ཡོ་ཧ་ནན། 4
4
ཡེ་ཤུ་དང་ས་མར་ཡཱ་པ་སྐྱེས་དམན་གཅིག
1ད་ཡོ་ཧ་ནན་ལས་འང་ཡེ་ཤུ་ཡིས་ཉེ་གནས་མང་ང་བཟོ་གིན་དང་། ཁྲུས་གསོལ་གནང་གིན་གོ་ཕཱ་རུ་ཤི་པ་ཀྱ་ཡིས་གོ་འདུག་སྨྲས་རེ་ཡེ་ཤུ་ཡིས་མཁྱེན་ད་མཛད་པ་ལགས། 2(དངོས་གནས་བྱེད་ན་ཡེ་ཤུ་རང་གིས་ཁྲུས་གསོལ་མཛད་ད་མིན་ད་ཁོང་པ་ཡི་ཉེ་གནས་ཀྱ་ཡིས་ཁྲུས་གསོལ་སྟེར་ར་ལགས།) 3འོ་བྱས་རེ་ཁོང་པ་ཡུ་དེ་ཡཱ་ཡུལ་ནས་ཁ་བྲལ་རེ་ཡང་ག་ལིལ་ཡུལ་ཕྱོགས་ལ་ཕེབས་པ་ལགས། 4དེ་ནས་ཁོང་པ་ས་མར་ཡཱ་ཡུལ་ནས་ཕེབས་དགོས་ལ་ལགས། 5དེ་ནས་ཡ་ཀོབ་ཀྱིས་ཁོ་རི་བུ་ཡོ་སེབ་ལ་སྟེར་ཏ་སའི་ཉེ་རུ་འོད་ཀྱིན་སི་ཀར་སྨྲ་གིན་ས་མར་ཡཱ་ཡི་གྲོང་ཁྱེར་གཅིག་ལ་ཁོང་པ་ཕེབས་པ་ལགས། 6འོ་དུ་རུ་ཡ་ཀོབ་ཀྱི་ཆུ་དོང་འོད་ད་ལགས། དེ་ནས་ཡེ་ཤུ་རང་གི་འགྲུལ་ནས་སྐུ་ངལ་རེ་འོ་དེ་ཆུ་དོང་གི་འགྲམ་དུ་བཞུགས་པ་ལགས། འོ་དེ་གང་ལ་ཉིན་མོ་འོད་ད་ལགས།
7དེ་ནས་ས་མར་ཡཱ་པ་སྐྱེས་དམན་གཅིག་འོ་དུ་རུ་ཆུ་འཆུ་རུ་འོང་བ་ལགས། ཡེ་ཤུ་ཡིས་མོ་ལ་གསུངས་བ་ལགས། ང་ལ་འཐུང་ཡས་ལ་ཆུ་སྟེར་རོགས་བྱེད། 8ཁོང་པ་ཡི་ཉེ་གནས་ཀྱ་ཟ་མ་ཉོ་རུ་རྒྱལ་ས་ཕྱོགས་ལ་སོང་འོད་ད་ལགས།
9ས་མར་ཡཱ་པ་སྐྱེས་དམན་གྱིས་ཁོང་པ་ལ་ཞུས་བ་ལགས། ཁྱེད་རང་ཡ་ཧུ་དཱ་པ་གཅིག་བྱས་རེ་ང་ས་མར་ཡཱ་པ་སྐྱེས་དམན་གཅིག་ལ་གང་གི་བྱས་རེ་ཆུ་འཐུང་ཡས་ལ་བསླངས་ང་ལེ། (ཡ་ཧུ་དཱ་པ་ཀྱ་ས་མར་ཡཱ་པ་ཀྱ་མུ་ལ་འབྲེལ་བ་མེད་བཞག་ལགས།)
10ཡེ་ཤུ་ཡིས་མོ་ལ་གསུངས་བ་ལགས། ཁྱོས་དཀོན་མཆོག་གི་གནང་སྦྱིན་དང་ཁྱོད་ལ་ཆུ་སྟེར་ར་བྱེད་སྨྲ་གིན་གོ་སུ་ཡིན་མཁན་གོ་ཤེས་འོད་ན། ཁྱོས་ཁོང་ལ་ཞུས་འོད་གྲོ། དེ་ནས་ཁོང་གིས་ཁྱོད་ལ་གསོན་པོ་ཆུ་གོ་གནང་འོད་གྲོ།
11དེ་ནས་སྐྱེས་དམན་གྱིས་ཁོང་པ་ལ་ཞུས་བ་ལགས། སློབ་དཔོན་ལགས། ཆུ་དོང་འདི་གཏིང་རིང་ང་འདུག། དེ་ནས་ཁྱེད་རང་ལ་ཆུ་འཆུ་ཡས་ལ་སྣོད་གཅིག་འང་མིན་འདུག། ད་ཁྱེད་རང་གིས་འོ་དེ་གསོན་པོ་ཆུ་ག་ནས་ཁྱེར་ཏེ་འོངས་ཡས། 12འི་ཀི་དང་པོ་མེ་མེ་ཡ་ཀོབ་ཀྱིས་འདི་ཆུ་དོང་འདི་འེ་ལ་གནང་བ་ལགས། དེ་ནས་ཁོང་པ་ཁོ་རང་དང་། ཁོང་གི་ཕྲུ་བ་ཀྱ་དང་། ཁོང་ཀྱ་ཡིས་དུད་འགྲོ་ཀྱ་ཡིས་འདི་ནས་རང་འཐུང་བ་ལགས། ད་ཁོང་ལའང་ཁྱེད་རང་ཆེ་ཡིན་ནེ།
13ཡེ་ཤུ་ཡིས་མོ་ལ་གསུངས་བ་ལགས། འདི་ཆུ་ནས་འཐུང་མཁན་གི་རི་ལྡབ་ལེ་སྐོམ་གྱི་ལགས། 14ཡིན་ནའང་ངས་སྟེར་གྱིན་ཆུ་ནས་འཐུང་མཁན་ཀྱ་ནམ་མའང་ལྡབ་ལེ་སྐོམ་གྱི་མ་ལགས། ངས་སྟེར་གྱིན་ཆུ་འདི་ཁོ་ལ་མཐའ་མེད་པའི་ཚེ་སྲོག་སྟེར་ཡས་ལ་ཆུ་འཐོན་གྱིན་ཆུ་མིག་ཅིག་ལ་ལ་འགྱུར་གྱི་ལགས།
15དེ་ནས་སྐྱེས་དམན་འདིས་ཁོང་པ་ལ་ཞུས་བ་ལགས། གཙོ་བོ། ང་མེད་སྐོམ་ཡས་དང་དུ་རུ་ཆུ་འཆུ་རུ་འོང་མེད་དགོས་ཡས་ཀྱི་ཕྱིར་ལ་ང་ལ་འདི་ཆུ་དེ་གནང་རོགས་གནང་།
16ཡེ་ཤུ་ཡིས་མོ་ལ་གསུངས་བ་ལགས། སོང་རེ་ཁྱོད་རི་ཁྱོ་ག་ལ་བོས་རེ་ཤོག།
17འོ་དེ་སྐྱེས་དམན་གྱིས་ང་ལ་ཁྱོ་ག་མེད་སྨྲས་རེ་སྨྲས་བ་ལགས།
དེ་ནས་ཡེ་ཤུ་ཡིས་མོ་ལ་གསུངས་བ་ལགས། ཁྱོས་ང་ལ་ཁྱོ་ག་མེད་སྨྲས་རེ་བདེན་པ་སྨྲས་སོང་། 18གི་བྱས་རེ་སྨྲ་ན་ཁྱོད་ལ་ཁྱོ་ག་ལྔ་བྱུང་ཚར་ལགས། དེ་ནས་ད་ལྟ་ཁྱོའི་མུ་ལ་འོད་མཁན་གོ་ཁྱོའི་ཁྱོ་ག་མ་ལགས། ཁྱོའི་ཡིས་འདི་བདེན་པ་སྨྲས་སོང་།
19འོ་དེ་སྐྱེས་དམན་གྱིས་ཁོང་པ་ལ་ཞུས་བ་ལགས། སློབ་དཔོན་ལགས། ཁྱེད་རང་མངོན་ཤེས་མཁན་གཅིག་ཡིན་གྱིན་གོ་ངས་ཤེས་སོང་། 20འི་ཀི་དང་པོའི་ཕ་མ་ཀྱ་ཡིས་འདི་རི་རུ་ཕྱག་མཆོད་པ་ཕུལ་བ་ལགས། ཡིན་ནའང་ཁྱེད་རང་ཀྱ་ཕྱག་མཆོད་པ་འབུལ་དགོས་ཡས་ས་ཆ་གོ་ཡེ་རུ་ཤ་ལེམ་ལགས་གསུངས་རེ་གསུངས་བའི།
21ཡེ་ཤུ་ཡིས་མོ་ལ་གསུངས་བ་ལགས། བུ་མོ། ང་ལ་ཡིད་ཆེས་བྱེད། འདི་རི་དང་ཡེ་རུ་ཤ་ལེམ་གཉིས་ཀ་ར་ལ་ཡབ་དཀོན་མཆོག་གི་ཕྱག་མཆོད་པ་མི་འབུལ་གྱིན་དུས་གོ་ཤར་རི། 22ཁྱེད་ཀྱ་ཡིས་སུ་ལ་ཕྱག་མཆོད་པ་འབུལ་གྱིན་གོ་མེད་ཤེས་ལ་ལགས། དེ་ནས་འེ་ཀྱ་ཡིས་སུ་ལ་ཕྱག་མཆོད་པ་འབུལ་གྱིན་གོ་ཤེས་ལ་ལགས། གི་བྱས་རེ་སྨྲ་ན་ཐར་པ་ཡ་ཧུ་དཱ་པ་ཀྱ་ནས་འབྱུང་གི་ལགས། 23ཕྱག་མཆོད་པ་དྲང་པོ་བྱས་རེ་བྱེད་མཁན་ཀྱ་ཡིས་ཡབ་ལ་སེམས་ཉིད་དང་། བདེན་པ་ཉིད་ཀྱི་སྒོ་ནས་ཕྱག་མཆོད་པ་འབུལ་མཁན་དུས་གོ་ཤར་རི། དེ་ནས་དུས་གོ་ད་ལྟ་རང་ལགས། གི་བྱས་རེ་སྨྲ་ན་ཡབ་ཀྱིས་དེ་རེ་ཕྱག་མཆོད་པ་འབུལ་མཁན་ཀྱ་རང་བཙལ་ལ་ལགས། 24དཀོན་མཆོག་ཐུགས་ཉིད་ལགས། དེ་ནས་ཁོང་པ་ལ་ཕྱག་མཆོད་པ་འབུལ་མཁན་ཀྱ་སེམས་ཉིད་དང་བདེན་པ་ཉིད་ཀྱི་སྒོ་ནས་ཕྱག་མཆོད་པ་འབུལ་དགོས་ལ་ལགས།
25དེ་ནས་སྐྱེས་དམན་འདིས་ཁོང་པ་ལ་ཞུས་བ་ལགས། མཱ་ཤི་ཀ་གོ་ཕེབས་ཀྱི་ལགས། (ཁོང་ལ་ཁི་རིའི་སི་ཐོ་སྨྲ་ལགས) དེ་ནས་ཁོང་པ་ཕེབས་ཏེ་འདི་དོན་གི་རི་སྒྲོལ་བ་མཛད་ཀྱི་ལགས་སྨྲས་རེ་ང་ལ་ཤེས་ཡས་འོད།
26ཡེ་ཤུ་ཡིས་མོ་ལ་གསུངས་བ་ལགས། ཁྱོའི་མུ་ལ་ལབ་བཏང་མཁན་ང་ཁོ་རང་ཡིན།
27འོ་དེ་གང་ལ་རང་ཁོང་པ་ཡི་ཉེ་གནས་ཀྱ་ལོག་སྟེ་འོང་བ་ལགས། དེ་ནས་ཁོང་པ་བུ་མོ་གཅིག་མུ་ལ་བཀའ་མོལ་གསུངས་བའི་མཛད་མཁན་གོ་མཐོང་རེ་ཁོང་ཀྱ་ཧ་ལས་བ་ལགས། ཡིན་ནའང་སུས་འང་ཁོང་པ་ལ་ཁྱེད་རང་གིས་དགོངས་པ་གི་འོད་དོ། ཡང་ན་ཁྱེད་རང་མོའི་མུ་ལ་གི་བྱས་རེ་བཀའ་མོལ་གསུངས་བ་མཛད་ད་ལེ་སྨྲས་རེ་མ་ཞུས་བ་ལགས།
28དེ་ནས་འོ་དེ་སྐྱེས་དམན་གྱིས་མོ་རི་རྫ་མ་གོ་བོར་ཏེ་ཡུལ་ཕྱོགས་ལ་སོང་རེ་མི་ཀྱ་ལ་སྨྲས་བ་ལགས། 29ངས་བྱས་བྱ་གི་རི་ང་ལ་གསུངས་མཁན་མིའི་འདི་ལ་ལྟ་རུ་ཤོག། མཱ་ཤི་ཀ་གོ་ཁོང་པ་རང་མིན་གྲོ་བའི། 30འོ་བྱས་རེ་ཁོང་ཀྱ་ཡུལ་ནས་ཐོན་ཏེ་ཁོང་པ་ཙ་རུ་འོང་བ་ལགས།
31དེ་རེ་འབྱུང་བའི་གང་ལ་ཁོང་པ་ཡི་ཉེ་གནས་ཀྱ་ཡིས་ཁོང་པ་ལ། རབ་བི། ཞལ་ལག་བཞེས་རོགས་གནང་སྨྲས་རེ་སྨྲིས་འོད་ད་ལགས།
32ཡིན་ནའང་ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་ཡི་ཤེས་ཡས་མེད་ཀྱིན་ཟ་མ་ང་ལ་ཟ་ཡས་ལ་འོད།
33འོ་བྱས་རེ་ཉེ་གནས་ཀྱ་ཡིས་གཅིག་གིས་གཅིག་ལ་སྨྲས་བ་ལགས། ཁོང་པ་ལ་མི་གཅིག་གིས་ཞལ་ལག་ཕུལ་བ་ཡིན་གྲོའི།
34ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ང་ལ་མངགས་མཁན་གྱི་ཐུགས་དགོངས་གོ་བྱེད་ཡས་དང་ཁོང་པ་ཡི་ཕྱག་ལས་འགྲུབ་ཡས་དེ་རང་ངའི་ཟ་མ་ལགས། 35བཙས་མ་རྔ་ཡས་ལ་དོ་རང་འང་ཟླ་བ་གཞི་འདུག་སྨྲས་རེ་ཁྱེད་ཀྱ་མེད་སྨྲ་ལེ། ཡིན་ནའང་ང་ཁྱེད་ཀྱ་ལ་སྨྲ་ཡིན། རང་གི་མིག་བཀྱགས་ཏེ་ཞིང་རྔ་རན་གྱིན་གོ་ལ་ལྟོས། 36ད་ཞིང་རྔ་མཁན་གོ་ལ་གླ་ཐོབ་སྟེ་མཐའ་མེད་པའི་ཚེ་སྲོག་གི་ཕྱིར་ལ་སྟོན་ཐོག་སྡུད་ལ་ལགས། དེ་ནས་ས་ང་འདེབས་མཁན་དང་ཞིང་རྔ་མཁན་གཉིས་ཀ་ར་མུ་ལ་ཉ་མོ་དགའ་ལ་ལགས། 37གི་བྱས་རེ་སྨྲ་ན་གཅིག་གིས་བཏབ། གཅིག་གིས་རྔ་སྨྲ་གིན་དཔེ་དེ་བདེན་པ་འདུག། 38ཁྱེད་ཀྱ་ཡིས་དཀའ་ལས་མ་བརྒྱབ་ཀྱིན་ཞིང་སྟོན་སྡུད་རུ་ངས་ཁྱེད་ཀྱ་ལ་བརྫངས་བའི། གཞན་མ་ཀྱ་ཡིས་དཀའ་ལས་བརྒྱབ་འོད་ད་ལགས། དེ་ནས་ཁོང་ཀྱ་ཡིས་འབྲས་བུ་གོ་ཁྱེད་ཀྱ་ལ་ཐོབ་པ་ལགས།
39ངས་བྱས་བྱ་གི་རི་ཁོང་པ་ཡིས་ང་ལ་གསུངས་སོང་སྨྲ་གིན་འོ་དེ་སྐྱེས་དམན་གྱི་བདེན་དཔང་གི་བྱས་རེ། འོ་དེ་ཡུལ་གྱི་ས་མར་ཡཱ་པ་མང་ཆེ་ཡིས་ཁོང་པ་ལ་དད་པ་བྱས་བ་ལགས། 40འོ་བྱས་རེ་ས་མར་ཡཱ་པ་ཀྱ་ཁོང་པ་རྩ་རུ་འོངས་རེ་ཁོང་ཀྱ་མུ་ལ་བཞུགས་རོགས་བྱེད་སྨྲས་རེ་ཁོང་པ་ལ་ཞུས་བ་ལགས། དེ་ནས་ཁོང་པ་འོ་དུ་རུ་ཞག་མོ་གཉིས་བཞུགས་པ་ལགས། 41དེ་ནས་ཁོང་པ་ཡིས་བཀའི་བྱས་རེ་གཞན་མ་དམི་ཅིག་གི་མང་ང་ཡིས་དད་པ་བྱས་བ་ལགས། 42དེ་ནས་ཁོང་ཀྱ་ཡིས་འོ་དེ་སྐྱེས་དམན་གོ་ལ་སྨྲས་བ་ལགས། ད་ཁྱོས་སྨྲ་གིན་གོ་ལ་མིན་ད་འི་ཀིས་རང་གི་གོ་སྟེ་དད་པ་བྱེད་ད་ཡིན། དེ་ནས་དངོས་གནས་རང་ཁོང་པ་འཇིག་རྟེན་གྱི་སྐྱབས་མགོན་གོ་ལགས་སྨྲས་རེ་འེ་ཀྱ་ཡིས་ཤེས་སོང་།
དཔོན་རིགས་གཅིག་གི་བི་ཛ་གསོས་བ།
43ཞག་མོ་གཉིས་གཤམ་ནས་ཡེ་ཤུ་ས་མར་ཡཱ་ནས་བྲལ་རེ་ག་ལིལ་ཡུལ་དུ་ཕེབས་པ་ལགས། 44(མངོན་ཤེས་མཁན་གཅིག་ལ་རང་ཡུལ་དུ་བཀུར་སྟི་མེད་ཡོང་ང་ལགས་སྨྲས་རེ་ཡེ་ཤུ་རང་གིས་བདེན་དཔང་མཛད་པ་ལགས།) 45ཡེ་ཤུ་ག་ལིལ་དུ་ཕེབས་བའི་གང་ལ་འོ་དེ་ཡུལ་གྱི་མི་ཀྱ་ཡིས་ཁོང་པ་ལ་བསུ་ཡང་ཞུས་བ་ལགས། གི་བྱས་རེ་སྨྲ་ན་པེ་སག་གི་དུས་ཆེན་ལ་ཡེ་རུ་ཤ་ལེམ་དུ་འོངས་བ་ག་ལིལ་པ་ཀྱ་ཡིས་ཡེ་ཤུ་ཡིས་མཛད་ཛ་ཕྱག་ལས་ཀྱ་མཐོང་འོད་ད་ལགས།
46འོ་བྱས་རེ་ཁོང་པ་ཡིས་ཆུ་ནས་རྒུན་ཆང་མཛད་ཛ་ག་ལིལ་གྱི་ཀ་ནཱ་རུ་ཡང་ཕེབས་པ་ལགས། དེ་ནས་ཀཱ་ཕར་ན་ཧུམ་དུ་དཔོན་རིགས་གཅིག་འོད་ད་ལགས། དེ་ནས་ཁོའི་བི་ཛ་ནད་པ་འོད་ད་ལགས། 47འོ་དེ་མིས་ཡེ་ཤུ་ཡུ་དེ་ཡཱ་ནས་ག་ལིལ་དུ་ཕེབས་འདུག་སྨྲས་རེ་གོ་སྟེ་ཁོས་ངའི་བི་ཛ་ཤི་གུ་བྱེད་འདིག། ཁྱེད་རང་ཕེབས་ཏེ་ཁོ་ལ་གསོ་བ་མཛད་སྨྲས་རེ་ཁོང་པ་ལ་ཞུས་བ་ལགས།
48ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། ཁྱེད་ཀྱ་རྟགས་དང་ཡ་མཚན་གྱི་ཕྱག་ལས་ཀྱ་མ་མཐོང་གིན་ཐུག་པའི་དད་པ་མི་བྱེད་ད་ལགས།
49དེ་ནས་དཔོན་རིགས་ཀྱིས་ཞུས་བ་ལགས། གཙོ་བོ། ངའི་བུ་མ་ཤི་ཨེན་ལ་ཕེབས་བ་མཛད།
50ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། སོང་། ཁྱོའི་བི་ཛ་གསོན་པོ་གནས་ཀྱི་ལགས། དེ་ནས་དཔོན་རིགས་ཀྱིས་ཡེ་ཤུ་ཡིས་གསུངས་ཀྱིན་བཀའ་ལ་ཡིད་ཆེས་བྱས་རེ་ཁོ་ལོག་སྟེ་སོང་བ་ལགས།
51ཁོ་ལམ་ཁ་ལ་འགྲོའི་གང་ལ་ཁོའི་གཡོག་པོ་ཀྱ་ཁོ་ལ་ཐུག་ཏུ་འོངས་རེ་ཁོའི་བི་ཛ་གསོས་ཀྱིན་གོ་ཁོ་ལ་བཤད་པ་ལགས། 52དེ་ནས་དུས་གིན་ལ་ཁོ་རི་བི་ཛ་ག་རུ་ལ་སོང་སྨྲས་རེ་དྲིས་ལི་གང་ལ་ཁོང་ཀྱ་ཡིས་ཁོ་ལ་སྨྲས་བ་ལགས། མདང་ཉིན་མོ་ཆུ་ཚོད་དང་པོ་ལ་ཁོ་ནས་ཚ་བ་གོ་དྭངས་སོང་། 53དེ་ནས་ཡེ་ཤུ་ཡིས་ཁོ་ལ་ཁྱེད་རི་བི་ཛ་གསོན་པོ་གནས་ཀྱི་ལགས་གསུངས་ཀྱིན་དུས་ནས་རང་བྱུང་འདུག་སྨྲས་རེ་ཨ་རྒས་ཀྱིས་ཧ་གོ་པ་ལགས། དེ་ནས་ཁོ་དང་ཁོའི་ནང་མི་གི་རི་ཡིས་དད་པ་བྱས་བ་ལགས།
54ད་དེ་ཡུ་དེ་ཡཱ་ནས་ག་ལིལ་དུ་ཕེབས་ཏེ་ཡེ་ཤུ་ཡིས་མཛད་ཛ་རྟགས་གཉིས་བ་གོ་ལགས།།
اکنون انتخاب شده:
ཡོ་ཧ་ནན། 4: LOY
هایلایت
به اشتراک گذاشتن
کپی

می خواهید نکات برجسته خود را در همه دستگاه های خود ذخیره کنید؟ برای ورودثبت نام کنید یا اگر ثبت نام کرده اید وارد شوید
© 2023, Wycliffe Bible Translators, Inc. and Nepal Bible Society