རོ་མཱ་པ། 14
14
ལེའུ་བཅུ་བཞི།
སྐྱོན་འཛུགས་བགྱིད་མི་དགོས་པའི་སྐོར།
1ཁྱེད་ཀྱ་ཀྱིས་དད་སེམས་ཆུང་མ་ཀྱ་ལེ་ཁས་ལེན་གྱིས་ཤིག ཡིན་ནའང་། བསམ་ཚུལ་མི་འདྲ་བ་དེ་ལེ་རྩོད་གླེང་མ་བགྱིད་ཅིག 2མི་ལ་ལས་ཟས་རིགས་ཡེ་རེ་ཟ་ཆོག་གྱོ་འོད་དི་དད་པ་བྱས་ནའང་། ཡང་དད་སེམས་ཆུང་མ་ཡིན་མཁན་མི་ལ་ལས་ཀྱིས་སྔོ་ཚལ་མ་གཏོགས་གཞན་མ་མི་ཟ་འོད་དིག 3ཟས་རིགས་ཡེ་རེ་ཟ་མཁན་གྱིས་སྔོ་ཚལ་མ་གཏོགས་མི་ཟ་མཁན་མི་ལེ་སྐྱོན་འཛུགས་མ་བགྱིད་ཅིག ཡང་སྔོ་ཚལ་མ་གཏོགས་མི་ཟ་མཁན་གྱིས་ཟས་རིགས་ཡེ་རེ་ཟ་མཁན་མི་ལེ་སྐྱོན་འཛུགས་མ་བགྱིད་ཅིག ཅི་ལེ་ཟེར་ནི། དཀོན་མཆོག་གིས་མི་དེ་ཀྱ་ལེ་ཟང་ཁས་ལེན་གནང་པི་དིག 4མི་གཞན་གྱི་གཡོག་པོ་ལེ་སྐྱོན་འཛུགས་བགྱིད་མཁན་ཁྱོད་སུ་ཡིན་དོ། ཁོའི་བདག་པོས་ཁོ་རང་ལེ་ཆ་འཇོག་འཐོབ་འོད་དིང་མེད་ཀྱི་སྐོར་ལེ་ཐག་གཅོད་བགྱིད་མཁན་ཡིན་དིག ཡང་ཁོ་རང་ཉེས་མེད་ངང་ནས་བརྟན་པོ་སྡོད་ཐུབ་ཀྱི་དིག ཅི་ལེ་ཟེར་ནི། སྐྱབས་མགོན་ཡེ་ཤུ་ནི་ཁོ་རང་བརྟན་པོ་སྡོད་དུ་འཇུག་མཁན་དེ་ཡིན་དིག 5མི་ལ་ལས་ཉིན་མ་འདི་ནི་ཉིན་མ་གཞན་མ་ལས་ལྷག་ཚོད་རྩལ་ཆེན་ཞིག་ཡིན་དིག་ཟིན་རྩི་འོད་དི་དིང་། ཡང་མི་ལ་ལས་ཉིན་མ་ཡེ་རེ་གཅིག་མཚུངས་ཡིན་དི་རྩི་འོད་དིག ཡིན་ནའང་། མི་ཡེ་རེས་རང་སོ་སོའི་སེམས་ལེ་ཐེ་ཚོམ་མེད་དི་བརྟན་པོ་བགྱིད་དགོས་འོད་དིག 6ཡང་དམིགས་བསལ་གྱི་ཉིན་མ་ཡིན་དི་རྩི་མཁན་གྱིས་ཇོ་བོ་དཀོན་མཆོག་གི་དོན་དུ་སྲུང་གྱོ་འོད་དི་དིང་། ཡང་ཟས་རིགས་ཡེ་རེ་ཟ་མཁན་གྱིས་ཇོ་བོ་དཀོན་མཆོག་ལེ་བཀའ་དྲིན་ཆེ་ཞུ་ཕེན། ཇོ་བོའི་དོན་དུ་ཟ་དིང་། ཟ་རིགས་ཡེ་རེ་མི་ཟ་མཁན་གྱིས་ཟང་། ཇོ་བོའི་དོན་དུ་མི་ཟ་འོད་དི་དིང་། དཀོན་མཆོག་ལེ་བཀའ་དྲིན་ཆེ་ཞུས་པི་དིག 7འུ་ཀྱ་ཀྱིས་རང་གི་དོན་ལེ་འཚོ་བ་མི་སྐྱེལ་འོད་དིག ཡང་རང་གི་དོན་ལེ་ཟང་མི་ཤི་འོད་དིག 8འཚོ་བ་སྐྱེལ་ནའང་ཇོ་བོ་དཀོན་མཆོག་གི་དོན་ལེ་འཚོ་བ་སྐྱེལ་གྱོ་འོད་དིག ཤི་ནི་ཇོ་བོའི་དོན་ལེ་ཤི་འོད་དིག