོ་དུ་རུ་འོངས་བ་ལགས། དེ་ནས་ཡེ་ཤུ་ལ་མཇལ་རེ་ཁོས་ཕྱག་འཚལ་རེ་ཞུས་བ་ལགས། གཙོ་བོ། ཁྱེད་རང་གི་ཐུགས་དགོངས་འོད་ན། ང་ལ་གཙང་མ་མཛད་ཐུབ་ཀྱི་ལགས།
13ཡེ་ཤུ་ཡིས་ཕྱག་བརྐྱངས་ང་མཛད་དེ་ཁོ་ལ་འཇུ་བ་མཛད་དེ་གསུངས་བ་ལགས། ང་འདོད་འདིག་འོད། ཁྱོད་གཙང་མ་འབྱུང་། དེ་ནས་ལམ་སང་མཛེ་ནད་གོ་ཁོ་ནས་དག་པ་ལགས།
14དེ་ནས་ཁོང་པ་ཡིས་ཁོ་ལ་བཀའ་དེ་གནང་བ་ལགས། ལབ་དེ་སུ་ལའང་མ་བཤད། ཡིན་ནའང་སོང་རེ་རང་ལ་མཆོད་དཔོན་རྩ་རུ་སྟོན། དེ་ནས་མོ་ཤེས་བཀའ་གནང་གིན་ཅོག་རེ་ཁོང་ཀྱ་ལ་དཔང་པོ་འོང་ཡས་ལ་ཁྱོད་གཙང་མ་འབྱུང་ཡས་ཀྱི་ཕྱིར་ལ་མཆོད་པ་ཕུལ།
15ཡིན་ནའང་ཡེ་ཤུའི་སྐོར་ལ་ལབ་ཀྱ་ས་ཆ་གི་རི་ལ་དོ་རང་འང་མང་ང་གྲམ་པ་ལགས། དེ་ནས་མི་ཚོགས་ཆེ་གཅིག་ཁོང་པ་ནས་བཀའ་མོལ་ཉན་ཡས་དང་ན་ཚ་ནས་དྲག་ཡས་ལ་ཡེ་ཤུ་རྩ་རུ་འཛོམས་པ་ལགས། 16ཡིན་ནའང་ཁོང་པ་ས་ཆ་ཨན་སྟོང་ཀྱ་ལ་ཕེབས་ཏེ་གསོལ་བ་འདེབས་པ་ལགས།
ཡེ་ཤུ་ཡིས་གཟའ་ཕོག་པ་མི་ལ་བཅོས་ག་མཛད་པ།
(མད་ཐཱ། ༩:༡-༨; མར་ཀུ། ༢:༡-༢)
17ཞག་མོ་གཅིག་ཡེ་ཤུ་ཆོས་སྟོན་མཛད་དེ་གང་ལ་ཕཱ་རུ་ཤི་པ་ཀྱ་དང་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་འོ་དུ་རུ་བསྡད་འོད་ད་ལགས། ཁོང་ཀྱ་ག་ལིལ་ཡུལ་གི་རི་ནས་དང་ཡུ་དེ་ཡཱ་དང་ཡེ་རུ་ཤ་ལེམ་རྒྱལ་ས་ནས་འོངས་བ་ལགས། ད་དྲག་གསོ་གནང་ཡས་ལ་དཀོན་མཆོག་གི་ནུས་མཐུ་ཡེ་ཤུ་མུ་ལ་འོད་ད་ལགས། 18དེ་ནས་མི་རིང་འགའ་ཡིས་གཟའ་ཕོག་པ་མི་གཅིག་ལ་ཉལ་ཆས་མུ་ལ་རང་ཁྱེར་ཏེ་འོངས་བ་ལགས། དེ་ནས་ཁོང་ཀྱ་ཡིས་ཁོ་ལ་ནང་དུ་ཁྱེར་ཏེ་ཡེ་ཤུའི་དྲུང་དུ་བཞག་ཡས་ཐབས་ཤེས་བྱས་བ་ལགས། 19ཡིན་ནའང་མི་ཚོགས་ཀྱིས་བྱས་རེ་ནང་དུ་ཁྱེར་ཏེ་འོང་ཡས་ལ་ལམ་ཁ་མ་འབྱོར་པ་ཁོང་ཀྱ་ཁྱིམ་གྱི་སྟང་ལ་སོང་བ་ལགས། དེ་ནས་ཐོག་ཤུས་རེ་ཁོང་པ་བཞུགས་ཀྱིན་གྱི་ཁབ་ཐད་མ་ལ་ཁོ་ལ་ཉལ་ཆས་མུ་ལ་རང་མ་ལ་པབ་པ་ལགས། 20དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ཡི་དད་པ་གོ་གཟིགས་ཏེ་ཁོ་ལ་གསུངས་བ་ལགས། བི་ཛ་བོ། ཁྱོའི་སྡིག་པ་ཀྱ་བསལ་སོང་།
