རོ་མཱ་པ། 13

13
ལེའུ་བཅུ་གསུམ།
འགོ་ཁྲིད་ཀྱི་བཀའ་ལེ་བརྩི་དགོས་པའི་སྐོར།
1མི་ཀུན་གྱིས་སྲིད་གཞུང་གི་དབང་ཆ་འོད་ཡོད་འགོ་ཁྲིད་ཀྱི་བཀའ་ལེ་ཉན་དགོས་འོད་དིག ཅི་ལེ་ཟེར་ནི། དཀོན་མཆོག་གིས་གནང་བའི་དབང་ཆ་དེ་མ་གཏོགས་ཤིག་ལེ། དེ་མིན་པའི་དབང་ཆ་ཅི་ཞིག་འོད་ནའང་། དེ་ནི་དཀོན་མཆོག་གིས་གནང་བའི་དབང་ཆ་མ་དིག 2འོ་དེ་ལེ་བརྟེན་ཏེ། མི་སུ་ཞིག་གིས་འགོ་ཁྲིད་ལེ་ངོ་ལོག་བྱས་ནི། དཀོན་མཆོག་གི་ཆོས་ཁྲིམས་ལེ་ཟང་ངོ་ལོག་བྱས་པི་མ་ཟད། རང་གིས་རང་ལེ་ཆད་པ་ཕོག་ཏུ་བཅུག་པི་དིག 3ཅི་ལེ་ཟེར་ནི། སྤྱོད་ལམ་ངན་པ་བགྱིད་མཁན་ཀྱ་མ་གཏོགས། སྤྱོད་ལམ་བཟང་པོ་བགྱིད་མཁན་ཡིན་ནི། དབང་ཆ་འོད་ཡོད་འགོ་ཁྲིད་ཀྱ་ལེ་འཁྱར་སྣང་བགྱིད་དགོས་མེད་དིག གལ་སྲིད་ཁྱོད་རང་དབང་ཆ་འོད་ཡོད་འགོ་ཁྲིད་ཀྱི་འཁྱར་སྣང་འོག་ནས་ཐར་འདོད་འོད་ནི། ཁྱེད་ཀྱ་ཀྱིས་ལས་བཟང་པོ་གྱིས་ཤིག དེ་ནས་ཁོང་ཀྱ་ཀྱིས་ཁྱེད་ཀྱ་ལེ་བསྟོད་ར་གཏོང་གྱི་དིག 4འགོ་ཁྲིད་དེ་ཀྱ་ནི་དཀོན་མཆོག་གི་ཞབས་ཕྱི་ཡིན་ཕེན། ཁྱེད་ཀྱ་ལེ་ཕན་ཐོགས་འོད་དིག ཡང་ཁྱེད་ཀྱ་ཀྱིས་ལས་ངན་པ་ཞིག་བྱས་འོད་ནི། འཁྱར་སྣང་བགྱིད་དགོས་འོད་དིག ཅི་ལེ་ཟེར་ནི། འགོ་ཁྲིད་ཁོས་དོན་མེད་སྟོང་པ་ལེ་རལ་གྲི་མི་འདོགས་འོད་དིག ཁོ་ནི་ངན་པ་བགྱིད་མཁན་ཀྱ་ལེ་ཆད་པ་གཏོང་མཁན་དཀོན་མཆོག་གི་ཞབས་ཕྱི་པ་ཞིག་ཡིན་དིག#13.4 དཀོན་མཆོག་གི་ཐུགས་ཁྲོ་ཟེར་རི་དོན་ནི། ཁོང་ཁྲོ་སླང་པི་མ་དིག སྡིག་ཉེས་ཀྱི་ཉེས་ཆད་གཏོང་རྒྱུ་དེ་ཡིན་དིག 5འོ་དེ་ལེ་བརྟེན་ཏེ། ཁྱེད་ཀྱ་ཀྱིས་ཡིན་གཅིག་དཔོན་རིགས་ཀྱི་བཀའ་ལེ་ཉན་དགོས་འོད་དིག དེ་ནི་ཉེས་ཆད་ལེ་འཛེམ་སྣང་བགྱིད་རྒྱུ་པ་རྐྱང་དོན་ལེ་མ་དིག སེམས་པ་དྲང་པོ་བགྱིད་རྒྱུ་ཆེད་དུ་ཟང་ཡིན་དིག 6ཡང་ཁྱེད་ཀྱ་ཀྱིས་ཁྲལ་འཇལ་དགོས་པའི་རྒྱུ་མཚན་ཟང་དེ་རང་གི་ཆེད་དུ་ཡིན་དིག ཅི་ལེ་ཟེར་ནི། དབང་ཆ་འོད་ཡོད་འགོ་ཁྲིད་ཀྱ་ནི་དོན་དེ་རང་ལེ་དབང་འཛིན་བགྱིད་མཁན་དཀོན་མཆོག་གི་ཞབས་ཕྱི་པ་ཞིག་ཡིན་དིག 7མི་སུ་ཞིག་ལེ་ཐོབ་འོས་པ་ཡིན་ནི། དེ་འབུལ་དགོས་འོད་དིག ཁྲལ་འཇལ་དགོས་འོས་པ་ཞིག་ཡིན་ནི་ཁྲལ་འཇལ་དགོས་འོད་དིག ཚོང་ཁྲལ་འཇལ་དགོས་འོས་པ་ཡིན་ནི། ཁོང་ལེ་ཁྲལ་འཇལ་དགོས་འོད་དིག གུས་ཞབས་བགྱིད་དགོས་འོས་པ་ཞིག་ཡིན་ནི། དེ་ལེ་གུས་ཞབས་བགྱིད་དགོས་འོད་དིག བརྩི་བཀུར་བགྱིད་དགོས་འོས་པ་ཞིག་ཡིན་ནི། དེ་ལེ་བརྩི་བཀུར་གྱིས་ཤིག
