མཛད་པ། 28
28
ལེའུ་ཉི་ཤུ་རྩ་བརྒྱད།
མེ་ལི་ཊེ་གླིང་ཕྲན་ལེ་ཕོལ་ལོལ་སླེབས་པ།
1ཡང་ཉེད་ཀྱ་ཉེན་ཁ་དེ་ནས་ཐར་ཕེན། གླིང་ཕྲན་དེའི་མིང་ལེ། མེ་ལི་ཊེ་གླིང་ཕྲན་ཟིན་འོད་དི་ཧ་གོ་བྱུང་། 2གླིང་ཕྲན་དེའི་ནང་ལེ་སྡོད་མཁན་མི་དེ་ཀྱ་ཀྱིས་ཉེད་ཀྱ་ལེ་དྲིན་ཆེན་པོ་བྱས་པི་མ་ཟད། དུས་དེ་རྒྱ་ཆར་པ་བབས་ཏེ་གནམ་གཤིས་ཟང་གྲང་མོ་འོད་ཕེན། མི་དེ་ཀྱ་ཀྱིས་མེ་བཏང་སྟེ་ཉེད་ཀྱ་ལེ་སྣེ་ལེན་དགའ་མོ་བྱས་བྱུང་། 3དེ་རྒྱ་ཕོལ་ལོལ་གྱིས་མེ་ཤིང་ཆག་བ་གང་བཏུས་ཏེ། མེའི་ནང་ལེ་བཅུག་ལོང་མེད། དུག་སྦྲུལ་ཞིག་མེའི་ཚ་དྲོད་ཀྱིས་བཟོད་མ་ཐུབ་ཕེན། ཕྱི་ལེ་ཐོན་འོངས་ཏེ་ཕོལ་ལོལ་གྱི་ལག་ག་ལེ་སོ་བརྒྱབ་པི་དིག 4དེ་ནས་ཡུལ་མི་ཀྱ་ཀྱིས་དུག་སྦྲུལ་དེ་ཕོལ་ལོལ་གྱི་ལག་ག་ནས་ཕྲུལ་ཕྲུལ་ལེ་འོད་དེ་མཐོང་ཕེན། གཅིག་གིས་གཅིག་ལེ། མི་འདི་ནི་མི་གསོད་མཁན་ཞིག་ཡིན་དི་འཕྱུག་པ་མི་འདུག ཁོ་རྒྱ་མཚོ་ནས་ཐར་ཐུབ་ནའང་། མི་བསད་དི་རྐྱེན་གྱི་དྲང་བདེན་ལྷ་མོས་ཁོ་གསོན་དུ་འཇུག་གྱི་མ་དིག་ཟིན་འོད་དིག 5ཡིན་ནའང་། ཕོལ་ལོལ་གྱིས་དུག་སྦྲུལ་དེ་མེའི་ནང་ལེ་གཡུགས་པི་མ་ཟད། རང་ལེ་སྐྱོན་ཅི་གང་མ་བྱུང་པི་དིག 6ཡང་ཡུལ་མི་དེ་ཀྱ་ཀྱིས་ཁོའི་གཟུགས་པོ་སྐྲང་འོང་གྱི་དིག ཡང་ནི། ལམ་སང་ས་ལེ་འགྱེལ་ཏེ་ཤི་འོང་བསམ་སྟེ། ཡུན་རིང་པོ་ཁོ་ལེ་བལྟས་ནའང་། ཕོལ་ལོལ་ལེ་སྐྱོན་ཅི་གང་མེད་དི་མཐོང་པི་རྗེས་ལེ། མི་དེ་ཀྱ་བློ་འགྱུར་ཕེན། མི་དེ་ཀྱ་ཀྱིས་ཁོ་རང་ནི་ལྷ་ཡིན་དིག་སྨྲས་པི་དིག
