མར་ཀུ། 1
1
ཁྲུས་གསོལ་གནང་མཁན་ཡོ་ཧ་ནན་གྱིས་ཆོས་བཤད་པ།
(མད་ཐཱ། ༣:༡-༡༢; ལུ་ཀ། ༣:༡-༡༨; ཡོ་ཧ་ནན། ༡:༡༩-༢༨)
1དཀོན་མཆོག་གི་སྲས་ཡེ་ཤུ་མཱ་ཤི་ཀའི་གཏམ་བཟང་འགོ་བཙུགས་པ། 2མངོན་ཤེས་མཁན་ཡེ་ཤ་ཡཱ་ཡི་དེབ་ལ་དེ་རེ་བྲིས་འོད་ད་ལགས།
ལྟོས་དང་། ཁྱོའི་ལམ་གྲ་སྒྲིག་བཟོ་ཡས་ལ།
ང་ངའི་བང་ཆེན་ཁྱོའི་གདོང་གདོང་ལ་བརྫངས་ང་ཡིན།
3རི་སྟོང་ནས་འབོད་མཁན་གཅིག་གི་སྐད།
གཙོ་བོ་དཀོན་མཆོག་གི་ལམ་གྲ་སྒྲིག་བྱེད།
ཁོང་པ་ཡི་ཕེབས་ལམ་ཁབ་ཐད་བཟོས།
4ཁྲུས་གསོལ་གནང་མཁན་ཡོ་ཧ་ནན་གྱིས་རི་སྟོང་དུ་འོངས་རེ་མི་ཀྱ་ལ་ཁྲུས་གསོལ་སྟེར་པ་ལགས། དེ་ནས་རང་གི་སྡིག་པ་སེལ་ཡས་ལ་རང་གི་སྡིག་པ་སྤངས་རེ། སེམས་སྒྱུར་ཡས་ཀྱི་ཁྲུས་གསོལ་གྱི་ཆོས་བཤད་པ་ལགས། 5ཡུ་དེ་ཡཱ་ཡི་ཡུལ་གི་རི་དང་ཡེ་རུ་ཤ་ལེམ་གྱི་མི་ཀྱ་གི་རི་ཁོའི་རྩ་རུ་སོང་བ་ལགས། དེ་ནས་ཁོང་ཀྱ་རང་རང་གི་སྡིག་པ་ཀྱ་ཁས་ལེན་ཏེ་ཁོ་ནས་ཡོར་དན་གཙང་པོ་རུ་ཁྲུས་གསོལ་ལེན་པ་ལགས། 6ཡོ་ཧ་ནན་སེམས་ཅན་སྣ་བོའི་སྤུའི་གོས་གོན་ད་ལགས། ཁོའི་རྐེད་པ་ལ་ཀོ་བ་ཡི་སྐ་བུ་རེལ་ལ་ལགས། དེ་ནས་ཁོ་ཨི་ལི་ཚག་ཚག་དང་རིའི་སྦྲང་རྩི་ཀྱ་ཟ་ལགས། 7ཁོས་མི་ཀྱ་ལ་ཁྱབ་བསྒྲགས་བྱས་རེ་སྨྲས་བ་ལགས། ང་ལས་དབང་ཆེ་གཅིག་ངའི་གཤམ་ལ་ཕེབས་ཀྱི་ལགས། དེ་ནས་ངས་ཁོང་པ་ཡི་གདོང་དུ་པུས་མོ་བཙུགས་ཏེ་ཁོང་པ་ཡི་ཞབས་ལྷམ་གྱི་སྒྲོག་ཐག་བཀྲོལ་རིན་ཁ་ཡས་མེད། 8ངས་ཁྱེད་ཀྱ་ལ་ཆུ་ཡིས་ཁྲུས་གསོལ་སྟེར་ར་ཡིན། ཡིན་ནའང་ཁོང་པ་ཡིས་ཁྱེད་ཀྱ་ལ་དམ་པའི་ཐུགས་ཉིད་ཀྱིས་ཁྲུས་གསོལ་གནང་ང་མཛད་ཀྱི་ལགས།
ཡེ་ཤུའི་ཁྲུས་གསོལ་དང་ཚོད་ལྟ།
(མད་ཐཱ། ༣:༡༣–༤:༡༡; ལུ་ཀ། ༣:༢༡-༢༢;༤:༡-༡༣)