བྱམས་བརྩེ་བ་བགྱིད་དགོས་པའི་སྐོར།
8ཕན་ཚུན་གཅིག་གིས་གཅིག་ལེ་བྱམས་བརྩེ་བ་བགྱིད་རྒྱུ་མ་གཏོགས་དོན་ཅི་ཆ་ནས་མི་གཞན་ལེ་བུ་ལོན་ཟུག་ཏུ་མ་འཇུག ཅི་ལེ་ཟེར་ནི། མི་གཞན་ལེ་བྱམས་བརྩེ་བ་བགྱིད་མཁན་གྱིས་ཆོས་ཁྲིམས་བསྒྲུབས་པི་བགྱིད་འོད་དིག 9བྱི་བོ་བྱི་མོ་མ་བགྱིད། མིའི་སྲོག་མ་གཅོད། རྐུ་མ་མ་རྐུས། ཧམ་སེམས་མ་བགྱིད་ཟིན་གསུངས་པའི་ཆོས་ཁྲིམས་དེ་ནི། ཁྱོད་ཀྱིས་རང་ལེ་བརྩེ་བ་བགྱིད་དི་ཅོག་འདྲ། རང་གི་ཁྱིམ་མཚེས་ལེ་ཟང་བརྩེ་བ་བགྱིད་འོད་དིག་ཟེར་རི་བཀའ་དེ་ནི། དེའི་ནང་ལེ་འདུས་འོད་དིག#13.9 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་གསུམ་པ་ལེ་ཝི་ཚུལ་ཁྲིམས་ལེའུ་ 19 ཨང་ 18 ནང་ལེ་གཟིགས་རོགས།#13.9 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་གཉིས་པ་ཐེགས་ལེའུ་ 20 ཨང་ 13-15 དིང་། ཡང་ 17 ནང་ལེ་གཟིགས་རོགས། ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་ལྔ་པ་བཀའ་ལུང་ལེའུ་ 5 ཨང་ 17-19 དིང་། ཨང་ 21 ནང་ལེ་གཟིགས་རོགས། 10བྱམས་པས་ཁྱིམ་མཚེས་ལེ་གནོད་པ་མི་བགྱིད་འོད་དི་མ་ཟད། བྱམས་པས་ཆོས་ཁྲིམས་སྒྲུབ་གྱོ་འོད་དིག
11ཡང་ཁྱེད་ཀྱ་ཀྱིས་དུས་སྐབས་འདི་ཧ་གོ་ཕེན། ད་འོ་དེ་གི་ཅོག་འདྲ་གྱིས་ཤིག འུ་ཀྱ་ཀྱིས་སྔར་དད་པ་སྐྱེས་པའི་དུས་དེ་ལས་ལྷག་ཚོད། ད་ལྟ་འུ་ཀྱ་ཀྱི་ཐར་པ་དེ་ཉེ་མོ་སླེབས་འོད་ཕེན། གཉིད་སད་པའི་དུས་ལེ་སླེབས་འདུག 12མཚན་མོ་རྫོགས་ཏེ། ཉིན་མོ་སླེབས་ལྷག་འདུག འུ་ཀྱ་ཀྱིས་མུན་ནག་གི་སྤྱོད་པའི་ལས་དེ་སྤངས་ཏེ་འོད་ཟེར་གྱི་མཚོན་ཆ་གྱོན་དགོས་འོད་དིག 13ངོ་ཚ་མེད་པའི་སྤྱོད་ལམ་དིང་། ཆང་ཨ་རག་གིས་བཟི་བ། བྱི་བོ་དིང་བྱི་མོ། འདོད་ཆགས། རྩོད་གླེང་དིང་ཕྲག་དོག་མེད་དི་ངང་ནས་ཉིན་ལེ་འགྲོ་བ་ཅོག་འདྲ། སྤྱོད་ལམ་དྲང་པོ་དགོས་པ་འོད་དིག 14སྐྱབས་མགོན་ཇོ་བོ་ཡེ་ཤུ་ནི་གོས་ཅོག་འདྲ་རང་གི་ལུས་ལེ་གྱོན་ཏེ། སྡིག་པའི་གཤིས་ཀའི་འདོད་པ་དེ་ཚིམ་པར་བགྱིད་རྒྱུའི་བསམ་བློ་དེ་སྤོངས་ཤིག །

اکنون انتخاب شده:

རོ་མཱ་པ། 13: DLPO

های‌لایت

کپی

مقایسه

به اشتراک گذاشتن

None

می خواهید نکات برجسته خود را در همه دستگاه های خود ذخیره کنید؟ برای ورودثبت نام کنید یا اگر ثبت نام کرده اید وارد شوید