མཛད་པ། 19

19
པའུ་ལུ་ཨེ་ཕེ་སུ་རྒྱལ་ས་རུ།
1ཨ་པོལ་ལོས་ཀོ་རིན་ཐུ་རུ་འོད་དེ་གང་ལ། པའུ་ལུ་ཨེ་ཞི་ཡཱ་ཡི་གུང་ནས་བྱུང་རེ་ཨེ་ཕེ་སུ་རྒྱལ་ས་ལ་སླེབས་པ་ལགས། འོ་དུ་རུ་ཁོས་དད་པ་བྱེད་མཁན་རིང་འགའ་ཐུག་པ་ལགས། 2ཁོས་ཁོང་ཀྱ་ལ་དྲིས་བ་ལགས། ཁྱེད་ཀྱ་ཡིས་གཙོ་བོ་ལ་དད་པ་བྱས་རེ་དམ་པའི་ཐུགས་ཉིད་འབྱོར་སེ།
ཁོང་ཀྱ་ཡིས་སྨྲས་བ་ལགས། མ་འབྱོར་སོང་། འེ་ཀྱ་ཡིས་དམ་པའི་ཐུགས་ཉིད་འོད་ད་ལགས་སྨྲས་རེ་ཧ་གོ་མ་མྱོང་།
3དེ་ནས་པའུ་ལུ་ཡིས་དྲིས་བ་ལགས། དེ་རེ་ཡིན་ན་ཁྱེད་ཀྱ་ལ་ག་རེ་ཁྲུས་གསོལ་ཐོབ་སོ།
ཁོང་ཀྱ་ཡིས་སྨྲས་བ་ལགས། ཡོ་ཧ་ནན་གྱི་གནང་ན་ཁྲུས་གསོལ་ཐོབ་སོང་།
4པའུ་ལུ་ཡིས་སྨྲས་བ་ལགས། ཡོ་ཧ་ནན་གྱི་ཁྲུས་གསོལ་དེ་སྡིག་པ་ནས་འགྱོད་པ་བྱེད་ཡས་ཀྱི་ཕྱིར་ལ་ལགས། ཡོ་ཧ་ནན་ཁོ་རི་རང་མི་ཀྱ་ལ་ཁོ་ནས་གཤམ་ལ་འོངས་མཁན་གོ་ལ་དད་པ་བྱེད་སྨྲས་རེ་གསུངས་བ་ལགས། འོ་དེ་གོ་ཡེ་ཤུ་ལགས།
5དེ་མཉན་ཏེ་འོ་དེ་མི་ཀྱ་ཡིས་གཙོ་བོ་ཡེ་ཤུ་ཡི་མཚན་ལ་ཁྲུས་གསོལ་ལེན་པ་ལགས། 6དེ་ནས་པའུ་ལུ་ཡིས་ཁོ་རི་ལག་པ་ཁོང་ཀྱ་ཡི་ཁར་ལ་བཞག་པ་ལགས། དེ་ནས་དམ་པའི་ཐུགས་ཉིད་ཁོང་ཀྱ་ཡི་ཁར་ལ་ཕེབས་པ་ལགས། དེ་ནས་ཁོང་ཀྱ་ཡིས་མེད་ཤེས་ཀྱིན་སྐད་ཀྱ་བརྒྱབ། དེ་ནས་མངོན་ཤེས་བཤད་བྱས་བ་ལགས། 7ཁོང་ཀྱ་མི་བཅུ་གཉིས་འོད་ད་ལགས།
