རོ་མཱ་པ། 12
12
ལེའུ་བཅུ་གཉིས།
གསོན་པའི་མཆོད་པའི་སྐོར།
1འོ་དེ་ལེ་བརྟེན་ཏེ། སྤུན་ཟླ་ཁྱེད་ཀྱ་ལེ་ངས་བསྐུལ་མ་གཏོང་གྱོ་འོད། ཁྱེད་ཀྱ་ལེ་དཀོན་མཆོག་གིས་ཐུགས་རྗེ་གཟིགས་སྐྱོང་གནང་འོད་ཕེན། ཁྱེད་ཀྱ་ཀྱིས་རང་གི་ལུས་པོ་ནི། དཀོན་མཆོག་ལེ་གསོན་པོ་དིང་དམ་པའི་མཆོད་པ་ཅོག་འདྲ་ཕུལ་ཞིག དེ་ནི་དཀོན་མཆོག་གི་ཐུགས་མཉེས་པའི་མཆོད་པ་ཡིན་དི་མ་ཟད། ཁྱེད་ཀྱ་ཀྱི་བདེན་པའི་བསྙེན་བཀུར་ཡིན་དིག 2འཇིག་རྟེན་འདིའི་བགྱིད་ལུགས་དིང་ཅོག་འདྲ་མ་བྱས་ཏེ། དཀོན་མཆོག་གི་ཐུགས་དགོངས་བཟང་པོ་དིང་། ཁོང་གི་ཐུགས་མཉེས་པ་དིང་། ཡང་ཕུན་སུམ་ཚོགས་པ་ཅི་ཡིན་དི་ཤེས་རྒྱུ་ཆེད་དུ། ཁྱེད་ཀྱ་ཀྱི་སེམས་པ་དེ་གསར་པ་བྱུང་པའི་བརྒྱུད་ནས་རང་གི་གཤིས་སྤྱོད་དེ་ཟང་གསར་པ་ཞིག་ལེ་གྱུར་ཞིག
3ང་ལེ་གནང་བའི་ཐུགས་རྗེ་གཟིགས་སྐྱོང་གི་བརྒྱུད་ནས། ངས་ཁྱེད་རེ་རེ་ལེ་རང་མཐོང་ཆེན་པོ་མ་བྱས་ཏེ། དཀོན་མཆོག་གིས་ཁྱེད་ཀྱ་ལེ་གནང་བའི་དད་པའི་ཚད་དིང་བསྟུན་ཏེ། རང་སོ་སོ་གདེང་ཚོད་ངང་ནས་བསམ་བློ་གཏོང་དགོས་འོད་དིག་ཟིན་ཞུ་བ་འབུལ་གྱོ་འོད། 4དཔེར་ན། འུ་ཀྱ་ཀྱི་ལུས་གཅིག་ལེ་ཡན་ལག་མང་པོ་འོད་དི་མ་ཟད། ཡན་ལག་ཡེ་རེ་ལེ་ནུས་པ་མི་འདྲ་མི་འདྲ་འོད་དིག 5འོ་དེ་ཅོག་འདྲ། འུ་མང་པོ་འོད་ནའང་། སྐྱབས་མགོན་ཡེ་ཤུའི་ནང་ལེ་ལུས་གཅིག་ཡིན་དི་མ་ཟད། ཡན་ལག་ཕན་ཚུན་བར་ལེ་འབྲེལ་བ་འོད་དིག 6འུ་མི་རེ་རེ་ལེ་ཐུགས་རྗེ་གཟིགས་སྐྱོང་གནང་འོད་དི་ཅོག་འདྲ། འཇོན་ཐང་གི་བྱ་དགའ་ཟང་མི་འདྲ་མི་འདྲ་གནང་འོད་དིག གལ་སྲིད་མི་ཞིག་ལེ་ལུང་སྟོན་གནང་རྒྱུ་འཇོན་ཐང་གནང་འོད་ནི། རང་ལེ་འོད་ཡོད་དད་པའི་ཚད་ཀྱི་ངང་ནས་དཀོན་མཆོག་གིས་གསུངས་པའི་བཀའ་དེ་ལུང་སྟོན་དགོས་འོད་དིག#12.6 