9འོ་དེ་གང་གི་ཉིན་གཅིག་ལ་ཡེ་ཤུ་ག་ལིལ་གྱི་ན་ཙ་རེད་སྨྲ་གིན་ཡུལ་ནས་ཕེབས་པ་ལགས། དེ་ནས་ཡོར་དན་གཙང་པོ་རུ་ཡོ་ཧ་ནན་ནས་ཁྲུས་གསོལ་ལེན་པ་ལགས། 10ཆུའི་ནང་ནས་ཐོན་ལུང་མེད་ད་ལ་ཁོང་པ་ཡིས་ནམ་མཁའ་བབ་པ་དང་། དམ་པའི་ཐུགས་ཉིད་ཕུག་རོན་གྱི་གཤིས་ཀ་ལ་བབ་ཀྱིན་གོ་གཟིགས་པ་ལགས། 11དེ་ནས་ནམ་མཁའ་ནས་གསུང་སྐད་གཅིག་གོ་པ་ལགས། ཁྱོད་ངའི་བི་ཛ་དྲིན་ཅན་ཡིན། ཁྱོའི་མུ་ལ་ང་དམི་ཅིག་གི་ཉམ་མོ་དགའ་འོད། 12དེ་ནས་དམ་པའི་ཐུགས་ཉིད་ཀྱིས་ཁོང་པ་ལ་ལམ་སང་རི་སྟོང་ཕྱོགས་ལ་ཁྲིད་མཛད་པ་ལགས། 13དེ་ནས་ཁོང་པ་འོ་དུ་རུ་ཞག་མོ་བཞི་བཅུ་ཐུག་པའི་བདུད་ཀྱི་ཚོད་ལྟ་ལ་དང་སེམས་ཅན་ཀྱ་མུ་ལ་བཞུགས་པ་ལགས། དེ་ནས་དཀོན་མཆོག་གི་བང་ཆེན་ཀྱ་ཡིས་ཁོང་པ་ལ་ཞབས་ཕྱི་ཞུས་བ་ལགས།
ཡེ་ཤུ་ཡིས་འགོ་མ་ཉེ་གནས་ཀྱ་འདམ་པ།
(མད་ཐཱ། ༤:༡༢-༢༢; ལུ་ཀ། ༤:༡༤-༡༥;༥:༡-༡༡)
14ཡོ་ཧ་ནན་བཙོན་ཁང་དུ་འདགས་ཚར་ཏེ་གཤམ་ལ། ཡེ་ཤུ་ག་ལིལ་དུ་དཀོན་མཆོག་གི་གཏམ་བཟང་གསུངས་བའི་གསུངས་བའི་ཕེབས་པ་ལགས། 15ཁོང་པ་ཡིས་གསུངས་བ་ལགས། ད་དུས་ཚོད་སླེབས་ཚར་བ་ལགས། དེ་ནས་དཀོན་མཆོག་གི་རྒྱལ་སྲིད་ཉེ་སླེབ་འདུག། སེམས་སྒྱུར་བ་གཏོང་། དེ་ནས་གཏམ་བཟང་ལ་དད་པ་བྱེད།
16ག་ལིལ་གྱི་རྒྱ་མཚོ་འགྲམ་ནས་ཕེབས་བའི་གང་ལ། ཡེ་ཤུ་ཡིས་སི་མོན་དང་ཁོའི་ནུ་བོ་ཨན་དྲི་ཡཱ་ཡིས་རྒྱ་མཚོ་ནང་དུ་ཉ་རས་གཡུག་གིན་གོ་གཟིགས་པ་ལགས། ཁོང་གཉིས་བོ་ཉ་པ་ལགས། 17དེ་ནས་ཡེ་ཤུ་ཡིས་ཁོང་གཉིས་བོ་ལ་ངའི་གཤམ་པ་ལ་ཤོག ངས་ཁྱེད་ཀྱ་ལ་མིའི་ཉ་པ་འོང་ཡས་ལ་བསྐོ་ལོ་གསུངས་རེ་གསུངས་བ་ལགས། 18དེ་ནས་ལམ་སང་ཁོང་གཉིས་བོ་ཡིས་ཉ་རས་གོ་བོར་ཏེ་ཁོང་པ་ཡི་གཤམ་པ་ལ་འབྲངས་བ་ལགས། 