མར་ཀུ། 16
16
ཡེ་ཤུ་འཆི་བ་ནས་ཡར་སྐུ་གསོན་པོར་བཞེངས་པ།
(མད་ཐཱ། ༢༨:༡-༨; ལུ་ཀ། ༢༤:༡-༡༢; ཡོ་ཧ་ནན། ༢༠:༡-༡༠)
1ངལ་གསོ་གིན་ཉིན་མ་རྫོགས་ཏེ་གཤམ་ལ་མིར་ཡམ་མག་ད་ལི་ནི་དང་། ཡ་ཀོབ་ཀྱི་ཨ་མ་མིར་ཡམ་དང་། ས་ལོ་མེ་ཀྱ་ཡིས་ཡེ་ཤུ་ཡི་སྐུ་ཕུང་ལ་བྲུ་ཡས་ལ་དྲི་ཞིམ་ཉོས་བ་ལགས། 2དེ་ནས་གཟའ་ཉི་མ་ཡི་སྔ་རོག་ཉི་མ་ཤར་ལུང་མེད་ད་ལ། ཁོང་ཀྱ་དུར་ཁྲོད་དུ་སོང་བ་ལགས། 3དེ་ནས་ལམ་ཁ་ལ་ཁོང་ཀྱ་ཡིས་གཅིག་གིས་གཅིག་ལ་སྨྲས་བ་ལགས། དུར་ཁྲོད་ཀྱི་སྒོ་ལ་བཀབ་ཀ་རྡོ་གོང་གོ་འོ་རང་ལ་སུས་བཤུས་རེ་སྟེར་ཡས། 4དེ་ནས་ཡར་ལ་བལྟས་གང་ལ་ཁོང་ཀྱ་ཡིས་རྡོ་གོང་གོ་ནི་ཧ་ལ་འཕུལ་རི་བཞག་ཞ་མཐོང་བ་ལགས། རྡོ་གོང་གོ་དམི་ཅིག་གི་ཆེ་འོད་ད་ལགས། 5དུར་ཁྲོད་ནང་དུ་འཛུལ་ལི་གང་ལ། ཁོང་ཀྱ་ཡིས་གོས་ལག་དཀར་བོ་གོན་ག་མི་ཁྱོག་ཐོང་གཅིག་གཡས་ཕྱོགས་དུ་བསྡད་ད་མཐོང་རེ་ཁོང་ཀྱ་འཇིགས་པ་ལགས།
6དེ་ནས་ཁོས་ཁོང་ཀྱ་ལ་སྨྲས་བ་ལགས། ཁྱེད་ཀྱ་མ་འཇིགས། རྒྱང་ཤིང་དུ་བརྐྱངས་རེ་བསད་ས་ན་ཙ་རེད་ཀྱི་ཡེ་ཤུ་ལ་ཁྱེད་ཀྱ་བཙལ་ལ་ལགས། ཁོང་པ་ནི་སྐུ་གསོན་པོ་བཞེངས་ཚར་ཏེ་དུ་རུ་མེད་ད་ལགས། ལྟོས། ཁོང་པ་ཡི་སྐུ་ཕུང་བཞག་ཞ་ས་ཆ་འདི་ལགས། 7ད་ཁྱེད་ཀྱ་སོང་རེ་ཁོང་པ་ཡི་ཉེ་གནས་ཀྱ་དང་། པེ་ཏྲོ་ལ་ཁོང་པ་ཁྱེད་ཀྱ་ནས་ཨེན་ལ་ག་ལིལ་དུ་ཕེབས་བའི་འོད་ད་ལགས། དེ་ནས་ཁོང་པ་ཡིས་གསུངས་ཀྱིན་ཅོག་རེ་འོ་དུ་རུ་ཁྱེད་ཀྱ་ཡིས་ཁོང་པ་ལ་མཇལ་གྱི་ལགས་སྨྲས་རེ་ཤོད། 8ཁོང་ཀྱ་དངངས་སྐྲག་སྐྱེད་རེ་འདར་རི་འདར་རི་དུར་ཁྲོད་ནས་ཐོན་ཏེ་བྲོས་རེ་སོང་བ་ལགས། དེ་ནས་ཁོང་ཀྱ་དམི་ཅིག་གི་འཇིགས་ཏེ་འོ་དེ་ལབ་གོ་སུ་ལའང་མ་བཤད་པ་ལགས།
མིར་ཡམ་མག་ད་ལི་ནི་ཡིས་ཡེ་ཤུ་ལ་མཇལ་བ།
(མད་ཐཱ། ༢༨:༩-༢༠; ལུ་ཀ། ༢༤:༡༣-༥༣; ཡོ་ཧ་ནན། ༢༠:༡༡-༢༣; མཛད་པ། ༡:༤-༡༡)
9[ཡེ་ཤུ་གཟའ་ཉི་མ་ཡི་སྔ་རོག་གོ་འཆི་བ་ནས་སྐུ་གསོན་པོ་བཞེངས་ཚར་ཏེ། ཁོང་པ་དང་ཤོས་གོ་མིར་ཡམ་མག་ད་ལི་ནི་ལ་མཇལ་བ་ལགས། ཨེན་མ་མོ་ནས་ཡེ་ཤུ་ཡིས་འདྲེ་བདུན་བཏོན་མཛད་པ་ལགས། 10སྡུག་ང་བྱས་རེ་ངུས་རེ་བསྡད་ད་ཡེ་ཤུ་ཡི་གཤམ་ལ་འབྲང་མཁན་ཀྱ་རྩ་རུ་མོ་སོང་རེ་གི་བྱུང་གིན་གོ་བཤད་པ་ལགས། 11ཡིན་ནའང་ཡེ་ཤུ་སྐུ་གསོན་པོ་བཞེངས་ཀྱིན་དང་མོས་ཁོང་པ་མཇལ་གྱིན་ལབ་གོ་གོ་རི་གང་ལ་ཁོང་ཀྱ་བ་མ་དད་པ་ལགས།