བྱ་དགའ་ཟེར་རི་དོན་དེ་ནི། དཀོན་མཆོག་གིས་དད་པ་བགྱིད་མཁན་མི་ཀྱ་ལེ་གནང་བའི་དམིགས་བསལ་གྱི་འཇོན་ཐང་ཞིག་གནང་བའི་དོན་ཡིན་དིག 7ཡང་ཞབས་ཏོག་བགྱིད་མཁན་ཡིན་ནི། ཞབས་ཏོག་འབུལ་དགོས་འོད་དིག ཡང་སློབ་སྟོན་བགྱིད་མཁན་ཡིན་ནི། སློབ་སྟོན་བགྱིད་དགོས་འོད་དིག 8ཡང་སྐུལ་མ་གཏོང་མཁན་ཡིན་ནི། སྐུལ་མ་གཏོང་དགོས་འོད་དིག ཡང་སྦྱིན་པ་གཏོང་མཁན་ཡིན་ནི། ལྷག་བསམ་རྣམ་དག་ངང་ནས་སྦྱིན་པ་གཏོང་དགོས་འོད་དིག ཡང་འགོ་ཁྲིད་བགྱིད་མཁན་ཡིན་ནི། ཧུར་བརྩོན་བགྱིད་དགོས་འོད་དིག ཡང་སྙིང་རྗེ་བགྱིད་མཁན་ཡིན་ནི། དགའ་སྤྲོའི་ངང་ནས་སྙིང་རྗེ་བགྱིད་དགོས་འོད་དིག
བྱམས་པའི་སྤྱོད་ལམ་གྱི་སྐོར།
9བྱམས་པ་ནི་དྲང་བདེན་གྱི་བྱམས་པ་ཞིག་དགོས་པ་འོད་དིག ངན་པ་ལེ་ཞེན་པ་ལོག་སྟེ། བཟང་པོའི་རྗེས་ལེ་འབྲོངས་དགོས་འོད་དིག 10སྤུན་ཅོག་འདྲ་ཕན་ཚུན་བར་ལེ་བརྩེ་བ་དིང་། གཅིག་གིས་གཅིག་ལེ་འབད་བརྩོན་ངང་ནས་བརྩི་བཀུར་གྱིས་ཤིག 11བརྩོན་འགྲུས་ཉམས་ཏུ་མ་འཇུག བརྩོན་སེམས་འོད་ཡོད་ཅིག་གིས་ཇོ་བོ་ལེ་ཞབས་ཕྱི་ཕུལ་ཞིག 12རེ་བ་ལེ་བརྟེན་ཏེ་དགའ་སྤྲོ་དིང་། དཀའ་ངལ་གྱི་ནང་ལེ་བཟོད་སྒོམ་དིང་། དུས་རྟག་ཏུ་གསོལ་བ་སྨོན་ལམ་འདེབས་རྒྱུ་ལེ་བརྩོན་འགྲུས་བགྱིད་དགོས་འོད་དིག 13དད་པ་བགྱིད་མཁན་ཀྱ་ལེ་ཅི་དགོས་པ་འོད་ནི། དེ་ལེ་རོགས་རམ་བགྱིད་དགོས་པི་དིང་། ཡང་མགྲོན་པོ་སུ་ཞིག་ཡིན་ནའང་། དེ་ལེ་སྣེ་ལེན་དགའ་མོ་བགྱིད་དགོས་འོད་དིག 14ཁྱེད་ཀྱ་ལེ་གནོད་འཚེ་བགྱིད་མཁན་ཀྱ་ཀྱི་ཆེད་དུ། དམོད་ཚིག་མ་ལོག་གི་དེ་ཀྱ་ལེ་བྱིན་རླབས་འོང་བར་ཤོག་ཟིན་གསོལ་བ་སྨོན་ལམ་ཐོབ་ཅིག 