19ཅི་མེ་ཧ་ལ་ཕེབས་ཏེ་ཁོང་པ་ཡིས་ཟེ་བད་དཱི་ཡི་བི་ཛ་ཡ་ཀོབ་དང་ཡོ་ཧ་ནན་ལ་གྲུ་ནང་དུ་ཉ་རས་འདུས་བསྡད་ཀྱིན་གོ་གཟིགས་པ་ལགས། 20ཁོང་པ་ཡིས་བོས་ལུང་མེད་ད་ལ་ཁོང་གཉིས་བོ་ཁོ་རི་ཨ་རྒས་ཟེ་བད་དཱི་ལ་མི་ལག་ཀྱ་མུ་ལ་གྲུ་ནང་དུ་བོར་ཏེ། ཁོང་པ་ཡི་གཤམ་ལ་འབྲངས་བ་ལགས།
གནོད་པ་འཛུལ་ཛ་མི་གཅིག
(ལུ་ཀ། ༤:༣༡-༣༧)
21ཡེ་ཤུ་དང་ཉེ་གནས་ཀྱ་ཀཱ་ཕར་ན་ཧུམ་དུ་ཕེབས་པ་ལགས། ངལ་གསོ་གིན་ཉིན་མ་ལ་ཁོང་པ་ཚོགས་ཁང་ནང་དུ་ཕེབས་ཏེ་ཆོས་གནང་བ་ལགས། 22དེ་ནས་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ཅོག་རེ་མིན་ད། ཁོང་པ་ཡིས་དམི་ཅིག་གི་དབང་ཆེ་བྱས་རེ་བསླབས་ཀྱིན་གོ་ལ། མི་མང་ཀྱ་ཁོང་པ་ཡི་ཆོས་ལ་ཧ་ལས་བ་ལགས། 23འོ་དེ་གང་ལ་ཁོང་ཀྱ་ཡི་ཚོགས་ཁང་དུ་གནོད་པ་འཛུལ་ཛ་མི་གཅིག་འོད་ད་ལགས། ཁོས་སྐད་བརྒྱབ་པ་ལགས། 24ན་ཙ་རེད་ཀྱི་ཡེ་ཤུ། ཁྱེད་རང་མུ་ལ་འི་ཀི་གི་བྲེལ་བ་འོད་ད་ལགས་སེ། ཁྱེད་རང་འེ་ཀྱ་མེད་ད་ལ་མཛད་དུ་ཕེབས་པ་ཡིན་ནེ། ཁྱེད་རང་དཀོན་མཆོག་གི་དམ་པ་གོ་ལགས་སྨྲས་རེ་ངས་ངོ་ཤེས་ལི་འོད།
25ཡེ་ཤུ་ཡིས་འདི་ལ་བཀའ་བཀྱོན་གནང་བ་ལགས། ཁ་པ་སྡོད། དེ་ནས་ཁོའི་ནང་ནས་ཐོན། 26དེ་ནས་འོ་དེ་གནོད་པ་ཡིས་ཁོ་ལ་ཧ་ལ་ཚུར་ལ་སྤྲུགས་ཏེ། དམི་ཅིག་གི་ཕེ་ར་བརྒྱབ་སྟེ་ཁོ་ནས་ཐོན་ཏེ་སོང་བ་ལགས། 27ད་མི་གི་རི་ཧ་ལས་རེ་གཅིག་གིས་གཅིག་ལ་དྲིས་བ་ལགས། འདི་གི་ལེ། འདི་ནི་དབང་ཆ་འོད་ཀྱིན་ཆོས་ལུགས་གསར་པ་གཅིག་ཡིན་ད་རགས། ཁོས་གནོད་པ་ཀྱ་ལའང་བཀའ་གནང་བའི། དེ་ནས་གནོད་པ་ཀྱ་ཁོའི་ཁ་ལ་མཉན་འདིག། 28དེ་ནས་ཡེ་ཤུ་ཡིས་དེ་ལབ་ཀྱ་ག་ལིལ་གྱི་ཡུལ་ཕྱོགས་གི་རི་ལ་ཨུ་ཀུ་ར་གཅིག་ལ་ཁྱབ་པ་ལགས།
ཡེ་ཤུ་ཡིས་ནད་པ་ཀྱ་བཅོས་ག་མཛད་པ།
(མད་ཐཱ། ༨:༡༤-༡༧; ལུ་ཀ། ༤:༣༨-༤༡)
29ད་ཡེ་ཤུ་ལམ་སང་ཚོགས་ཁང་ནས་ཐོན་ཏེ། ཡ་ཀོབ་དང་ཡོ་ཧ་ནན་མུ་ལ། སི་མོན་དང་ཨན་དྲི་ཡཱ་ཡི་ཁང་པ་རུ་ཕེབས་པ་ལགས། 30སི་མོན་གྱི་སྐྱེས་དམན་གྱི་ཨ་མ་གོ་ཚ་བ་འཕར་ཏེ་ནད་རེ་བསྡད་འོད་ད་ལགས། དེ་ནས་མོའི་སྐོར་ལ་ཁོང་ཀྱ་ཡིས་ཡེ་ཤུ་ལ་ཞུས་བ་ལགས། 31དེ་ནས་ཁོང་པ་མོའི་བོ་ལོག་ཏུ་ཕེབས་ཏེ་ལག་པ་ཟིམ་ཏེ། མོ་ལ་ཡར་ལ་བསླངས་ང་མཛད་པ་ལགས། དེ་ནས་ཚ་བ་ཡིས་མོ་ལ་བཏང་བ་ལགས། དེ་ནས་མོས་ཁོང་པ་ཀྱ་ལ་ཞབས་ཕྱི་ཞུས་བ་ལགས།
32འོ་དེ་དགོང་མོ་ཉི་མ་ཕེབས་ཏེ་ཁོང་ཀྱ་ཡིས་ནད་པ་ཀྱ་དང་། འདྲེ་འཛུལ་ཛ་གི་རི་ལ་ཁོང་པ་རྩ་རུ་ཁྲིད་དེ་འོངས་བ་ལགས། 33འོ་དེ་རྒྱལ་ས་ཡི་མི་གི་རི་ཁང་པའི་སྒོ་རྩར་རུ་མུ་ལ་འཛོམས་པ་ལགས། 34ཡེ་ཤུ་ཡིས་ན་ཚ་སྣ་མི་སྣ་ཚོགས་ཀྱི་ནད་པ་ཀྱ་ལ་བཅོས་ག་མཛད་པ་ལགས། དེ་ནས་འདྲེ་དམི་ཅིག་གི་མང་ང་བཏོན་མཛད་པ་ལགས། འདྲེ་ཀྱ་ཡིས་ཁོང་པ་སུ་ཡིན་གྱིན་གོ་ངོ་ཤེས་རེ་ཁོང་པ་ཡིས་འོ་དེ་ཀྱ་ལ་ལབ་བཏང་དུ་མ་བཅུག་པ་ལགས།
ཡེ་ཤུ་ཡིས་ག་ལིལ་དུ་ཆོས་བཤད་པ།
(ལུ་ཀ། ༤:༤༢-༤༤)
35ནམ་ལངས་ཡས་ཨེན་ལ་རང་ཡེ་ཤུ་ཡར་ལ་བཞེངས་ཏེ། ས་དབེན་ད་གཅིག་ལ་ཕེབས་ཏེ་འོ་དུ་རུ་གསོལ་བ་བརྒྱབ་སྟེ་བཞུགས་པ་ལགས། 36སི་མོན་དང་ཁོའི་རོགས་བ་ཀྱ་ཁོང་པ་རྩ་རུ་སོང་བ་ལགས། 37དེ་ནས་ཁོང་ཀྱ་ཡིས་ཁོང་པ་ལ་མཇལ་རེ་ཞུས་བ་ལགས། མི་གི་རི་ནི་ཁོང་པ་བཙལ་ལི།
38དེ་ནས་ཁོང་པ་ཡིས་གསུངས་བ་ལགས། འོ་རང་ཀྱ་ཡུལ་ཉེ་ཀྱ་ལ་འགྲོ། འོ་དེ་རུའང་ང་གཏམ་བཟང་བཤད་དགོས་གུ་ལགས། གི་བྱས་རེ་སྨྲ་ན་དེའི་ཕྱིར་ལ་རང་ང་འོངས་བ་ཡིན། 39དེ་ནས་ཚོགས་ཁང་ཀྱ་ནང་དུ་ཆོས་གསུངས་བའི་གསུངས་བའི་དང་། འདྲེ་ཀྱ་བཏོན་ད་མཛད་དེ་མཛད་དེ་ཁོང་པ་ག་ལིལ་གྱི་ས་ཆ་གི་རི་དུ་ཕེབས་པ་ལགས།