21དེ་ནས་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་དང་ཕཱ་རུ་ཤི་པ་ཀྱ་ཡིས་དེ་རེ་དྲི་བ་འགོ་བཙུགས་པ་ལགས། དཀོན་མཆོག་ལ་སྐུར་བ་འདེབས་ཀྱིན་འདི་སུ་ལེ། དཀོན་མཆོག་གཅིག་ཀ་ཡིས་མ་ན་སུས་སྡིག་པ་སེལ་ཐུབ་ཀྱི་ལེ།
22དེ་ནས་ཁོང་ཀྱ་ཡི་བསམ་བློ་མཁྱེན་ད་མཛད་དེ་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་རང་གི་སེམས་ནང་དུ་གི་བྱས་རེ་དེ་རེ་བསམ་བློ་བཏང་ང་ལེ། 23ཁྱོའི་སྡིག་པ་བསལ་སོང་ཡང་ན་ལོངས་ལ་གོམ་པ་འཛུགས་སྨྲས་རེ་སྨྲ་ཡས་ལ་གིན་གོ་སྨྲ་ན་ལས་སླ་འདུག་བོ། 24ཡིན་ནའང་འདི་འཇིག་རྟེན་དུ་མིའི་བུ་#༥:༢༤ ཡེ་ཤུའི་མིང་གཅིག་ལགས།ལ་སྡིག་པ་སེལ་ཡས་ཀྱི་དབང་ཆ་འོད་ད་ལགས་སྨྲས་རེ་ཁྱེད་ཀྱ་ཤེས་ལ་བྱེད། དེ་ནས་ཡེ་ཤུ་ཡིས་འོ་དེ་གཟའ་ཕོག་པ་མི་ལ་གསུངས་བ་ལགས། ང་ཁྱོད་ལ་སྨྲ་ཡིན། ལོངས། དེ་ནས་ཁྱོད་རི་ཉལ་ཆས་ཁུར་ཏེ་ཁྱིམ་ལ་སོང་། 25དེ་ནས་ཁོ་ལམ་སང་ཁོང་ཀྱ་ཡི་གདོང་ལ་ལངས་རེ་ཁོ་རང་ཉལ་རེ་བསྡད་ད་ཉལ་ཆེ་ཁུར་ཏེ་དཀོན་མཆོག་ལ་བསྟོད་སྒྲ་བཏང་རེ་ཁྱིམ་ལ་སོང་བ་ལགས། 26དེ་ནས་ཁོང་ཀྱ་གི་རི་དམི་ཅིག་གི་ཧ་ལས་རེ་འཇིགས་སྐྲག་གིས་ཁངས་བ་ལགས། དེ་ནས་དཀོན་མཆོག་ལ་བསྟོད་སྒྲ་ཕུལ་རེ་སྨྲས་བ་ལགས། དི་རིང་འི་ཀིས་དམི་ཅིག་གི་ཧང་སང་གིན་ལས་ཀ་མཐོང་སོང་།
ཡེ་ཤུ་ཡིས་ལེ་ཝི་ལ་བོས་བ།
(མད་ཐཱ། ༩:༩-༡༣; མར་ཀུ། ༢:༡༤-༡༧)
27འོ་དེ་གཤམ་ནས་ཡེ་ཤུ་ཕི་ལ་ཕེབས་ཏེ་ལེ་ཝི་སྨྲ་གིན་ཁྲལ་སྡུད་མཁན་མི་གཅིག་ལ་ཁོ་རི་ལས་ཀ་བྱེད་ས་རུ་བསྡད་དེ་བཞག་གིན་གོ་གཟིགས་པ་ལགས། དེ་ནས་ཡེ་ཤུ་ཡིས་ཁོ་ལ་ངའི་གཤམ་ལ་འབྲོང་གསུངས་རེ་གསུངས་བ་ལགས། 28དེ་ནས་ཁོ་འོ་དེ་གི་རི་བོར་ཏེ་ཁོང་པ་ཡི་གཤམ་པ་ལ་འབྲངས་བ་ལགས།
29དེ་ནས་ལེ་ཝི་ཡིས་ཡེ་ཤུ་ལ་ཁོ་རི་ནང་དུ་བཞུགས་གྲལ་བཏགས་པ་ལགས། དེ་ནས་ཁོང་ཀྱ་མུ་ལ་འོ་དུ་རུ་ཁྲལ་སྡུད་མཁན་ཀྱ་དང་གཞན་མ་ཀྱ་ཡི་མི་ཚོགས་ཆེ་གཅིག་འོད་ད་ལགས། 30དེ་ནས་ཕཱ་རུ་ཤི་པ་ཀྱ་དང་ཁོང་ཀྱ་ཡི་ཕྱོགས་ཁག་གི་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ཡེ་ཤུའི་ཉེ་གནས་ཀྱ་ལ་དེ་རེ་སྨྲས་རེ་ཉེ་ཏོག་བཤད་པ་ལགས། ཁྲལ་སྡུད་མཁན་ཀྱ་དང་སྡིག་ཅན་ཀྱ་མུ་ལ་ཁྱེད་ཀྱ་གི་བྱས་རེ་ཟ་འཐུང་བྱེད་ད་ལེ།
31དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཨེམ་ཆི་ནི་ཐང་ང་ཀྱ་ལ་མིན་ད། ནད་པ་ཀྱ་ལ་དགོས་ལ་ལགས། 32དེ་ནས་ང་དྲང་བདེན་ཀྱ་ལ་མིན་ད། སྡིག་ཅན་ཀྱ་ལ་རང་གི་སྡིག་པ་སྤངས་རེ་སེམས་བསྒྱུར་ཡས་ལ་འབོད་རུ་འོངས་བ་ཡིན།
སྨྱུང་གནས་ཀྱི་སྐོར་ལ་དྲི་བ།
(མད་ཐཱ། ༩:༡༤-༡༧; མར་ཀུ། ༢:༡༨-༢༢)
33ཁོང་ཀྱ་ཡིས་ཡེ་ཤུ་ལ་ཞུས་བ་ལགས། ཡོ་ཧ་ནན་གྱི་ཉེ་གནས་ཀྱ་སྨྱུང་གནས་བཞུགས་ཏེ་གསོལ་བ་བརྒྱབ་བའི། དེ་ནས་ཕཱ་རུ་ཤི་པའི་ཉེ་གནས་ཀྱའང་དེ་རེ་རང་བྱེད་འདིག། ཡིན་ནའང་ཁྱེད་རང་གི་ཉེ་གནས་ཀྱ་ཟ་འཐུང་བྱེད་འདིག།
34དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། མནའ་མ་ལེན་ས་རུ་མག་པ་ཁོང་ཀྱ་མུ་ལ་འོད་དེ་གང་ལ་མགྲོན་པོ་ཀྱ་ལ་ཁྱེད་ཀྱ་སྨྱུང་གནས་སྲུང་དུ་བཅུག་ཐུབ་ཀྱི་ལེ། 35ཡིན་ནའང་མག་པ་གོ་ཁོང་ཀྱ་ནས་ཁ་བྲལ་གྱིན་དུས་གོ་སླེབས་ཀྱི་ལགས། དེ་ནས་འོ་དེ་དུས་ལ་ཁོང་ཀྱ་སྨྱུང་གནས་སྲུང་གི་ལགས།
36དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་ཡང་དཔེ་གཅིག་གསུངས་བ་ལགས། སུས་འང་གོས་ལག་གསར་པ་རལ་རེ་རྙིང་པ་གོས་ལག་ལ་ལྷན་པ་མེད་བརྒྱབ་བ་ལགས། འོ་རེ་བྱེད་ན་ཁོའི་གོས་ལག་གསར་པ་གོ་རལ་གྱི་ལགས། དེ་ནས་གསར་པ་ལྷན་པ་རྙིང་པ་ལ་མི་མཐུན་གྱི་ལགས། 37དེ་ནས་སུས་འང་རྒུན་ཆང་གསར་པ་གོ་པི་ཁུག་རྙིང་པ་ནང་དུ་མི་བླུག་གི་ལགས། ཡིན་ནའང་བླུག་ན་པི་ཁུག་རལ་རེ་ཆང་གོ་འབོ་གི་ལགས། དེ་ནས་པི་ཁུག་གོའང་གནོང་གི་ལགས། 38ཡིན་ནའང་རྒུན་ཆང་གསར་པ་གོ་པི་ཁུག་གསར་པ་ནང་དུ་རང་བླུག་དགོས་གུ་ལགས། 39དེ་ནས་རྒུན་ཆང་རྙིང་པ་གོ་འཐུང་རེ་སུས་འང་རྒུན་ཆང་གསར་པ་གོ་འཐུང་ཡས་འདོད་པ་མི་བྱེད་ཀྱི་ལགས། གི་བྱས་རེ་སྨྲ་ན་རྙིང་པ་གོ་རང་དགའ་འདུག་སྨྲས་རེ་ཁོང་ཀྱ་ཡིས་སྨྲ་གི་ལགས།།

اکنون انتخاب شده:

ལུ་ཀ། 5: LOY

های‌لایت

کپی

مقایسه

به اشتراک گذاشتن

None

می خواهید نکات برجسته خود را در همه دستگاه های خود ذخیره کنید؟ برای ورودثبت نام کنید یا اگر ثبت نام کرده اید وارد شوید