8ཟླ་བ་གསུམ་ཐུག་པའི་པའུ་ལུ་ཡ་ཧུ་དཱ་པ་ཀྱ་ཡི་ཚོགས་ཁང་ལ་སོང་རེ། སྙིང་ཆེ་བྱས་རེ་མི་ཀྱ་ལ་ཆོས་བཤད་པ་ལགས། ཁོས་མི་ཀྱ་ལ་དཀོན་མཆོག་གི་རྒྱལ་ཁབ་ཀྱི་སྐོར་ལ། རྩོད་གླེང་བྱས་རེ་ཁོང་ཀྱ་ལ་དད་པ་ལ་འཁྱེར་ཏེ་འོངས་ཡས་ཐབས་ཤེས་བྱས་བ་ལགས། 9ཡིན་ནའང་མི་རིང་འགའི་སེམས་སྲ་བྱས་རེ་གཙོ་བོ་ལ་དད་པ་མ་བྱས་བ་ལགས། དེ་ནས་མི་གི་རིའི་གདོང་ལ་ཁོང་ཀྱ་ཡིས་དཀོན་མཆོག་གི་ལམ་ཁ་ཡི་སྐོར་ལ་སྨད་སྤྲ་པབ་པ་ལགས། འོ་བྱས་རེ་པའུ་ལུ་ཁོང་ཀྱ་ཡི་ཚོགས་ཁང་བོར་ཏེ་དད་པ་བྱེད་མཁན་མི་ཀྱ་ལ་ཁོ་རང་མུ་ལ་ཁྲིད་པ་ལགས། དེ་ནས་ཉིན་མ་ཙོག་བའི་ཁོ་ཏུ་རན་ནོས་སྨྲ་གིན་ཚོགས་པ་རུ་མི་ཀྱ་མུ་ལ་ཐུག་སྟེ་རྩོད་གླེང་བྱས་བ་ལགས། 10དེ་རེ་བྱས་རེ་ལོ་གཉིས་རྫོགས་པ་ལགས། དེ་ནས་ཨེ་ཞི་ཡཱ་རུ་འོད་མཁན་ཡ་ཧུ་དཱ་པ་དང་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱི་མི་ཀྱ་ཡིས་འང་གཙོ་བོའི་བཀའ་མཉན་པ་ལགས།
11དཀོན་མཆོག་གིས་པའུ་ལུ་ཡི་ཕྱག་ནས་དམི་ཅིག་གི་ཧང་སང་གིན་ལས་ཀ་ཀྱ་མཛད་པ་ལགས། 12པའུ་ལུ་ཡི་ལུས་ལ་འཇུས་ཛ་སྣབས་ཕྱིས་དང་རས་ཀྱ་འཁྱེར་ཏེ་ནད་པ་ཀྱ་ཁར་ལ་བཞག་ནའང་། འོ་དེ་ཀྱ་དྲག་སྟེ་འགྲོ་བ་ལགས། དེ་ནས་གནོད་པ་ཀྱ་འཐོན་ཏེ་འགྲོ་བ་ལགས།
13དེ་ནས་ས་ཆ་ས་ཆ་ཀྱ་ལ་འགྲུལ་བརྒྱབ་སྟེ་གནོད་པ་བཏོན་ཏེ་འགྲོ་མཁན་ཡ་ཧུ་དཱ་པ་རིང་འགའ་ཡིས་འང་གཙོ་བོ་ཡེ་ཤུ་ཡི་མཚན་ནས་གནོད་པ་ཀྱ་བཏོན་ཡས་ཐབས་ཤེས་བྱས་བ་ལགས། ཁོང་ཀྱ་ཡིས་གནོད་པ་ཀྱ་ལ་པའུ་ལུ་ཡིས་གསུངས་ཀྱིན་ཡེ་ཤུ་ཡི་མཚན་ནས་ང་ཁྱོད་ལ་འཐོན་ཏེ་སོང་སྨྲས་རེ་བཀའ་སྟེར་ར་ཡིན་སྨྲས་རེ་སྨྲ་ལགས། 14སི་རྐེ་བཱ་སྨྲ་མཁན་ཡ་ཧུ་དཱ་པ་གཙོ་མཆོད་དཔོན་གྱི་བི་ཛ་བདུན་ཀྱ་ཡིས་དེ་རེ་བྱེད་ད་ལགས། 