ཡེ་ཤུ་ཡིས་མཛེ་ཕོག་པ་གཅིག་ལ་བཅོས་ག་མཛད་པ།
(མད་ཐཱ། ༨:༡-༤; ལུ་ཀ། ༥:༡༢-༡༦)
40མཛེ་ནད་མི་གཅིག་ཡེ་ཤུ་ཡི་གདོང་དུ་འོངས་རེ་པུས་མོ་བཙུགས་ཏེ་ཁོང་པ་ཡི་ཐུགས་ལ་འོད་ན། ཁོང་པ་ང་ལ་ན་ཚ་འདི་ནས་འདག་ཏུ་བཅུག་བ་མཛད་ཐུབ་གི་ལགས་སྨྲས་རེ་ཞུ་བ་ཕུལ་བ་ལགས།
41སྙིང་རྗེ་རེ་ཡེ་ཤུ་ཡིས་ཕྱག་བརྐྱངས་རེ་ཁོང་ལ་འཇུས་རེ་གསུངས་བ་ལགས། ང་ཁྱོད་དྲག་ཡས་ཀྱི་འདོད་པ་འོད། 42ལམ་སང་ཁོའི་མཛེ་ན་ཚ་གོ་སྟོར་པ་ལགས། དེ་ནས་ཁོ་དྲག་པ་ལགས།
43-44དེ་ནས་ཡེ་ཤུ་ཡིས་འདིའི་སྐོར་ལ་སུ་ལའང་གིའང་མ་སྨྲ། ཡིན་ནའང་སོང་། དེ་ནས་མཆོད་དཔོན་རྩ་རུ་ཁྱོད་རང་ལ་སྟོན། དེ་ནས་གི་རིའི་གདོང་དུ་དཔང་པོ་འོང་ཡས་ལ་མོ་ཤེའི་བཀའ་ལ་གསུངས་ཀྱིན་ཅོག་རེ་མཆོད་པ་ཕུལ་#ལེ་ཝི། ༡༤:༢-༣༢སྨྲས་རེ། ཁོ་ལ་བཀའ་ཤུགས་ཆེ་གནང་རེ་དལ་ལ་གིན་ད་མ་བྱེད་པ་འོ་དེ་ནས་ཧ་ལ་བརྫངས་བ་ལགས། 45ཡིན་ནའང་ཁོ་སོང་རེ་འོ་དེ་སྐོར་ལ་འོད་ལེ་རུ་བཀྲམ་ཡས་མགོ་བཙུགས་པ་ལགས། དེ་ནས་ཡེ་ཤུ་རྒྱལ་ས་དུ་ལྡབ་ལེ་མི་མང་ཀྱ་ཡིས་མཐོང་ས་ལ་ཕེབས་མ་ཐུབ་པ་ལགས། དེ་ནས་ཡེ་ཤུ་རི་སྟོང་ཕྱོགས་ལ་བཞུགས་པ་ལགས། གི་ཡིན་ནའང་མི་ཀྱ་ཕྱོགས་གི་རི་ནས་ཁོང་པ་རྩ་རུ་འོངས་བ་ལགས།།
اکنون انتخاب شده:
མར་ཀུ། 1: LOY
هایلایت
کپی
مقایسه
به اشتراک گذاشتن
می خواهید نکات برجسته خود را در همه دستگاه های خود ذخیره کنید؟ برای ورودثبت نام کنید یا اگر ثبت نام کرده اید وارد شوید
© 2023, Wycliffe Bible Translators, Inc. and Nepal Bible Society