ལུ་ཀ། 9

9
ཡེ་ཤུ་ཡིས་ཉེ་གནས་བཅུ་གཉིས་ལ་བརྫངས་བ།
(མད་ཐཱ། ༡༠:༥-༡༥; མར་ཀུ། ༦:༧-༡༣)
1ད་ཡེ་ཤུའི་ཉེ་གནས་བཅུ་གཉིས་ལ་མུ་ལ་བོས་རེ་ཁོང་ཀྱ་ལ་འདྲེ་ཀྱ་དང་ན་ཚ་ཀྱ་བཅོས་ག་བྱེད་ཡས་ཀྱི་ནུས་མཐུ་དང་དབང་ཆ་གནང་བ་ལགས། 2དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་དཀོན་མཆོག་གི་རྒྱལ་སྲིད་གསལ་བསྒྲགས་བྱེད་ཡས་དང་། ནད་པ་ཀྱ་བཅོས་ག་བྱེད་ཡས་ལ་བརྫངས་བ་ལགས། 3ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་འགྲུལ་བརྒྱབ་ཡས་ལ་ཁྱིད་ཀྱི་མུ་ལ་བེར་ཀྱོག་དང་། ཁུག་མ་དང་། ཟ་མ་དང་། ཨ་ལེ་དང་། གོས་གཉིས་བྱས་རེ་གིན་ད་མ་ཁྱེར། 4ཁྱེད་ཀྱ་ཁྱིམ་ག་རེ་གོ་ལ་འཛུལ་ལི་འོ་དེ་ཡུལ་ནས་མ་ལོག་གིན་ཐུག་པའི་འོ་དེ་ཁྱིམ་གོ་རུ་རང་སྡོད། 5དེ་ནས་ཁྱེད་ཀྱ་ལ་ཡུལ་ག་རུ་ཁས་མེད་ལེན་ཏེ། འོ་དེ་ཡུལ་ནས་ཐོན་ཏེ་འགྲོའི་གང་ལ་ཁོང་ཀྱ་ལ་དཔང་པོ་འོང་ཡས་ཀྱི་ཆེད་དུ་ཁྱིད་ཀྱི་རྐང་པའི་ཐལ་ལ་གོ་སྲུག། 6དེ་ནས་ཁོང་ཀྱ་དགོངས་པ་ཞུས་རེ་ཡུལ་གཅིག་ནས་གཞན་མ་བྱས་རེ་གི་རི་ལ་གཏམ་བཟང་གོ་བཤད་དེ། དེ་ནས་འོད་ལེ་དུ་ནད་པ་ཀྱ་བཅོས་ག་བྱས་རེ་སོང་བ་ལགས།
7ད་དཔོན་པོ་ཧེ་རོ་དཱེ་ཡིས་དེ་གི་རིའི་སྐོར་ལ་ཧ་གོ་པ་ལགས། དེ་ནས་ཁོ་མགོ་འཐོམ་པ་ལགས། གི་བྱས་རེ་སྨྲ་ན་མི་རིང་འགའ་ཡིས་ཁྲུས་གསོལ་མཁན་ཡོ་ཧ་ནན་གཤིན་པོ་ནས་གསོན་པོ་བྱུང་འདུག་སྨྲས་རེ་སྨྲས་བ་ལགས། 8དེ་ནས་རིང་འགའ་ཡིས་ཨེ་ལི་ཡཱ་ཕེབས་འདུག་སྨྲས་རེ་སྨྲས་བ་ལགས། དེ་ནས་གཞན་མ་ཀྱ་ཡིས་ཨེན་མའི་མངོན་ཤེས་མཁན་ཀྱ་ནས་གཅིག་གསོན་པོ་བཞེངས་འདུག་སྨྲས་རེ་སྨྲས་བ་ལགས།
9དེ་ནས་ཧེ་རོ་དཱེ་ཡིས་སྨྲས་བ་ལགས། ཡོ་ཧ་ནན་གྱི་མགོ་བ་ངས་བཅད་དུ་བཅུག་པའི། ཡིན་ནའང་དེ་རེ་ལབ་ཀྱ་གོ་གིན་མི་དེ་སུ་ལེ།
དེ་ནས་ཁོ་ཁོང་པ་ལ་མཇལ་ཡས་ཀྱི་ཐབས་ཤེས་བཙལ་བ་ལགས།
ཡེ་ཤུ་ཡིས་མི་ལྔ་སྟོང་ལ་ཟ་མ་གནང་བ།
(མད་ཐཱ། ༡༤:༡༣-༢༡; མར་ཀུ། ༦:༣༠-༤༤; ཡོ་ཧ་ནན། ༦:༡-༡༤)
10དེ་ནས་སྐུ་ཚབ་ཀྱ་ལོག་སྟེ་འོངས་རེ་ཁོ་རང་ཀྱ་ཡིས་བྱས་བྱ་ལས་ཀ་གི་རི་ཡེ་ཤུ་ལ་བཤད་པ་ལགས། དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་ཁྲིད་དེ་བེད་སད་དཱ་སྨྲ་གིན་རྒྱལ་ས་རུ་ཁ་པ་ཕེབས་པ་ལགས། 11ཡིན་ནའང་མི་ཚོགས་ཀྱི་དེ་ཧ་གོ་སྟེ་ཁོང་པ་ཡི་གཤམ་པ་ལ་འབྲངས་བ་ལགས། དེ་ནས་ཁོང་པ་ཡིས་དེ་ཀྱ་ལ་འོང་དུ་བཅུག་སྟེ་དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྐོར་ལ་གསུངས་བ་ལགས། དེ་ནས་ན་ཚ་ནས་ཐར་དགོས་མཁན་ཀྱ་ལ་བཅོས་ག་མཛད་པ་ལགས།
12ད་ཉི་མ་ཡོལ་གུ་བྱེད་འདིག་གང་ལ་སྐུ་ཚབ་བཅུ་གཉིས་གོ་འོངས་རེ་ཁོང་པ་ལ་ཞུས་བ་ལགས། མི་ཚོགས་ཀྱ་གཡས་གཡོན་གྱི་ཡུལ་ཀྱ་དང་གྲོང་ཀྱ་ལ་སོང་རེ་བསྡད་ས་དང་ཟ་ཡས་བཙལ་རུ་བརྫངས་ང་མཛད། གི་བྱས་རེ་སྨྲ་ན་འོ་རང་དུ་རུ་ས་ཆ་ཡེན་སྟོང་ལ་འདུག།
13ཡིན་ནའང་ཁོང་པ་ཡིས་དེ་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་རང་དེ་ཀྱ་ལ་ཟ་ཡས་རེས་སྟེར།
དེ་ནས་ཁོང་ཀྱ་ཡིས་སྨྲས་བ་ལགས། འི་ཀི་མུ་ལ་གྱང་ག་ལྔ་དང་ཉ་གཉིས་མ་ན་མེད། ཡང་མེད་ན་འེ་ཀྱ་སོང་རེ་དེ་མི་གི་རི་ལ་ཟ་མ་ཉོ་དགོས་ཀྱི་ལགས། 14འོ་དུ་རུ་སྐྱེས་བའི་ཕོ་ལྔ་སྟོང་ཚོད་འོད་ད་ལགས།
དེ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། དེ་ཀྱ་ལ་མི་ལྔ་བཅུའི་ཚོ་ཁག་ལ་བསྡད་དུ་བཅུག། 15དེ་ནས་ཁོང་ཀྱ་ཡིས་འོ་དེ་རེ་རང་བྱས་བ་ལགས། དེ་ནས་གི་རི་ལ་བསྡད་དུ་བཅུག་པ་ལགས། 16དེ་ནས་ཁོང་པ་ཡིས་འོ་དེ་གྱང་ག་ལྔ་དང་ཉ་གཉིས་བོ་གོ་ཕྱག་ལ་བསྣུམས་ཏེ་ནམ་མཁའི་ཞིང་ཁམས་ཕྱོགས་ལ་གཟིགས་ཏེ་བྱིན་རླབས་མཛད་པ་ལགས། དེ་ནས་འོ་དེ་དུམ་བུ་དུམ་བུ་ལ་བཅག་སྟེ་མི་ཚོགས་ལ་སྟེར་སྨྲས་རེ་ཉེ་གནས་ཀྱ་ལ་གནང་བ་ལགས། 17ད་མི་གི་རི་ཡིས་ཕོ་བ་འགྲངས་ཀྱིན་ཐུག་པའི་བཟས་བ་ལགས། དེ་ནས་ཉེ་གནས་ཀྱ་ཡིས་དུམ་བུ་ལྷག་མ་ཀྱ་བསྡུས་རེ་བག་ཏང་བཅུ་གཉིས་ཁངས་བ་ལགས།
ཡེ་ཤུ་མཱ་ཤི་ཀ་གོ།
(མད་ཐཱ། ༡༦:༡༣-༢༣; མར་ཀུ། ༨:༢༧-༣༣)
18ཉིན་མ་གཅིག་ཡེ་ཤུ་ཁོང་པ་གཅིག་ཀ་གསོལ་བ་འདེབས་བའི་གང་ལ་ཉེ་གནས་ཀྱ་ཁོང་པ་མུ་ལ་འོད་ད་ལགས། དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་འདྲི་བ་མཛད་པ་ལགས། མི་ཚོགས་ཀྱ་ཡིས་ང་ལ་སུ་ལགས་སྨྲིས་བོ།
19ཁོང་ཀྱ་ཡིས་སྨྲས་བ་ལགས། མི་རིང་འགའ་ཡིས་ཁྲུས་གསོལ་མཁན་ཡོ་ཧ་ནན། དེ་ནས་རིང་འགའ་ཡིས་ཨེ་ལི་ཡཱ་དང་། གཞན་མ་ཀྱ་ཡིས་ཨེན་མའི་མངོན་ཤེས་མཁན་ཀྱ་ནས་གཅིག་ཡང་གསོན་པོ་བཞེངས་འདུག་སྨྲས་རེ་སྨྲིས།
20ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཡིན་ནའང་ཁྱེད་ཀྱ་ང་སུ་ལགས་མནོས་ཀྱིའོ།
དེ་ནས་པེ་ཏྲོ་ཡིས་ལན་སྟེར་ཏེ་སྨྲས་བ་ལགས། དཀོན་མཆོག་གི་མཱ་ཤི་ཀ་གོ།
རང་གི་འཆི་བའི་སྐོར་ལ་ཡེ་ཤུའི་མངོན་ཤེས།
21དེ་ནས་ཁོང་པ་ཡིས་དེ་ལབ་སུ་ལའང་མ་སྨྲ་སྨྲས་རེ་ཁོང་ཀྱ་ལ་བཀའ་ཤུགས་ཆེ་གནང་བ་ལགས། 22ཁོང་པ་ཡིས་གསུངས་བ་ལགས། མིའི་བུ་ཡིས་སྡུག་པོ་མང་ང་མྱངས་དགོས་གུ་ལགས། དེ་ནས་རྒན་པ་ཀྱ་དང་། མཆོད་དཔོན་ཆེ་ཀྱ་དང་། ཆོས་ཁྲིམས་ཀྱི་སློབ་དཔོན་གི་རི་ཡིས་ཁོ་ལ་ངོ་ལོག་དགོས་ཀྱི་ལགས། དེ་ནས་བསད་དགོས་ཀྱི་ལགས། དེ་ནས་ཞག་མོ་གསུམ་པ་གོ་ལ་ཁོ་བཞེངས་དགོས་ཀྱི་ལགས།
23དེ་ནས་ཁོང་པ་ཡིས་ཁོང་གི་རི་ལ་གསུངས་བ་ལགས། ངའི་གཤམ་ལ་འོང་ཉིད་འདོད་མཁན་ཀྱ་རང་ལ་སྤངས་རེ་རང་གི་རྒྱང་ཤིང་ཙོག་བའི་འཁུར་ཏེ་ངའི་གཤམ་པ་ལ་འབྲང་དགོས་ཀྱི་ལགས། 24གི་བྱས་རེ་སྨྲ་ན་རང་གི་སྲོག་སྐྱོབ་ཀྱིན་གྱིས་སྲོག་ཤོར་གྱི་ལགས། ཡིན་ནའང་ངའི་དོན་དུ་རང་གི་སྲོག་བློས་བཏང་གིན་གྱིས་སྲོག་སྐྱོབ་ཀྱི་ལགས། 25ད་མི་གཅིག་ལ་འཇིག་རྟེན་གི་རི་ཐོབ་ནའང་ཡང་རང་གི་སྲོག་ཤོར་ན་ཁོ་ལ་གི་ཕན་ཐོག་གི་ལེ། 26གི་བྱས་རེ་སྨྲ་ན་ང་དང་ངའི་བཀའ་ལ་ངོ་ཚ་བྱེད་མཁན་གོ་ལ་མིའི་བུ་ཁོ་རི་གཟི་བརྗིད་དང་། ཡབ་ཀྱི་གཟི་བརྗིད་དང་། དམ་པའི་བང་ཆེན་ཀྱ་ཡི་གཟི་བརྗིད་ལ་ཕེབས་བའི་གང་ལ་ཁོས་འང་ངོ་ཚ་བྱེད་ཀྱི་ལགས། 27ཡིན་ནའང་ང་ཁྱེད་ཀྱ་ལ་བདེན་པ་རང་སྨྲ་ཡིན། དུ་རུ་ལངས་མཁན་ཀྱ་ནས་མི་རིང་འགའ་ཡིས་དཀོན་མཆོག་གི་རྒྱལ་སྲིད་མ་མཐོང་བ་འཆི་བའི་བྲོ་བ་ལེན་གྱི་མ་ལགས།
ཡེ་ཤུའི་སྐུ་དབྱིབས་གྱུར་བ།
(མད་ཐཱ། ༡༧:༡-༨; མར་ཀུ། ༩:༢-༨)
28ཡེ་ཤུ་ཡིས་དེ་ཀྱ་གསུངས་ཚར་ཏེ་ཞག་མོ་བརྒྱད་གཤམ་ནས་ཁོང་པ་ཡིས་པེ་ཏྲོ་དང་། ཡོ་ཧ་ནན་དང་། ཡ་ཀོབ་ལ་རང་མུ་ལ་ཁྲིད་བ་མཛད་དེ་རི་ལ་གསོལ་བ་བརྒྱབ་ཏུ་ཕེབས་པ་ལགས། 29དེ་ནས་ཁོང་པ་གསོལ་བ་འདེབས་བའི་གང་ལ་ཁོང་པ་ཡི་ཞལ་གྱུར་པ་ལགས། དེ་ནས་ཁོང་པ་ཡི་ན་བཟའ་གློག་འཁྱུག་གི་འོད་ཅོག་རེ་ཀྱ་ཐིང་བྱུང་བ་ལགས། 30དེ་ནས་ཁོང་པ་མུ་ལ་མི་གཉིས་མོ་ཤེ་དང་ཨེ་ལི་ཡཱ་བཀའ་མོལ་གསུངས་བའི་འོད་ད་ལགས། 31ཁོང་ཀྱ་གཟི་བརྗིད་ཀྱི་ཐོག་ནས་མཇལ་རེ་ཡེ་རུ་ཤ་ལེམ་དུ་སྒྲུབ་ཡས་ཡིན་གྱིན་ཡེ་ཤུ་དེ་འཇིག་རྟེན་ནས་བྲལ་རེ་ཕེབས་ཡས་ཀྱི་སྐོར་ལ་གསུངས་བའི་འོད་ད་ལགས།
32ད་པེ་ཏྲོ་དང་ཁོའི་མུ་ལ་འོད་མཁན་ཀྱ་གཉིད་ཀྱི་བཟི་རེ་བསྡད་འོད་ད་ལགས། ཡིན་ནའང་གཉིད་སད་དེ་གང་ལ་ཁོང་ཀྱ་ཡིས་ཁོང་པ་ཡི་གཟི་བརྗིད་དང་ཁོང་པ་ཡི་མུ་ལ་བཞེངས་ཏེ་བསྡད་ཀྱིན་འོ་དེ་མི་གཉིས་བོ་ལ་མཇལ་བ་ལགས། 33དེ་ནས་འོ་དེ་མི་གཉིས་བོ་ཁོང་པ་ནས་དགོངས་པ་ཞུས་རེ་ཕེབས་བའི་གང་ལ་པེ་ཏྲོ་ཡིས་ཡེ་ཤུ་ལ་ཞུས་བ་ལགས། སློབ་དཔོན་ལགས། འེ་ཀྱ་དུ་རུ་བྱས་རེ་དགའ་བྱུང་སོང་། ད་འེ་ཀྱ་ཡིས་བསྡད་ས་གསུམ་བཟོ་བོ། གཅིག་ཁོང་པ་རང་ལ། གཅིག་མོ་ཤེ་དང་། གཅིག་ཨེ་ལི་ཡཱ་ལ། (ཁོ་རི་སྨྲ་གིན་ལབ་གོ་ཁོ་ལ་ཆ་མ་བྱུང་བ་ལགས།)
34ཁོ་དེ་ཀྱ་ཞུས་གང་ལ་སྲིང་གཅིག་འོངས་རེ་ཁོང་པ་ཀྱ་ལ་བཀབ་པ་ལགས། དེ་ནས་ཁོང་པ་ཀྱ་སྲིང་ནང་དུ་ཕེབས་བའི་གང་ལ་དེ་ཀྱ་དམི་ཅིག་གི་འཇིགས་པ་ལགས།
35དེ་ནས་སྲིང་གི་ཁོག་ནས་དེ་རེ་གསུང་སྐད་གཅིག་ཐོན་པ་ལགས། འདི་ངའི་སྲས་དང་ངའི་བདམས་ད་གོ་ཡིན། ཁོང་ལ་ཉན།
36དེ་ནས་གསུང་སྐད་གོ་རྫོགས་ཏེ་འོ་དུ་རུ་ཡེ་ཤུ་གཅིག་ཀ་མཇལ་བ་ལགས། དེ་ནས་ཁོང་ཀྱ་ཁ་པ་བསྡད་པ་ལགས། དེ་ནས་ཁོང་ཀྱ་ཡིས་མཐོང་ཐ་གོ་འོ་དེ་ཉིན་མ་ཀྱ་ལ་སུ་ལ་མ་བཤད་པ་ལགས།
གནོད་པ་འཛུལ་ཛ་ཁྱོག་ཐོང་།
(མད་ཐཱ། ༡༧:༡༤-༡༨; མར་ཀུ། ༩:༡༤-༢༧)
37ཉེ་དྲོ་གོ་ཡེ་ཤུ་དང་ཁོང་པ་ཡི་ཉེ་གནས་གསུམ་རི་ནས་བབས་ཏེ་ཕེབས་བའི་གང་ལ་མི་ཚོགས་ཆེ་གཅིག་གིས་ཁོང་པ་ལ་མཇལ་བ་ལགས། 38མི་ཚོགས་ཁོག་ནས་མི་གཅིག་གིས་སྐད་བརྒྱབ་པ་ལགས། སློབ་དཔོན་ལགས། ངའི་བི་ཛ་ལ་གཟིགས་བ་མཛད་སྨྲས་རེ་ང་ཞུ་བ་འབུལ་ལ་ཡིན། ཁོ་ངའི་བི་ཛ་གཅིག་ཀ་ར་གོ་ལགས། 39གནོད་པ་གཅིག་གིས་ཁོ་ལ་ཟིམ་ཏེ་ཁོ་ཧ་ཏག་པ་ལ་ཕེ་ར་བརྒྱབ་བའི། དེ་ནས་ས་ལ་འགྱེལ་རེ་ཁ་ནས་ལྦུ་བ་ཐོན་འདིག། དེ་ནས་ཁོ་ལ་ར་བ་རུ་བའི་མ་བཏང་ཐུག་པའི་ཁོ་ནས་ཐོན་ཏེ་མེད་འགྲོ་བ། 40འོ་དེ་གནོད་པ་ལ་བཏོན་རོགས་མཛད་སྨྲས་རེ་ངས་ཁོང་པ་རང་གི་ཉེ་གནས་ཀྱ་ལ་ཞུ་བ་ཕུལ་བའི། ཡིན་ནའང་ཁོང་ཀྱ་ཡིས་བཏོན་ཐུབ་ཀྱི་མིན་འདུག།
41ཡེ་ཤུ་ཡིས་གསུངས་བ་ལགས། དད་པ་མེད་ཀྱིན་དང་ངན་སེམས་ཀྱི་མི་རབས་ཀྱ་བོ། ང་ནམ་ཐུག་པའི་ཁྱིད་ཀྱི་མུ་ལ་བསྡད་དེ་ཁྱིད་ཀྱི་མུ་ལ་བཟོད་པ་བྱེད་གུ་ལེ། ཁྱོའི་བི་ཛ་ལ་དུ་རུ་ཁྲིད་དེ་ཤོག། 42ཁོ་འོང་བའི་གང་ལ་གནོད་པ་ཡིས་ཁོ་ལ་ས་ལ་བརྡབས་པ་ལགས། དེ་ནས་བསྡམས་པ་ལགས། ཡིན་ནའང་ཡེ་ཤུ་ཡིས་འོ་དེ་གནོད་པ་ལ་བཀའ་བཀྱོན་མཛད་པ་ལགས། དེ་ནས་ཕྲུ་གོ་ལ་བཅོས་ག་མཛད་དེ་ཁོ་རི་ཨ་རྒས་ལ་རྩིས་བརྒྱབ་མཛད་པ་ལགས། 43ད་དཀོན་མཆོག་གི་དེ་རེ་གཟི་བརྗིད་མཐོང་རེ་མི་ཀྱ་གི་རི་ཧང་སངས་བ་ལགས། ཡིན་ནའང་ཁོང་པ་ཡིས་མཛད་ཀྱིན་གོ་ལ་མི་གི་རི་ཧང་སངས་བའི་གང་ལ་ཡེ་ཤུ་ཡིས་རང་གི་ཉེ་གནས་ཀྱ་ལ་གསུངས་བ་ལགས། 44གཏམ་དེ་གི་རི་ཁྱེད་རི་སེམས་ལ་ཟིམ། མིའི་བུ་མི་ཀྱ་ཡི་ལག་ཀ་ལ་རྩི་བརྒྱབ་ཡས་བྱེད་འདིག། 45ཡིན་ནའང་འདིའི་དོན་དག་གོ་ཁོང་ཀྱ་ཡིས་ཧ་མ་གོ་པ་ལགས། དེ་ནས་ཁོང་ཀྱ་ཡིས་ཧ་མ་གོ་ར་ཤོག་སྨྲས་རེ་དེ་ཁོང་ཀྱ་ནས་གསང་རེ་བཞག་པ་ལགས། དེ་ནས་ཉེ་གནས་ཀྱ་དེའི་སྐོར་ལ་ཁོང་པ་ལ་ཞུ་ཡས་ལ་འཇིགས་པ་ལགས།
ཆུང་ཤོས་གོ་ཆེ་ཤོས།
(མད་ཐཱ། ༡༨:༡-༥; མར་ཀུ། ༩:༣༣-༤༠)
46ད་ཉེ་གནས་ཀྱ་ཁོ་རང་ཀྱ་ནང་ནས་ཆེ་ཤོས་སུ་ལགས་སྨྲས་རེ་རྩོད་གླེང་ཤོར་པ་ལགས། 47ཡིན་ནའང་ཡེ་ཤུ་ཡིས་དེ་ཀྱ་ཡི་བསམ་བློ་གོ་མཁྱེན་ད་མཛད་དེ། ཕྲུ་གཅིག་ཁྱེར་ཏེ་རང་གི་བོ་ལོག་ཏུ་བཞག་བ་མཛད་པ་ལགས། 48དེ་ནས་ཉེ་གནས་ཀྱ་ལ་གསུངས་བ་ལགས། ངའི་མིང་ནས་འདི་ཕྲུ་ལ་ཁས་ལེན་མཁན་གྱིས་ང་ལ་ཁས་ལེན་གྱི་ལགས། དེ་ནས་ང་ལ་ཁས་ལེན་མཁན་གྱིས་ང་ལ་བརྫངས་མཁན་ལ་ཁས་ལེན་གྱི་ལགས། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་གི་རི་ནས་ཆུང་ཤོས་གོ་ཆེ་ཤོས་ལགས།
49དེ་ནས་ཡོ་ཧ་ནན་གྱིས་སྨྲས་བ་ལགས། སློབ་དཔོན་ལགས། མི་གཅིག་གིས་ཁྱེད་རང་གི་མཚན་ནས་འདྲེ་ཀྱ་བཏོན་གྱིན་གོ་འི་ཀིས་མཐོང་སོང་། དེ་ནས་འི་ཀིས་ཁོ་ལ་བཀག་ཡས་བྱས་བའི། གི་བྱས་རེ་སྨྲ་ན་ཁོ་འོ་རི་གཤམ་པ་ལ་མེད་འབྲང་ལ་ལགས།
50ཡིན་ནའང་ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། ཁོ་ལ་མ་བཀག། གི་བྱས་རེ་སྨྲ་ན་ཁྱོའི་རྒྱབ་ལ་མེད་ཀྱིན་གོ་ཁྱོའི་ཕྱོགས་ལ་འོང་ང་ལགས།
སཱ་མར་རི་པ་ཀྱ་ཡིས་ཡེ་ཤུ་ལ་ངོ་ལོག་པ།
51ཡེ་ཤུ་ཡིས་ནམ་མཁའི་ཞིང་ཁམས་ལ་ཕེབས་ཡས་དུས་ཚོད་གོ་སླེབས་ཡས་བྱེད་འདིག་གང་ལ་ཁོང་པ་ཡིས་ཡེ་རུ་ཤ་ལེམ་ལ་འགྲོ་ཡས་སྨྲས་རེ་ཐག་བཅད་པ་ལགས། 52དེ་ནས་ཁོང་པ་ཡིས་རང་གི་ཨེན་ལ་བང་ཆེན་ཀྱ་བརྫངས་བ་ལགས། དེ་ནས་ཁོང་ཀྱ་ཁོང་པ་ཡི་ཕྱིར་ལ་གྲ་སྒྲིག་བྱེད་ཡས་ལ་སོང་རེ་ས་མ་རི་པ་ཀྱ་ཡི་ཡུལ་གཅིག་ལ་བཞུགས་པ་ལགས། 53ཡིན་ནའང་ཁོང་པ་ཡེ་རུ་ཤ་ལེམ་ཕྱོགས་ལ་ཕེབས་ཡས་གོ་ཤེས་རེ་མི་ཀྱ་ཡིས་ཁོང་པ་ལ་ཕེབས་བསུ་མ་ཞུས་བ་ལགས།
54དེ་ནས་ཁོང་པ་ཡི་ཉེ་གནས་ཡ་ཀོབ་དང་ཡོ་ཧ་ནན་གྱིས་དེ་མཐོང་རེ་སྨྲས་བ་ལགས། གཙོ་བོ། འེ་ཀྱ་ཡིས་ནམ་མཁའི་ཞིང་ཁམས་ནས་མ་ལ་མེ་པབ་སྟེ་དེ་གི་རི་མེད་ད་ལ་བཏང་ཡས་ཀྱི་བཀའ་ཞུས་ཡས་ལ་ཁྱེད་རང་གི་ཐུགས་དགོངས་འོད་དེ།
55ཡིན་ནའང་ཁོང་པ་ཡིས་ཁོང་ཀྱ་ཕྱོགས་ལ་གཟིགས་ཏེ་བཀའ་བཀྱོན་མཛད་པ་ལགས། 56དེ་ནས་ཁོང་པ་ཀྱ་ཡུལ་གཞན་མ་གཅིག་ལ་ཕེབས་པ་ལགས།
ཡེ་ཤུའི་གཤམ་ལ་འབྲང་ཡས།
(མད་ཐཱ། ༨:༡༩-༢༢)
57ཁོང་པ་ཀྱ་ལམ་ཁ་ནས་ཕེབས་བའི་གང་ལ་མི་གཅིག་གིས་ཡེ་ཤུ་ལ་ཞུས་བ་ལགས། གཙོ་བོ། ཁོང་པ་ག་རུ་ཕེབས་བའི་ངའང་ཁྱེད་རང་གི་གཤམ་ལ་འབྲང་ཡས་ཡིན།
58དེ་ནས་ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། ཤལ་ལ་ལ་བསྡད་ས་ཕུག་འོད་ད་ལགས། དེ་ནས་གནམ་གྱི་བྱ་ཀྱ་ལ་ཚང་འོད་ད་ལགས། ཡིན་ནའང་མིའི་བུ་ལ་མགོ་བ་བཞག་ས་ག་རུའང་མེད་ད་ལགས།
59དེ་ནས་ཁོང་པ་ཡིས་གཞན་མ་གོ་ལ་གསུངས་བ་ལགས། ངའི་གཤམ་ལ་ཤོག།
ཡིན་ནའང་འོ་དེ་ཡིས་སྨྲས་བ་ལགས། སློབ་དཔོན་ལགས། ཨེན་ལ་ང་ནང་ལ་ལོག་སྟེ་ངའི་ཨ་རྒས་ཀྱི་ཕུང་པོ་གོ་སྐུང་དུ་བཅུག་རོགས་མཛད།
60དེ་ནས་ཁོང་པ་ཡིས་འོ་དེ་ལ་གསུངས་བ་ལགས། གཤིན་པོ་རང་ལ་རང་གི་ཕུང་པོ་སྐུང་དུ་ཆུག། ཡིན་ནའང་ཁྱོད་སོང་རེ་དཀོན་མཆོག་གི་རྒྱལ་སྲིད་ཀྱི་གསལ་བསྒྲགས་བྱེད།
61མི་གཞན་མ་གཅིག་གིས་སྨྲས་བ་ལགས། གཙོ་བོ། ང་ཁྱེད་རང་གི་གཤམ་ལ་འབྲང་ཡས་ཡིན། ཡིན་ནའང་ཨེན་ལ་ངའི་ནང་དུ་ཡིད་ཀྱིན་ཀྱ་ནས་དགོངས་པ་ལེན་དུ་བཅུག་རོགས་མཛད།
62ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། རང་གི་ལག་པ་ཐོང་པ་ཁར་ལ་བཞག་སྟེ་རྒྱབ་ཕྱོགས་ལ་མིག་ལྟ་གིན་སུའང་དཀོན་མཆོག་གི་རྒྱལ་སྲིད་ལ་ཕན་མེད་ཐོག་གི་ལགས།།

اکنون انتخاب شده:

ལུ་ཀ། 9: LOY

های‌لایت

کپی

مقایسه

به اشتراک گذاشتن

None

می خواهید نکات برجسته خود را در همه دستگاه های خود ذخیره کنید؟ برای ورودثبت نام کنید یا اگر ثبت نام کرده اید وارد شوید