12འོ་དེ་གཤམ་ནས་ཡེ་ཤུ་སྐུ་གཟུགས་གཞན་མ་ལ་གྱུར་ཏེ་ཡེ་རུ་ཤ་ལེམ་ནས་ཡུལ་ཕྱོགས་ལ་འགྲོ་མཁན་ཁོང་ཀྱ་ནས་མི་གཉིས་རྩ་རུ་མཇལ་བ་ལགས། 13ཁོང་གཉིས་བོ་བང་བཏང་རེ་སོང་རེ་འོ་དེ་ལབ་གོ་གཞན་མ་ཉེ་གནས་ཀྱ་ལ་བཤད་པ་ལགས། ཡིན་ནའང་སུས་འང་ཁོང་གཉིས་བོ་ལ་བ་མ་དད་པ་ལགས།
14གཤམ་ལ་ཉེ་གནས་བཅུ་གཅིག་ཀྱ་ཟ་མ་ཟ་ཡས་ལ་བསྡད་དེ་གང་ལ། ཡེ་ཤུ་ཡིས་ཁོང་ཀྱ་ལ་རང་གི་སྐུ་གཟུགས་མངོན་སུམ་བཏོན་མཛད་པ་ལགས། དེ་ནས་རང་འཆི་བ་ནས་སྐུ་གསོན་པོ་བཞེངས་ཚར་ཏེ་ཁོང་པ་ལ་མཇལ་མཁན་ཀྱ་ཡིས་སྨྲས་སྨྲ་ལབ་ལ་ཁོང་ཀྱ་ཡིས་བ་མ་དད་པ། ཁོང་ཀྱ་ཡི་དད་པ་མེད་ཀྱིན་དང་སེམས་སྲ་འོད་ཀྱིན་ལ་ཁོང་པ་ཡིས་བཀའ་སྐྱོན་མཛད་པ་ལགས།
15དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། འཛམ་བུ་གླིང་གི་རི་དུ་སོང་། དེ་ནས་མི་གི་རི་ལ་གཏམ་བཟང་གོ་ཤོད། 16དད་པ་བྱས་རེ་ཁྲུས་གསོལ་ལེན་མཁན་གི་རི་ལ་ཐར་པ་འཐོབ་ཀྱི་ལགས། ཡིན་ནའང་དད་པ་མི་བྱེད་མཁན་ཀྱ་ལ་ཆད་པ་ཕོག་གི་ལགས། 17དད་པ་བྱེད་མཁན་ཀྱ་ལ་དེ་རྟགས་ཀྱ་འབྱུང་གི་ལགས། ངའི་མིང་ནས་ཁོང་ཀྱ་ཡིས་འདྲེ་ཀྱ་བཏོན་གྱི་ལགས། དེ་ནས་སྐད་རིགས་གཞན་མ་ཀྱ་བཏང་གི་ལགས། 18དེ་ནས་ཁོང་ཀྱ་ཡིས་སྦྲུལ་ཀྱ་ལག་པ་ཡིས་ཟིམ་གྱི་ལགས། དེ་ནས་སྲོག་བཅད་ཀྱིན་དུག་ཀྱ་འཐུང་ནའང་ཁོང་ལ་གནོད་མེད་བཀལ་གྱི་ལགས། དེ་ནས་ཁོང་ཀྱ་ཡི་ལག་པ་ནད་པ་ཀྱ་ཁར་ལ་བཞག་ན། འོ་དེ་ཀྱ་དྲག་གི་ལགས།
19གཙོ་བོ་ཡེ་ཤུ་ཁོང་ཀྱ་མུ་ལ་བཀའ་མོལ་གནང་ཚར་ཏེ་ཁོང་པ་ནམ་མཁའི་ཞིང་ཁམས་ཕྱོགས་ལ་ཁྲིད་མཛད་པ་ལགས། དེ་ནས་དཀོན་མཆོག་གི་ཕྱག་གཡས་ཕྱོགས་ལ་བཞུགས་མཛད་པ་ལགས། 20དེ་ནས་ཉེ་གནས་ཀྱ་ས་ཆ་གི་རི་རུ་སོང་རེ་གཏམ་བཟང་བཤད་པ་ལགས། གཙོ་བོ་ཡིས་ཁོང་ཀྱ་མུ་ལ་ཕྱག་ལས་མཛད་པ་ལགས། དེ་ནས་ཧ་ལས་ཀྱིན་རྟགས་ཀྱ་བཏོན་མཛད་དེ། གཏམ་བཟང་བདེན་པ་ཡིན་གྱིན་གྱི་དཔང་པོ་མཛད་པ་ལགས།།]
اکنون انتخاب شده:
མར་ཀུ། 16: LOY
هایلایت
کپی
مقایسه
به اشتراک گذاشتن
می خواهید نکات برجسته خود را در همه دستگاه های خود ذخیره کنید؟ برای ورودثبت نام کنید یا اگر ثبت نام کرده اید وارد شوید
© 2023, Wycliffe Bible Translators, Inc. and Nepal Bible Society