15ཡིན་ནའང་ཞག་མོ་གཅིག་ཁོང་ཀྱ་ཡིས་དེ་རེ་ལས་ཀ་བྱེད་འདིག་གང་ལ། གནོད་པ་གཅིག་གིས་ཁོང་ཀྱ་ལ་སྨྲས་བ་ལགས། ཡེ་ཤུ་ལ་ང་ངོ་ཤེས་ལི་ཡིད། པའུ་ལུ་ལའང་ངོ་ཤེས་ལི་འོད། ཡིན་ནའང་ཁྱེད་ཀྱ་གོ་སུ་ལེ། 16དེ་རེ་སྨྲས་རེ་འོ་དེ་གནོད་པ་འཛུལ་ཛ་མི་ཁོང་ཀྱ་ཁར་ལ་མཆོང་ཏེ་བརྒྱབ་པ་ལགས། དེ་ནས་ཁོང་ཀྱ་ལ་བཞུས་ཏེ་ཁོང་ཀྱ་དམར་ཧྲང་བའི་བྱུང་རེ་གཟུགས་གང་རྨ་བྱུང་རེ་འོ་དེ་ནས་བྲོས་རེ་སོང་བ་ལགས།
17འདི་ལབ་དེ་ཨེ་ཕེ་སུ་རུ་འོད་མཁན་ཡ་ཧུ་དཱ་པ་དང་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱི་མི་ཀྱ་ཡིས་ཧ་གོ་པ་ལགས། དེ་ནས་ཁོང་ཀྱ་འཇིགས་པ་ལགས། དེ་ནས་ཁོང་ཀྱ་ཡིས་གཙོ་བོ་ཡེ་ཤུ་ཡི་མཚན་ལ་དམི་ཅིག་གི་གུས་ཞབས་བྱས་བ་ལགས། 18དེ་ནས་དད་པ་བྱེད་མཁན་མི་དམི་ཅིག་གི་མང་ང་འོངས་རེ་ཁོ་རང་ཀྱ་ཡིས་ཨེན་མ་བྱས་བྱ་ལས་ཀ་ངན་པ་ཀྱ་ཡི་སྐོར་ལ་གི་རིའི་གདོང་ལ་བཤད་པ་ལགས། 19མིག་འཕྲུལ་བྱེད་མཁན་ཀྱ་ཡིས་ཁོ་རི་དེབ་ཀྱ་ཁྱེར་ཏེ་འོངས་རེ་མི་གི་རིའི་གདོང་དུ་མེ་ལ་བསྲགས་པ་ལགས། འོ་དེ་བསྲགས་ར་དེབ་ཀྱ་ཡི་གོང་ལྟ་ན་དངུལ་གྱི་ཊམ་ཀ་ཁྲི་ལྔ་ཐོན་ད་ལགས། 20དེ་རེ་བྱས་རེ་གཙོ་བོའི་བཀའ་བཀྲམ་ཏེ་སོང་རེ། དེ་ནས་དམི་ཅིག་གི་དབང་ཆེ་བྱུང་བ་ལགས།
ཨེ་ཕེ་སུ་རུ་འཁྲུག་ཤོར་གྱིན།
21འོ་དེ་གཤམ་ནས་པའུ་ལུ་ཡིས་མ་ཀེ་དོན་ཡཱ་དང་། ཨ་ཀ་ཡི་ཡཱ་རྒྱལ་ས་ནས་བྱུང་རེ་ཡེ་རུ་ཤ་ལེམ་ལ་འགྲོ་ཡས་གྲོས་བྱས་བ་ལགས། ཁོས་སྨྲས་བ་ལགས། ཡེ་རུ་ཤ་ལེམ་ལ་སོང་རེ་ང་རོམ་རྒྱལ་ས་རུའང་འགྲོ་དགོས་གུ་ལགས། 22དེ་ནས་ཁོས་ཁོ་རི་ལས་རོགས་ཏི་མོ་ཐེའུ་དང་ཨེ་ར་སི་ཏུ་ལ་མ་ཀེ་དོན་ཡཱ་ཕྱོགས་ལ་བརྫངས་བ་ལགས། ཡིན་ནའང་ཁོ་རང་གོ་ཨེ་ཞི་ཡཱ་རུ་རང་བསྡད་པ་ལགས།