7ཡང་གླིང་ཕྲན་དེའི་ནང་ལེ་དཔོན་པོ་པུབ་ལི་ཡུ་ཟེར་མཁན་ཞིག་འོད་དིག ཁོང་གི་སྡོད་སའི་ཉེ་འགྲམ་ལེ་ཉེད་ཀྱ་སླེབས་འོད་ཕེན། དཔོན་པོ་དེས་ཉེད་ཀྱ་ལེ་ཕེབས་བསུ་ཞུས་ཏེ། ཉིན་གསུམ་རིང་ལེ་སྣེ་ལེན་གཟབ་རྒྱས་བྱས་བྱུང་། 8དེ་རྒྱ་དཔོན་པོའི་ཨ་ཀྱི་ལེ་ཚ་བ་དིང་འཛག་ནད་ཕོག་སྟེ་ཉལ་ཁྲིའི་ལྟག་ག་ལུས་ཕེན། ཁོང་གི་ནང་ལེ་ཕོལ་ལོལ་ཕྱིན་ཏེ། ནད་པའི་ལུས་ལེ་ལག་ག་བོར་ཏེ། དཀོན་མཆོག་ལེ་གསོལ་བ་བཏབ་ཕེན་ན་ཚ་དྲག་པི་དིག 9དེ་ནས་གླིང་ཕྲན་དེའི་ནང་ལེ་འོད་ཡོད་ནད་པ་ཡེ་རེ་འོངས་ཕེན། ཕོལ་ལོལ་གྱིས་མི་དེ་ཀྱ་ཀྱི་ན་ཚ་ཡེ་རེ་དྲག་ཏུ་བཅུག་པི་དིག 10དེ་ནས་མི་དེ་ཀྱ་ཀྱིས་ཉེད་ཀྱ་ལེ་རྔན་པ་མང་པོ་སྟེར་གྱོ་འོད་དི་མ་ཟད། གྲུ་གཟིངས་ལེ་བཞོན་ཏེ་འགྲོ་རྒྱ། ཉེད་ཀྱ་ལེ་ཅི་དགོས་པ་འོད་ཡོད་ཡེ་རེ་གྲུ་གཟིངས་ནང་ལེ་བསྐྱལ་དུ་སླེབས་བྱུང་།
ཕོལ་ལོལ་རོ་མཱ་རྒྱལ་ས་ལེ་སླེབས་པ།
11དེ་ནས་ཟླ་བ་གསུམ་འགོར་རི་རྗེས་ལེ། ཉེད་ཀྱ་ཨ་ལིག་ཟན་དྲི་ཡཱ་རྒྱལ་ས་ནས་གྲུ་གཟིངས་ཞིག་ལེ་བཞོན་ཏེ་ཕྱིན་དི་ཡིན། གྲུ་གཟིངས་དིང་གྲུ་པ་ཀྱ་དགུན་ཁ་གླིང་ཕྲན་དེ་རུ་བསྡད་དི་དིག གྲུ་དེའི་མགོ་ལེ་ལྷ་མཚེ་མ་གཉིས་ཟེར་རི་པོ་དེ་ནི། ཤིང་ལེ་བཀོད་བརྒྱབ་རྟགས་བོར་འོད་དིག#28.11 ལྷ་མཚེན་མ་གཉིས་པོ་དེ་ནི། གྲུ་གཟིངས་ཀྱི་ཞིག་ལྷ་ཡིན་དིག 12དེ་ནས་ཉེད་ཀྱ་སི་ར་ཀུ་སེ་ཟེར་རི་རྒྱལ་ས་ལེ་སླེབས་ཕེན། དེ་རུ་ཉིན་གསུམ་དེ་རུ་བསྡད་དི་ཡིན། 13དེ་ནས་མཚོ་ལམ་བརྒྱུད་ནས་རེ་གི་ཡོན་ཟེར་རི་རྒྱལ་ས་ལེ་སླེབས་ཕེན། དེ་རུ་ཉེད་ཀྱ་ཉིན་མ་གཅིག་བསྡད་དི་རྗེས་ལེ། ལྷོ་ཕྱོགས་ནས་འུར་པོ་ཤུགས་ཆེན་པོ་བརྒྱབ་ཕེན། དེའི་སྔ་དྲོ་པུ་ཏེའོ་ལི་ཟེར་རི་རྒྱལ་ས་ལེ་ཕྱིན་དི་ཡིན། 14རྒྱལ་ས་དེ་རུ་དད་པ་བགྱིད་མཁན་སྤུན་ཟླ་ཀྱ་ཐུག་ཕེན། ཁོང་ཀྱ་ཀྱིས་ཉེད་ལེ་མགྲོན་པོ་འབོད་བྱུང་། དེ་ནས་ཉེད་ཀྱ་ཟང་དེ་རུ་ཉིན་མ་བདུན་བསྡད་དི་རྗེས་ལེ་རོ་མཱ་རྒྱལ་ས་ལེ་སླེབས་སོང་། 