འོ་དེ་ལེ་བརྟེན་ཏེ། འུ་ཀྱ་ཟང་འཚོ་བ་སྐྱེལ་ནའང་ཤི་ནའང་ཇོ་བོའི་ཡིན་དིག 9ཤི་གསོན་གཉིས་ཀ་ཇོ་བོའི་ཡིན་དི་ཆེད་དུ། སྐྱབས་མགོན་ཡེ་ཤུ་སྐུ་གྲོངས་ཏེ་ཡང་དང་གསོན་པོ་བྱུང་པི་དིག 10འོ་དེ་ལེ་བརྟེན་ཏེ། ཁྱེད་ཀྱ་ཀྱིས་ཅི་ལེ་རང་གི་ཆོས་གྲོགས་སྤུན་ཟླ་ཀྱ་ལེ་སྐྱོན་འཛུགས་བགྱིད་དི་ཡིན་དོ། ཅིའི་དོན་ལེ་མཐོང་ཆུང་བགྱིད་དི་ཡིན་དོ། ཅི་ལེ་ཟེར་ནི། འུ་ཀྱ་ཡེ་རེ་ནི་བཟང་ངན་གྱི་ཁྲིམས་ཐགས་གཅོད་ས་དཀོན་མཆོག་གི་ཞུགས་ཁྲིའི་མདུན་དུ་ལངས་དགོས་འོད་དིག 11གསུང་རབ་ཀྱི་མདོ་ནང་ལེ་ཟང་།
ཇོ་བོ་དཀོན་མཆོག་གིས། །
ང་བདེན་པ་ངོ་ཐོག་གསོན་པོ་ཡིན་ཕེན། །
པུས་མོ་འོད་ཚད་ཀྱིས་ང་ལེ་ཕྱག་འཚལ། །
ལྕེ་མོ་འོད་ཚད་ཀྱིས་ང་ནི་དངོས་གནས། །
དཀོན་མཆོག་ཡིན་དི་ཁས་ལེན་བགྱིད། །
ཟིན་གསུངས་འོད་དིག#14.11 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 45 ཨང་ 23 ནང་ལེ་གཟིགས་རོགས། 12འོ་དེ་ལེ་བརྟེན་ཏེ། འུ་མི་རེ་རེས་བཟང་ངན་ཅི་བྱས་པའི་དོན་དེ་ཀྱ་དཀོན་མཆོག་ལེ་རྩིས་འབུལ་དགོས་འོད་དིག
ཆོས་གྲོགས་སྤུན་ཟླ་ཀྱ་ལེ་བར་ཆད་མི་བཟོ་བའི་སྐོར།
13འོ་དེ་ལེ་བརྟེན་ཏེ། ད་ཕྱིན་ཆད་འུ་ཀྱ་ཕན་ཚུན་གཅིག་གིས་གཅིག་ལེ་སྐྱོན་འཛུགས་མ་བགྱིད་ཅིག ཡང་མི་སུས་ཟང་སྤུན་ཟླའི་ལམ་ལེ་བར་ཆད་དིང་། འགག་རྡོ་མི་བཟོ་བའི་སེམས་ཐག་གཅོད་ཅིག 14ང་ནི་ཇོ་བོ་ཡེ་ཤུ་ལེ་དད་པ་བགྱིད་མཁན་ཞིག་ཡིན་དི་ཆ་ནས། མི་གཙང་བའི་དངོས་པོ་གཅིག་ཟང་མེད་དེ་ནི། ངས་ཡིད་ཆེས་བརྟན་པོ་བགྱིད་འོད། ཡིན་ནའང་། མི་སུ་ཞིག་གིས་དངོས་པོ་ཅི་ཞིག་མི་གཙང་བ་ཡིན་དི་བརྩིས་ནི། ཁོའི་ཆེད་དུ་དངོས་པོ་དེ་མི་གཙང་བ་ཞིག་ཡིན་དིག 15གལ་སྲིད་ཁྱོད་ཀྱིས་ཅི་བཟས་པའི་ཁ་ཟས་ཀྱིས་སྤུན་ཟླའི་སེམས་འཁྲུགས་ནི། དེ་ནི་བྱམས་སེམས་ཀྱི་སྤྱོད་ལམ་ཅོག་འདྲ་མ་བྱས་པི་དིག སྐྱབས་མགོན་ཡེ་ཤུ་ནི་ཁོའི་དོན་ལེ་ཟང་སྐུ་གྲོངས་གནང་ཕེན། ཁྱོད་ཀྱི་ཁ་ཟས་ཀྱིས་ཆོས་གྲོགས་སྤུན་ཟླ་དེ་རྩ་མེད་འགྲོ་རུ་མ་འཇུག 