23འོ་དེ་དུས་ཚོད་ལ་གཙོ་བོའི་ལམ་གྱི་སྐོར་ལ་ཨེ་ཕེ་སུ་རུ་དམི་ཅིག་གི་འཁྲུག་ཤོར་པ་ལགས། 24དངུལ་བཟོ་མཁན་དེ་མེ་ཏྲི་ཡུ་སྨྲ་མཁན་མི་གཅིག་ཨར་ཏེ་མཱི་ལྷ་མོའི་དངུལ་གྱི་ལྷ་ཁང་ཆུང་ཚད་ཀྱ་བཟོས་བ་ལགས། དེ་ལས་ཀ་བྱས་རེ་ཁོ་དང་ཁོའི་ལས་རོགས་ཀྱ་ཡིས་དམི་ཅིག་གི་ཨ་ལེ་དགའ་བཙལ་ལ་ལགས། 25ད་དེ་མེ་ཏྲི་ཡུ་ཡིས་ཁོ་རི་ལས་རོགས་ཀྱ་དང་ཁོང་ཀྱ་ཅོག་རེ་ལས་ཀ་བྱེད་མཁན་གཞན་མ་གི་རི་ལ་རུབས་ཏེ་སྨྲས་ལགས། རོགས་བ་ཀྱ་བོ། ཁྱེད་ཀྱ་ལ་ཆ་འོད་ད་ལགས། དེ་ཚོང་ནས་འོ་རང་ལ་ཨ་ལེ་དགའ་འོང་ང་ལགས། 26ཡིན་ནའང་འདི་པའུ་ལུ་ཡིས་གི་སྨྲ་གིན་གོ་ཁྱེད་ཀྱ་ཡིས་མཐོང་ང་ལགས། དེ་ནས་གོ་འོད་ད་ལགས། མི་ཡིས་བཟོས་ས་ལྷ་གོ་ལྷ་རང་མ་ལགས་སྨྲས་རེ་སྨྲིས། ཁོས་དུ་རུ་ཨེ་ཕེ་སུ་དང་ཨེ་ཞི་ཡཱ་རུ་བསྡད་མཁན་མི་མང་ཆེ་ལ་ཁོ་རི་ལབ་བསླབས་ཏེ་མགོ་སྐོར་ཚར་འདུག 27དེ་རེ་བྱས་རེ་འོ་རི་ལས་ཀ་གཅིག་ཀ་མ་ལགས། ཡིན་ནའང་གི་རི་ཡིས་བརྩིས་མཁན་ལྷ་མོ་ཨར་ཏེ་མཱི་ཡི་ལྷ་ཁང་གིའང་སྨད་སྤྲ་འབྱུང་ཡས་ཀྱི་ཉེན་ཁ་འོད་ད་ལགས། དེ་ནས་ཨེ་ཞི་ཡཱ་དང་འཛམ་བུ་གླིང་གི་རི་རུ་བརྩིས་རེ་འོངས་བ་ཨར་ཏེ་མཱི་སྨྲ་མཁན་ལྷ་མོའི་ཕྱག་མཆོད་སུས་འང་བྱེད་ཀྱི་མ་ལགས།
28དེ་མཉན་ཏེ་འོ་དུ་རུ་འོད་མཁན་མི་ཀྱ་དམི་ཅིག་གི་ཁོང་ཁྲོ་ལངས་རེ་སྐད་བརྒྱབ་པ་ལགས། ཨེ་ཕེ་སུ་པ་ཡི་ཨར་ཏེ་མཱི་ལྷ་མོ་དབང་ཆེ་ཤོས་ལགས། 29དེ་ནས་ལམ་སང་འོ་དེ་རྒྱལ་ས་ནང་གི་རི་རུ་དམི་ཅིག་གི་ཕེ་ར་བྱུང་བ་ལགས། མི་ཀྱ་འཚང་ཀ་བརྒྱབ་སྟེ་འོངས་བ་ལགས། དེ་ནས་མ་ཀེ་དོན་ཡཱ་ནས་འོངས་བ་པའུ་ལུ་ཡི་རོགས་བ་ག་ཡུ་དང་ཨ་རིས་སྟར་ཀུ་ལ་ཟིམ་ཏེ་རྒྱལ་ས་ཡི་ལྟད་མོ་ཁང་དུ་ཁྲིད་པ་ལགས། 30པའུ་ལུ་འཚང་ཀ་ཡི་གདོང་ལ་འགྲོ་ཉིད་འདོད་པ་ལགས། ཡིན་ནའང་དད་པ་བྱེད་མཁན་སྤུན་ཀྱ་ཡིས་ཁོ་ལ་བཀག་པ་ལགས། 31ཨེ་ཞི་ཡཱ་གཞུང་གི་མི་ཁག་ཆེ་རིང་འགའ་པའུ་ལི་ཡི་རོགས་བ་ལགས། དེ་ནས་ཁོང་ཀྱ་ཡིས་ཁོ་ལ་འོ་དེ་ལྟད་མོ་ཁང་ནང་དུ་མ་འགྲོ་སྨྲས་རེ་ཞུ་བ་ཕུལ་བ་ལགས།
32འོ་དུ་རུ་མི་མང་ཀྱ་ནས་རིང་འགའ་ལབ་གཅིག། རིང་འགའ་ལབ་གཞན་མ་བཏང་རེ་ཕེ་ར་བརྒྱབ་སྟེ་མི་གི་རི་མགོ་འཐོམས་ཏེ་བསྡད་འོད་ད་ལགས། འོ་དུ་རུ་འོད་མཁན་མི་མང་ཆེ་ལ་གི་བྱས་རེ་འཛོམས་མ་ལེ་སྨྲས་རེའང་ཆ་མེད་ད་ལགས། 33ཡ་ཧུ་དཱ་པ་ཀྱ་ཡིས་ཨ་ལེག་སན་དེར་སྨྲ་མཁན་མི་ལ་གདོང་དུ་བརྫངས་བ་ལགས། དེ་ནས་མི་ཀྱ་ཡིས་འོ་དུ་རུ་བྱུང་བྱ་ལབ་སྨྲོས་སྨྲས་རེ་ཕེ་ར་བརྒྱབ་པ་ལགས། དེ་ནས་ཁོས་ལག་པ་ཡིས་མཛུབ་ཏེ་བྱས་རེ་གི་རི་ལ་གཏིང་ཅོག་བའི་བཟོས་རེ་ཁོང་ཀྱ་ཡི་ཕྱོགས་ནས་ལབ་བཏང་ཡས་བྱེད་བ་ལགས། 34ཡིན་ནའང་ཁོ་ཡ་ཧུ་དཱ་པ་ཡིན་མཁན་གོ་འོ་དེ་མི་ཀྱ་ཡིས་ཧ་གོ་སྟེ་འོ་དེ་མི་གི་རི་ཆུ་ཚོད་གཉིས་ཐུག་པའི། ཨེ་ཕེ་སུ་ཡི་ལྷ་མོ་ཨར་ཏེ་མཱི་དབང་ཆེ་ཤོས་ལགས། སྨྲས་རེ་དམི་ཅིག་གི་ཕེ་ར་བརྒྱབ་པ་ལགས།
35དེ་ནས་གཤམ་ལ་འོ་དེ་རྒྱལ་ས་ཡི་དཔོན་པོ་གཅིག་གིས་མི་མང་ཀྱ་ལ་ཁ་པ་བཟོས་རེ་སྨྲས་བ་ལགས། ཨེ་ཕེ་སུ་ཡི་མི་ཀྱ་བོ། དེ་ཨེ་ཕེ་སུ་ཡི་རྒྱལ་ས་དེ་ཨར་ཏེ་མཱི་ལྷ་མོའི་ལྷ་ཁང་དང་། གནམ་ནས་བབ་པ་ཁོང་པ་ཡི་སྐུ་འདིའི་རྒྱལ་ས་ལགས་སྨྲས་རེ་སུ་ལ་ཆ་མེད་ད་ལགས་སེ། 36སུའི་འང་དེ་མ་ལགས་སྨྲ་ཐུབ་ཀྱི་མ་ལགས། འོ་བྱས་རེ་ཁྱེད་རང་ཀྱ་ཁ་པ་སྡོད། དེ་ནས་ལྐུགས་པའི་ལས་ཀ་གིན་ད་མ་བྱེད། 37གི་བྱས་རེ་སྨྲ་ན་ཁྱེད་རང་ཀྱ་ཡིས་ཟིམ་ཏེ་ཁྲིད་དེ་འོངས་བ་དེ་མི་ཀྱ་ཡིས་འོ་རི་ལྷ་ཁང་དུ་རྐུ་མོ་མ་བརྐུས་འདུག དེ་ནས་འོ་རི་ལྷ་མོའི་སྨད་སྤྲ་མ་པབ་འདུག 38ད་དེ་མེ་ཏྲི་ཡུ་དང་ཁོའི་ལས་རོགས་ཀྱ་ལ་ཁྲིམས་ཞུ་དགོས་ཡས་འོད་ན་ཁྲིམས་བཅད་ས་འོད་ད་ལགས། དེ་ནས་འོ་དུ་རུ་ཁྲིམས་དཔོན་ཀྱ་འོད་ད་ལགས། དེ་ནས་ཁོང་ཀྱ་ཡིས་ཁྲིམས་འོ་དུ་རུ་བཀལ་བར་ཤོག། 39ཡིན་ནའང་ཁྱེད་རང་ཀྱ་ལ་དེ་ལབ་ཀྱ་ནས་གཞན་མ་ལབ་ཀྱི་ཕྱིར་ལ་ཞུ་ཡས་འོད་ན། འོ་རང་མི་མང་ཀྱ་ཡི་ཚོགས་འདུ་དུ་བཞག་ཐུབ་ཀྱི་ལགས། 40དི་རིང་གི་དེ་དོན་མེད་ཀྱིན་ཕེ་ར་བརྒྱབ་སྟེ་འོ་རང་ལ་ལས་ཀ་ཨ་བྱས་སོ་སྨྲས་རེ། རོ་མཱ་པ་དཔོན་པོ་ཡིས་ཆད་པ་བཀལ་ཐུབ་ཀྱི་ལགས། གི་བྱས་རེ་སྨྲ་ན་དེའི་སྐོར་ལ་ལན་སྟེར་ཡས་ལབ་དགའ་གིན་ད་མེད་ད་ལགས། 41དེ་ཚོད་སྨྲས་ཚར་ཏེ་ཁོས་འོ་དུ་རུ་འོད་མཁན་མི་ཀྱ་ལ་སློག་སྟེ་བརྫངས་བ་ལགས།།

ទើបបានជ្រើសរើសហើយ៖

མཛད་པ། 19: LOY

គំនូស​ចំណាំ

ចែក​រំលែក

ចម្លង

None

ចង់ឱ្យគំនូសពណ៌ដែលបានរក្សាទុករបស់អ្នក មាននៅលើគ្រប់ឧបករណ៍ទាំងអស់មែនទេ? ចុះឈ្មោះប្រើ ឬចុះឈ្មោះចូល