15རོ་མཱ་རྒྱལ་སའི་ནང་ལེ་འོད་ཡོད་དད་པ་བགྱིད་མཁན་སྤུན་ཟླ་ཀྱ་ཀྱིས་ཟང་། ཉེད་ཀྱ་ཀྱི་སྐོར་ལེ་ཐོས་ཕེན། ཨ་ཕེ་ཨོ་ཟེར་རི་ཚོང་ར་དིང་། ཆང་ཁང་གསུམ་ཟེར་རི་ཉེ་འཁོར་ནས་ཉེད་ཀྱ་ལེ་བསུ་རུ་སླེབས་བྱུང་། དེ་ནས་ཕོལ་ལོལ་གྱིས་ཁོང་ཀྱ་མཐོང་ཕེན། དཀོན་མཆོག་ལེ་བཀའ་དྲིན་ཆེ་ཞུས་པི་མ་ཟད། བློ་སེམས་བདེ་མོ་དིང་སེམས་ཤུགས་སྐྱེས་པི་དིག 16རོ་མཱ་རྒྱལ་ས་རུ་ཕོལ་ལོལ་དམག་མི་བརྒྱ་དཔོན་གྱིས་ཆོག་མཆན་གནང་སྟེ། སྲུང་དམག་ཞིག་དིང་སྐྱེན་ལེ་མི་ཞིག་གི་ཁང་པ་རུ་ལྷོད་ཡངས་ལེ་སྡོད་དུ་བཅུག་པི་དིག
17དེ་ནས་ཉིན་གསུམ་འགོར་རི་རྗེས་ལེ། ཕོལ་ལོལ་གྱིས་ཡ་ཧུ་དཱ་པའི་འགོ་ཁྲིད་ཀྱ་ཤོག་སྨྲས་ཏེ་ཡེ་རེ་འཛོམས་འོངས་ཕེན། ཕོལ་ལོལ་གྱིས་ཁྱེད་སྤུན་ཟླ་ཀྱ། ངས་རང་གི་ལུང་པའི་མི་རིགས་ཀྱ་ལེ་ཕོག་སྡུག་བཏང་མེད་དི་མ་ཟད། ཡང་འུའི་མེས་མེས་ཀྱི་ལུགས་སྲོལ་དིང་འགལ་པའི་ལས་ཀ་ཟང་ཅི་གང་མ་བྱས་འོད། ཡིན་ནའང་། ཡེ་རུ་ས་གླིང་རྒྱལ་ས་ནས་ང་ལེ་འཛིན་བཟུང་བྱས་ཏེ་རོ་མཱའི་གཞུང་ལེ་གཏད་ཕེན། 18ཁོང་ཀྱ་ཀྱིས་ཟང་ང་ལེ་འདྲི་གཅོད་བྱས་པི་མ་ཟད། ང་ལེ་སྲོག་ཁྲིམས་གཏོང་དགོས་པའི་ཉེས་པ་ཅི་གང་མ་བརྙེད་ཕེན། ང་ལེ་འདྲི་གཅོད་བྱས་པི་རྗེས་ལེ་ང་བཙོན་ཁང་ནས་འདོན་རྒྱུ་བྱས་པི་དིག 19ཡིན་ནའང་། ཡ་ཧུ་དཱ་པ་ཀྱ་ཀྱིས་གནས་ཚུལ་དེ་ལེ་འགེག་རྒོལ་བྱས་ཏེ། ང་གློད་གྲོལ་མ་བཏང་ཕེན། ངས་ཟང་རྒྱལ་པོ་སེ་བཟིར་ལེ་ཞུ་གཏུག་མི་བགྱིད་ཀ་མེད་བྱུང་། ཡིན་ནའང་། ངས་རང་གི་མི་རིགས་ལེ་ཉེས་འཛུགས་བགྱིད་རྒྱུ་ཅི་གང་མེད། 20འོ་དེ་ལེ་བརྟེན་ཏེ། ངས་ཁྱེད་ཀྱ་ལེ་གདོང་ངོ་མངོན་སུམ་ཐུག་སྟེ་གཏམ་གླེང་བགྱིད་འདོད་འདུག ཅི་ལེ་ཟེར་ནི། ཡི་སི་ར་ཨེལ་པའི་མི་ཀྱ་ཀྱི་རེ་བའི་ཆེད་དུ། ང་ལེ་ལྕག་ཐག་གིས་བསྡམས་པི་དིག་ཟིན་སྨྲས་པི་དིག 21དེ་ནས་ཁོང་ཀྱ་ཀྱིས་ཡ་ཧུ་དཱ་ལུང་པ་ནས་ཁྱོད་ཀྱི་སྐོར་ལེ་ཉེད་ཀྱ་ལེ་ཡི་གེ་ཟང་མ་འབྱོར་བྱུང་། ཡང་ཡ་ཧུ་དཱ་པའི་སྤུན་ཟླ་སུ་ཞིག་ཡིན་ནའང་འདི་རུ་འོངས་ཏེ། ཁྱོད་ལེ་གཏམ་ངན་ཟེར་མཁན་མི་འདུག 22ཡིན་ནའང་། ཉེད་ཀྱ་ཀྱིས་ད་ལྟ་ཁྱོད་ཀྱི་བསམ་འཆར་ཅི་ཡིན་མིན་དེའི་སྐོར་ལེ་ཉན་འདོད་འོད། ཅི་ལེ་ཟེར་ནི། ཡུལ་ལུང་ཀུན་གྱི་མི་ཀྱ་ཀྱིས་ཆོས་ལུགས་གྲུབ་མཐའ་འདིའི་སྐུར་བ་འདེབས་གྱོ་འོད་དི་ཉེད་ཀྱ་ཀྱིས་ཧ་གོ་བྱུང་ཟིན་སྨྲས་པི་དིག
རོ་མཱ་རྒྱལ་ས་ལེ་གཏམ་བཟང་བཤད་པ།
23དེ་ནས་མི་དེ་ཀྱ་ཀྱིས་ཕོལ་ལོལ་ལེ་ཡང་དང་ཐུག་རྒྱུ་སྐོར་ལེ་ཉིན་ཞིག་གཏན་འཁེལ་བཟོས་འོད་ཕེན། དུས་དེ་ལེ་མི་ཚོགས་མང་པོ་འཇུ་གུ་ཁོང་གི་སྡོད་ས་ལེ་སླེབས་འོད་དིག དེ་ནས་ཕོལ་ལོལ་གྱིས་སྔ་རོགས་ནས་མཚན་མོ་བར་ཐུབ་དཀོན་མཆོག་གི་རྒྱལ་ཁབ་ཀྱི་སྐོར་ལེ་བདེན་དཔང་བྱས་པི་མ་ཟད། ལུང་སྟོན་པ་མོ་ཤེའི་ཆོས་ཁྲིམས་དིང་། ཡང་ལུང་སྟོན་པ་ཀྱ་ཀྱིས་བྲིས་པའི་མདོ་དེ་གཉིས་ཀྱི་བརྒྱུད་ནས་ར་སྤྲོད་བྱས་ཏེ། སྐྱབས་མགོན་ཡེ་ཤུའི་སྐོར་མི་དེ་ཀྱ་ལེ་བཤད་དེ། དད་པ་བགྱིད་དགོས་པའི་བསྐུལ་མ་བཏང་པི་དིག 24དེ་ནས་མི་ལ་ལས་ཕོལ་ལོལ་གྱིས་ཅི་བཤད་དི་དེ་ལེ། ཡིད་ཆེས་བགྱིད་འོད་དིག ཡང་ལ་ལས་ཡིད་ཆེས་མི་བགྱིད་འོད་དིག 25དེ་ནས་མི་དེ་ཀྱ་ཀྱི་ཕན་ཚུན་བར་ལེ་ལྟ་བ་མ་མཐུན་ཕེན། རང་སོ་སོ་ཁ་གྱེས་ཏེ་འགྲོ་རྒྱ། ཕོལ་ལོལ་གྱིས་མི་དེ་ཀྱ་ལེ་དམ་པའི་ཐུགས་ཉིད་ཀྱིས་ལུང་སྟོན་པ་ཡེ་ཤ་ཡཱ་ཟེར་མཁན་བརྒྱུད་ནས་ཁྱེད་ཀྱ་ཀྱི་མེས་མེས་ཀྱ་ལེ།