15དགའ་སྤྲོ་བགྱིད་མཁན་སྐྱེན་ལེ་དགའ་སྤྲོ་བགྱིད་དགོས་པི་དིང་། ཡང་མྱ་ངན་བགྱིད་མཁན་ཀྱ་ཀྱི་སྐྱེན་ལེ་མྱ་ངན་བགྱིད་དགོས་འོད་དིག 16ཕན་ཚུན་བར་ལེ་བློ་སེམས་གཅིག་མཐུན་དིང་། ང་རྒྱལ་བགྱིད་རྒྱུ་མེད་དེ། གོ་གནས་དམའ་སའི་མི་ལེ་མཐུན་དགོས་པི་མ་ཟད། རང་གིས་རང་ལེ་སྤྱང་གྲུང་ཞིག་ཡིན་མ་བསམ་ཞིག 17མི་སུ་ལེ་ཟང་ངན་པའི་ངན་ལན་མ་འཇལ་ཞིག མི་ཀུན་གྱི་དྲུང་དུ་སྤྱོད་ལམ་ཡ་རབས་གྱིས་ཤིག 18གལ་སྲིད་བགྱིད་ནུས་ནི། གང་ཐུབ་ཅི་ཐུབ་ཀྱིས་མི་ཡེ་རེ་དིང་སྐྱེན་ལེ་མཐུན་ལམ་བཟང་པོ་བགྱིད་དགོས་འོད་དིག 19བརྩེ་བའི་སྤུན་ཟླ་ཀྱ་ལེ། ཁྱེད་ཀྱ་ཀྱིས་དགྲ་ཤ་མ་ལེན་ཞིག དཀོན་མཆོག་གི་ཐུགས་ཁྲོ་བའི་བར་དུ་སྒུགས་ཤིག ཅི་ལེ་ཟེར་ནི། གསུང་རབ་ཀྱི་མདོ་ནང་ལེ། ཇོ་བོ་དཀོན་མཆོག་གིས་ངན་པ་བགྱིད་མཁན་ཀྱ་ལེ་ཆད་པ་གཏོང་རྒྱུ་དབང་ཆ་དེ་ང་ལེ་འོད་ཕེན། ངན་པ་ལེ་ངན་ལན་འཇལ་གྱི་ཡིན་ཟིན་གསུངས་འོད་དིག#12.19 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེའི་མདོ་ལྔ་པ་བཀའ་ལུང་ལེའུ་ 32 ཨང་ 35 ནང་ལེ་གཟིགས་རོགས།
20ཁྱེད་ཀྱ་ཀྱི་དགྲ་བོ་ལྟོགས་ནི་ཁ་ཟས་སྦྱིན་ཞིག །
ཁྱེད་ཀྱ་ཀྱི་དགྲ་བོ་སྐོམ་ནི་དེ་ལེ་བཏུང་ཆུ་སྦྱིན་ཞིག །
འོ་དེ་གི་བྱས་ནི་དགྲ་བའི་མགོ་ལྟག་ག་ལེ། །
སོལ་ལ་དམར་པོའི་མེ་ཁོག་འབོར་རི་དིག །
21ངན་པས་ཁྱེད་ཀྱ་འཕམ་དུ་མ་འཇུག བཟང་པོས་ངན་པ་ནས་རྒྱལ་དུ་ཆུག་ཅིག །
اکنون انتخاب شده:
རོ་མཱ་པ། 12: DLPO
هایلایت
کپی
مقایسه
به اشتراک گذاشتن
می خواهید نکات برجسته خود را در همه دستگاه های خود ذخیره کنید؟ برای ورودثبت نام کنید یا اگر ثبت نام کرده اید وارد شوید
© 2023 Wycliffe Bible Translators, Inc. All rights reserved.