YouVersion Logo
Search Icon

རོ་མཱ་པ། ངོ་སྤྲོད།

ངོ་སྤྲོད།
རྩོམ་པ་པོ། སྐུ་ཚབ་ཕོལ་ལོལ་ཡིན་དིག
རྩོམ་པའི་དུས་དེ་ནི། སྤྱི་ལོ་ 55-57 བར་ཚོད་ལེ་བྲིས་འདུག
རྩོམ་རིག་གི་རྣམ་གྲངས་ནི། ཡི་གེ་ཡིན་དིག
ཡི་གེ་འདི་ཀློག་མཁན་དང་པོ་ནི། རོ་མཱ་གོང་མའི་རྒྱལ་ཁབ་ཀྱི་རྒྱལ་ས་ལེ་སྡོད་མཁན་ཡེ་ཤུ་ལེ་དད་པ་བགྱིད་མཁན་ཀྱ་ཡིན་དིག
ཡི་གེ་འདིའི་ནང་དོན་གཙོ་བོ་ནི། སྐྱབས་མགོན་ཇོ་བོ་ཡེ་ཤུ་དཀོན་མཆོག་གི་ཞིང་ཁམས་ལེ་ཕེབས་གནང་བའི་རྗེས་ལེ། དུས་རབས་དང་པོའི་དཀྱིལ་ཚོད་ལེ། སྐུ་ཚབ་ཕོལ་ལོལ་གྱིས་རོ་མཱ་གོང་མའི་རྒྱལ་ཁབ་ཀྱི་རྒྱལ་ས་རོ་མཱ་ལེ་འགྲོ་རྒྱུ་འཆར་གཞི་བཟོས་པི་དིག ཡིན་ནའང་། ཁོ་རང་རྒྱལ་ས་དེ་ལེ་འགྲོ་མྱོང་མེད་ཕེན། རོ་མཱ་ལེ་སྡོད་མཁན་ཡེ་ཤུ་ལེ་དད་པ་བགྱིད་མཁན་ཀྱ་ལེ། ཕོལ་ལོལ་གྱིས་རང་གི་སྐོར་ལེ་ངོ་སྤྲོད་བགྱིད་རྒྱུ་ཆེད་དུ་ཡི་གེ་འདི་བྲིས་པི་དིག ཡི་གེ་འདིའི་ནང་ལེ་དཀོན་མཆོག་གི་སྲས་ཡེ་ཤུ་ལེ་དད་པ་བྱས་པའི་བརྒྱུད་ནས་མི་ཀྱ། དཀོན་མཆོག་དིང་སྐྱེན་ལེ་འབྲེལ་བ་དགའ་མོ་ཅི་གི་བྱས་ཏེ་འཐོབ་པའི་སྐོར་ལེ་གསལ་བཤད་བགྱིད་འོད་དིག ཕོལ་ལོལ་གྱིས་སྡིག་ཉེས་ཀྱི་འབྲས་བུ་དེ་ནི་འཆི་བ་ཡིན་དིག ཡིན་ནའང་། རིང་ཐང་གཏོད་དགོས་མེད་མེད་དཀོན་མཆོག་གི་ཐུགས་རྗེའི་གཟིགས་སྐྱོང་དེ་ནི། འུ་ཀྱ་ཀྱི་སྐྱབས་མགོན་ཇོ་བོ་ཡེ་ཤུའི་བརྒྱུད་ནས་ཐོབ་འོད་ཡོད་མཐའ་མེད་པའི་ཚེ་དེ་ཡིན་དིག་ཟིན་བྲིས་འོད་དིག

Highlight

Copy

Compare

Share

None

Want to have your highlights saved across all your devices? Sign up or sign in