26ཁྱོད་ཀྱིས་མི་རིགས་ཀྱ་ལེ་ཤོད། །
རྣ་བས་ཐོས་ནའང་དེའི་དོན་མ་ཤེས། །
ཅི་མཐོང་ནའང་དེའི་དོན་མ་རྟོགས། །
27རྣ་བ་ལྗིད་མོ་དིང་མིག་ཟང་བཙུམ། །
མིག་གིས་མ་མཐོང་རྣ་བས་ཟང་མ་ཐོས། །
མི་ཀྱ་ཀྱིས་སེམས་ནི་གྱོང་པོ་བྱུང་སྟེ། །
བློ་ཡིས་རྟོགས་པའི་ཆེད་དུ་སེམས་བསྒྱུར་ནི། །
ངས་མི་དེ་ཀྱ་གསོ་སྐྱོང་བྱས་ཏེ་སྐྱོབ་ཀྱི་ཡིན། །
ཟིན་གསུངས་འོད་དིག#28.27 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 6 ཨང་ 9-10 ནང་ལེ་གཟིགས་རོགས། 28འོ་དེ་ལེ་བརྟེན་ཏེ། དཀོན་མཆོག་གི་ཐར་ལམ་དེ་ནི། ད་ལྟ་ཡ་ཧུ་དཱ་པ་མིན་པའི་ཕྱིའི་མི་ཀྱ་ལེ་གནང་འོད་དི་ཧ་གོ་བར་གྱིས་ཤིག ཡང་ཁྱེད་ཀྱ་ཀྱིས་ཟང་ཉན་ཏེ་ཁས་ལེན་བགྱིད་ཀྱི་དིག་ཟིན་སྨྲས་པི་དིག 29#28.29 སྐུ་ཚབ་ཀྱ་ཀྱིས་མཛད་པའི་བཤུས་ཡིག་སྔ་ཤོས་དེ་ཀྱ་ནང་ལེ། འོག་ལེ་འོད་ཡོད་ཨང་ 29 དེ་མེད་དིག ཕོལ་ལོལ་གྱིས་འོ་འདི་གི་སྨྲས་ཕེན། ཡ་ཧུ་དཱ་པ་ཀྱ་ཀྱི་ནང་ལེ་རྩོད་གླེང་ཆེན་པོ་བྱས་པི་རྗེས་ལེ། ཡ་ཧུ་དཱ་པ་ཀྱ་བུད་དི་དིག 30དེ་ནས་ཕོལ་ལོལ་གྱིས་ཁང་པ་ཞིག་གི་ནང་དུ་ཁང་གླ་གཏད་དེ། རྒྱལ་ས་དེ་རུ་ལོ་གཉིས་ཚོད་བསྡད་དི་དིག ཡང་ཕོལ་ལོལ་གྱི་ཁང་པ་ལེ་འོངས་མཁན་མི་ཡེ་རེ་ལེ་སྣེ་ལེན་དགའ་མོ་བྱས་པི་མ་ཟད། 31སྙིང་སྟོབས་ཆེན་པོས་ངང་ནས་དཀོན་མཆོག་གི་རྒྱལ་ཁབ་ཀྱི་སྐོར་གྱི་ཆོས་བསྟན་པི་དིག དུས་ད་ནས་ཕེན་སྐྱབས་མགོན་ཇོ་བོ་ཡེ་ཤུའི་སྐོར་ལེ་ཆོས་སྟོན་རྒྱུ་དེ་ལེ། མི་སུ་ཞིག་གིས་ཟང་འགེག་ཐབས་མ་བྱས་པི་དིག ། ། །
Currently Selected:
མཛད་པ། 28: DLPO
Highlight
Copy
Compare
Share
Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.