16ཁྱོད་ཀྱིས་བཟང་པོ་བརྩིས་པ་དེ་ལེ་མི་གཞན་གྱིས་དམའ་འབེབས་གཏོང་དུ་མ་འཇུག 17ཅི་ལེ་ཟེར་ནི། དཀོན་མཆོག་གི་རྒྱལ་ཁབ་ནི་ཟ་འཐུང་ལེ་བརྟེན་མེད་དིག ཡིན་ནའང་། དྲང་བདེན་དིང་ཞི་བདེ། དམ་པའི་ཐུགས་ཉིད་ནང་གི་དགའ་སྤྲོ་དེའི་ངང་ལེ་འཚོ་བ་སྐྱེལ་རྒྱུ་ཆེད་དུ་ཡིན་དིག 18དོན་དེ་ཅོག་འདྲ། སྐྱབས་མགོན་ཡེ་ཤུ་ལེ་ཞབས་ཕྱི་ཞུ་མཁན་དེ་ལེ། དཀོན་མཆོག་ཐུགས་མཉེས་པོ་གནང་གྱོ་འོད་དི་མ་ཟད། མི་ཀྱ་ཀྱིས་ཟང་ཁས་ལེན་བགྱིད་ཀྱི་དིག 19འོ་དེ་ལེ་བརྟེན་ཏེ། འུ་ཀྱ་ཀྱིས་ཞི་བདེ་དིང་ཕན་ཚུན་བར་ཡར་བསྐྱེད་འགྲོ་རྒྱུ་དོན་ལེ་འབད་བརྩོན་བགྱིད་དགོས་འོད་དིག 20ཁ་ཟས་ཀྱི་ཆེད་དུ་དཀོན་མཆོག་གི་ཕྱག་ལས་རྩ་མེད་མ་གཏོང་ཞིག ཟས་རིགས་ཡེ་རེ་ནི་གཙང་མ་ཡིན་ནའང་། མི་སུ་ཞིག་གིས་ཁ་ཟས་རྐྱེན་གྱིས་མི་གཞན་ལེ་བར་ཆད་བཏང་ནི། དེ་ཟང་ཁོའི་ཉེས་སྐྱོན་ཡིན་དིག 21ཤ་ཟ་རྒྱུ་དིང་ཆང་འཐུང་རྒྱུ་དིང་། ཡང་དེ་མིན་དོན་ཅི་ཞིག་གི་བརྒྱུད་ནས་སྤུན་ཟླ་ལེ་བར་ཆད་གཏོང་གྱོ་འོད་ནི། ཁོང་ཀྱ་ལེ་བར་ཆད་མི་གཏོང་བའི་ཆེད་དུ། དོན་དེ་ཀྱ་ཅི་གང་མ་བྱས་ནི་དགའ་མོ་འོད་དིག 22དོན་དེའི་སྐོར་ལེ་ཁྱོད་ཀྱི་བསམ་ཚུལ་དེ་རང་གི་སེམས་ནང་ལེ་དིང་། དཀོན་མཆོག་གི་དྲུང་དུ་བོར། མི་སུ་ཞིག་གིས་ཅི་བྱས་ནའང་། བགྱིད་ཆོག་འོས་པའི་བྱ་བ་བྱས་པི་དེ་ལེ་སྐྱོན་འཛུགས་མི་བགྱིད་མཁན་དེ་ལེ་བྱིན་རླབས་ཐོབ་འོད་དིག 23ཡིན་ནའང་། ཐེ་ཚོམ་སྐྱེས་ཏེ་བཟས་ནི། དེ་ནི་དད་པའི་བརྒྱུད་ནས་མ་བཟས་འོད་ཕེན། ཉེས་ཆད་ཕོག་གྱི་དིག ཅི་ལེ་ཟེར་ནི། དད་པའི་བརྒྱུད་ནས་མ་བྱས་པ་དེ་ཡེ་རེ་སྡིག་པ་ཡིན་དིག །
اکنون انتخاب شده:
རོ་མཱ་པ། 14: DLPO
هایلایت
کپی
مقایسه
به اشتراک گذاشتن
می خواهید نکات برجسته خود را در همه دستگاه های خود ذخیره کنید؟ برای ورودثبت نام کنید یا اگر ثبت نام کرده اید وارد شوید
© 2023 Wycliffe Bible Translators, Inc. All rights reserved.

: