YouVersion Logo
Search Icon

མཛད་པ། 26

26
ལེའུ་ཉི་ཤུ་རྩ་དྲུག
ཕོལ་ལོལ་གྱིས་རྒྱལ་པོ་​ཨག་རི་པཱའི་དྲུང་དུ་ཉེས་​སྐྱོན་​མེད་དི་གསལ་བཤད་པ།
1དེ་ནས་​ས་གནས་​རྒྱལ་པོ་​ཨག་རི་པཱ་ཁོས་​ཕོལ་ལོལ་​ལེ། ད་ཁྱོད་ཀྱིས་རང་གི་​སྐོར་​ལེ་​རྒྱུ་མཚན་​ཤོད་​ཆོག་​འོད་​ཟིན་གསུངས་​ཕེན། ཕོལ་ལོལ་​གྱིས་ལག་ག་བརྐྱངས་ཏེ། མི་ཀྱ་ལེ་མར་བཞུགས་​རོགས་ཟིན་​ལག་​བརྡ་​བྱས་​པི་རྗེས་ལེ། རང་​ལེ་​ཉེས་​སྐྱོན་​མེད་དི་ར་སྤྲོད་བགྱིད་རྒྱུ་ཆེད་དུ། 2རྒྱལ་པོ་​ཨག་རི་པཱ། ད་རིང་གནས་འདི་རུ་ཡ་ཧུ་དཱ་པ་​ཀྱ་​ཀྱིས་​ང་​ལེ་ནག་ཉེས་བཙུགས་པའི་​དོན་ཡེ་རེ། ད་ལྟ་ངས་ཁྱེད་རང་གི་མདུན་དུ་ང་ལེ་རང་ལེ་ཉེས་སྐྱོན་མེད་དི་སྐོར་ལེ་ཤོད་རྒྱུ་​འབྱོར་རི་འདི་ལེ་ངོ་ཐོག་​དགའ་རི་ཆེན་པོ་བྱུང་། 3ཅི་ལེ་ཟེར་ནི། ཁྱེད་ནི་ཡ་ཧུ་དཱ་པའི་​ལུགས་སྲོལ་​དིང་། ཁོང་​ཀྱ་​ཀྱི་​རྩོད་གླེང་​དེ་ཀྱ་ལེ་ཁྱེད་ཀྱིས་དགའ་མོ་མཁྱེན་གནང་གྱོ་འོད་ཕེན། སུན་སྣང་​མེད་དི་ཐོག་ནས་​ངའི་ལབ་ལེ་ཁྱེད་ཀྱིས་གསན་​རོགས་​གནང་། 4ང་རང་​ཆུང་མའི་དུས་ནས་​ཕེན། རང་གི་​མི་​རྒྱུད་​དིང་​། ཡང་ཡེ་རུ་ས་གླིང་​རྒྱལ་ས་​ལེ། ངའི་​སྤྱོད་ལམ་​ཅི་གི་​འོད་​མེད་​དེ་ནི་ཡ་ཧུ་དཱ་པ་​ཀྱ་ཀྱིས་ཟང་​ཧ་​གོ་​འོད་དིག 5གལ་སྲིད་​ཁོང་​ཀྱ་​ཀྱིས་ང་​ནི་སྔོན་མ་​ནས་​ཕེན། ཉེད་​ཀྱ་​ཀྱི་​ཕཱ་རུ་ཤི་པའི་​གྲུབ་མཐའ་དམ་པོ་དེ་སྲུང་​མྱོང་​འོད་​དི་​སྐོར་ལེ་བདེན་དཔང་བགྱིད་འདོད་འོད་ནི་བགྱིད་ཐུབ་ཀྱི་དིག 6དཀོན་མཆོག་​གིས་​ཉེད་ཀྱ་ཀྱི་​མེས་མེས་ཀྱ་​ལེ་​ཞལ་བཞེས་གནང་པི་དེ་ལེ། ངས་ཡིད་རྟོན་བྱས་པའི་རྐྱེན་གྱིས་ད་ལྟ་ཁྱེད་ཀྱི་མདུན་དུ་འདྲི་གཅོད་འདི་བགྱིད་དགོས་བྱུང་པི་དིག 7ཉེད་ཀྱ་ཀྱི་མེས་མེས་ཡི་སི་ར་ཨེལ་​པའི་​བི་ས་​བཅུ་གཉིས་​ཀྱི་རྒྱུད་པ་​ཡེ་རེས་​ཉིན་མཚན་​མེད་​སྙིང་རུས་​བྱས་ཏེ། དཀོན་མཆོག་​ལེ་​དད་གུས་​ངང་ནས་ཞལ་བཞེས་​བོར་གནང་པི་དེ་​འཐོབ་རྒྱུ་ལེ་རེ་བ་​བགྱིད་​འོད། རྒྱལ་པོ་ཨག་རི་པཱ། ད་ལྟ་​ཡ་ཧུ་དཱ་པ་​ཀྱ་​ཀྱིས་​ཟང་​རེ་བ་​དེ་རང་ཡིན་ནའང་​། ང་​ལེ་​ནག་ཉེས་བཙུགས་པི་དིག 8དཀོན་མཆོག་​གིས་​གཤིན་པོ་​ཀྱ་​ཡང་དང་​གསོན་པོ་​བཟོ་གནང་རྒྱུ་ཡིན་དི་དོན་དེ་​ལེ། ཁྱེད་​ཀྱ་​ཀྱིས་ཅི་ལེ་​ཡིད་ཆེས་བགྱིད་མི་ཐུབ་འདུག་གོ​་ཟིན་སྨྲས་​པི་དིག
9ཡིན་ནའང་། དེ་སྔོན་​ངས་​ཟང་​ཕྱོགས་​ཡེ་རེ་​ལེ་ནཱ་ཙ་རེལ་​ཡུལ་​གྱི་​ཡེ་ཤུའི་​མཚན་​ལེ་​འགེག་རྒོལ་བགྱིད་དགོས་​བསམས་​ཏེ། 10ང་​ཡེ་རུ་ས་གླིང་​རྒྱལ་ས་​ལེ་འོ་​དེ་གི་​ཅོག་འདྲ་​བགྱིད་​མྱོང་​འོད​། ཡང་མཆོད་པ་འབུལ་མཁན་གཙོ་བོ་ཀྱ་​ཀྱི་​ལག་​ནས་​ཆོག་མཆན་འབྱོར་ཕེན། ངས་​དད་པ་​བགྱིད་​མཁན་​མང་པོ་​ཞིག་བཙོན་​ལེ་​བཅུག་​གི་​མ་ཟད། མི་​དེ་ཀྱ་​སྲོག་ཁྲིམས་​གཏོང་​རྒྱུ་​ལེ་​ང་​ཟང་​མོས་མཐུན་བྱས་​པི་​ཡིན། 11ངས་​ཚོགས་ཁང་​ག་ས་ག་ལེ་​ཕྱིན་​ཏེ་​ལན་མ་​མང་པོ་​མི་དེ་​ཀྱ་​ལེ། ཇོ་བོ་​ཡེ་ཤུ་​ལེ་​སྐུར་བ་འདེབས་དགོས་འོད་དིག་​ཟིན་​བཙན་དབང་བཏང་​པི་མ་ཟད​། ཡང་​དད་པ་​བགྱིད་​མཁན་​ཀྱ་​ལེ་ང་ཞེ་སྡང་ཆེན་པོ་​ལངས་​ཕེན། ལུང་པ་གཞན་གྱི་རྒྱལ་སའི་ནང་ལེ་འོད་ཡོད་དད་པ་བགྱིད་མཁན་ཀྱ་ལེ་​ཟང་​གནོད་འཚེ་གཏོང་རྒྱུ་ཆེད་དུ། ངས་རྗེས་འདེད་བགྱིད་དུ་འགྲོ་​མྱོང་​འོད། 12ཡང་ཉིན་​མ་ཞིག་​ངས་​མཆོད་པ་འབུལ་མཁན་གཙོ་བོ་ཀྱ་ཀྱི་​ལག་​ནས་​ཆོག་མཆན་​བླངས་​ཏེ་​དཱ་མེ་སེག་​རྒྱལ་ས་​ལེ་​འགྲོ་​མྱོང་​འོད། 13རྒྱལ་པོ་​ཨག་རི་པཱ། ང་ལམ་​ལེ་​འགྲོ་​རྒྱ་​ཉིན་གུང་​ཚོད་​ལེ། དཀོན་མཆོག་གི་​ཞིང་ཁམས་​ནས་​ཉི་མའི་འོད་ཟེར་​ལས་​ལྷག་​ཚོད་འོད་ཟེར་ཆེན་པོ་​ཞིག་​ང་​དིང་​། ངའི་​འབྲང་རོགས་​ཀྱ་​ཀྱི་​ཕྱོགས་བཞི་ལེ་​ཤར་​རི་​མཐོང་​ཕེན​། 14དེ་ལོང་མེད་​ཉེད་​ཀྱ་​ས་​ལེ་​དགྱེལ་ལི་མ་ཟད། ཡ་ཧུ་དཱ་པའི་​སྐད་ལུགས་​ནས་​ང་​ལེ་སོ་ལོ། སོ་ལོ། ཁྱོད་​ཀྱིས་ང་​ལེ་​ཅིའི་ཆེད་དུ་གནོད་སྐྱེལ་​ལི་​ཡིན་དོ། སེམས་པ་​ནག་པོ་​མི་​ལེ་​བྱས་​ནི། བྱ་བ་​རྩུབ་པོ་​རང་​ལེ་​འོང་ཟིན་གསུང་སྐད་ཞིག་​ཐོས་​བྱུང་​།#26.14 གེ་རིག་ཟེར་ལུགས་ནང་ལེ། ཕྱུགས་རྫིའི་རྒྱུག་པ་ལེ་འཕྲ་བརྒྱབ་ནི། རང་ལེ་གནོད་སྐྱོན་འོང་གྱི་དིག་ཟིན་འོད་དིག 15དེ་ནས་​ངས། ཇོ་བོ། ཁྱེད་རང་​སུ་​ཡིན་​དོ་ཟིན་​ཞུས་​ཏེ། ཁོང་གིས་ང་ནི་ད་ལྟ་ཁྱོད་ཀྱིས་​གནོད་སྐྱེལ་ས་​ཡེ་ཤུ་​ཡིན། 16ཡར་​ལོངས་​དང་​། ཁྱོད་ཀྱིས་ཅི་མཐོང་པི་དིང་། ངས་ཁྱོད་​ལེ་ཅི་སྟོན་རྒྱུ་ཡིན་དི་དོན་ལེ་དཔང་པོ་བགྱིད་རྒྱུ་དིང་། ང་ལེ་ཞབས་ཕྱི་རྒྱུགས་མཁན་ལེ་སྐོས་རྒྱུ་ཆེད་དུ། ང་རང་མངོན་སུམ་ཁྱོད་ལེ་བསྟན་པི་ཡིན། 17ངས་​ཁྱོད་རང་​ཡ་ཧུ་དཱ་པའི་​མི་​དིང་​། ཕྱིའི་མི་​ཀྱ་ཀྱི་​ནང་​ནས་​སྐྱོབ་རྒྱུ་ཡིན་དི་མ་ཟད། ད་ལྟ་​ཁྱོད་རང་མི་དེ་​ཀྱ་​འོད་ས་​ལེ་​རྫོང་གྱོ་འོད། 18ཁྱོད་ཀྱིས་​མི་​དེ་​ཀྱ་​ལེ་​མིག་འབྱེད་རྒྱུ་དིང་། མུན་​ནག་ནས་​འོད་​ཟེར་ཕྱོགས་​ལེ་​སྤོས་ཏེ​། བདུད་​ཀྱི་​རྒྱལ་པོ་​སཱ་ཏན་​གྱི་​དབང་​འོག་​ནས་​དཀོན་མཆོག་​གི་​ཕྱོགས་​ལེ་​བློ་​ཁུག་སྟེ་སྡིག་སེལ་​འཐོབ་རྒྱུ་དིང་། ང་​ལེ་​དད་པ་​བརྟན་པོ་བྱས་ཏེ་​སྡོད་​མཁན་​དམ་པ་ཀྱ་དིང་​སྐྱེན་​ལེ་​ཐར་བའི​་བགོ་སྐལ་​འཐོབ་རྒྱུ་ཆེད་དུ་​ཡིན་​ཟིན་​གསུངས་​བྱུང་།
19རྒྱལ་པོ་​ཨག་རི་པཱ། འོ་དེ་ལེ་བརྟེན་ཏེ། ངས་​ནམ་མཁའི་​ཞིང་ཁམས་​ནས་​བྱུང་བའི་ཞལ་གཟིགས་དིང་​ཅོག་འདྲ་སྒྲུགས་རྒྱུ་ཆེད་དུ། 20དང་པོ་​དཱ་མེ་སེག་​རྒྱལ་ས་​དིང་​། རྗེས་ལེ་​ཡེ་རུ་ས་གླིང་​རྒྱལ་ས​། ཡ་ཧུ་དཱ་​ལུང་པ་​ཀུན​། ཡང་​ཕྱིའི་མི་​ཀྱ། ཡང་དེ་མན། མི་ཀུན་གྱིས་འགྱོད་བཤག་བྱས་ཏེ་​དཀོན་མཆོག་​གི་​ཕྱོགས་​ལེ་​སེམས་ཁུག་​པའི་ར་སྤྲོད་བགྱིད་རྒྱུ་དོན་ལེ། ལས་བཟང་པོ་བགྱིད་དགོས་​འོད་དིག་​ཟིན་​ངས་ཆོས་བཤད་དི་ཡིན། 21འོ་དེ་ལེ་བརྟེན་ཏེ། ཡ་ཧུ་དཱ་པ་​ཀྱ་​ཀྱིས་​ང་​མཆོད་ཁང་​ནང་​ལེ་​སྡོད་​རྒྱ་​འཛིན་​བཟུང་​བྱས་​ཏེ་​གསོད་​རྒྱུ་​བྱས་​བྱུང་​། 22ཡིན་ནའང་​། དཀོན་མཆོག་​གིས་​ང་ལེ་སྲུང་སྐྱོབ་གནང་སྟེ། ད་ལྟ་​བར་དུ་​ང་རང་​གསོན་པོ་​སྡོད་​ཐུབ་​པི་​མ་ཟད​། མི་​ཆེ་ཆུང་​ཀུན་​ལེ་བདེན་​པའི་དཔང་པོ་​བྱས་​འོད། ངས་​མི་​དེ་​ཀྱ་​ལེ་​ལུང་​སྟོན་པ་ཀྱ་​དིང་​། ཡང་ལུང་སྟོན་པ་​མོ་ཤེས་བསྟན་པའི་ལུང་བསྟན་དེ་ཀྱ་ཏན་ཏན་འོང་རྒྱུ་ཡིན་དི་​དོན་​དེའི་སྐོར་ལེ་​པ་རྐྱང་​བཤད་​དི་ཡིན​། 23སྐྱབས་མགོན་​ཡེ་ཤུ་ལེ་​དཀའ་ངལ་​མྱོང་​དགོས་​པི་​དིང་​། ཁོང་​རང་གཤིན་པོ་​ཀྱ་​ནང་​ནས་​ཡང་དང་​གསོན་པོ་​ལངས་​མཁན་​དང་པོ་​དེ་ཡིན་དི་​མ་ཟད། ཁོང་​གི་​འོད་ཟེར་གྱི་​ཐར་ལམ་​དེ་​ཡ་ཧུ་དཱ་པ་​དིང་​། ཕྱིའི་མི་​ཀྱ་​ལེ་​སྟེར་​རྒྱུ་​ཡིན་​དེ་​སྐོར་​ལེ་​བཤད་དི་ཡིན་སྨྲས་པི་དིག
24དེ་ནས་ཕོལ་ལོལ་​གྱིས་​རང་​ལེ་​ཉེས་​སྐྱོན་​མེད་​དེ་​ར་སྤྲོད་​བྱས་​ཕེན། སྤྱི་དཔོན་ཕོར་ཀེའུ་ཨོ་​ཕེ་ཏི་ཁོས་​ཕོལ་ལོལ་​ལེ། སྐད་ཆེན་པོས་ངང་ནས་ཁྱོད་​སྨྱོ་​འདུག་གས། མ་གཞི་​ཁྱོད་​ལེ་​ཡོན་ཏན་​མང་པོ་​བྱུང་​ཕེན། ཁྱོད་​སྨྱོན་པ་​བྱུང་པི་​དིག་​སྨྲས་པི་དིག 25ཡིན་ནའང་། ཕོལ་ལོལ་​གྱིས་བརྩི་བཀུར་​འོད་ཡོད་​སྤྱི་​དཔོན་ཕོར་ཀེའུ་ཨོ་ཕེ་ཏི། ང་​སྨྱོ་​མེད། ངས་​སྨྲས་​པའི་​ལབ་​དེ་བདེན་པ་​ངོ་ཐོག་​ཡིན་དིག 26ཅི་ལེ་ཟེར་ནི། དོན་དེ་ཀྱ་ལྐོག་ཏུ་མ་བྱས་འོད་ཕེན། ས་གནས་རྒྱལ་པོ་​ཨག་རི་པཱ་​ཁོང་​གིས་​ཟང་​དོ་སྣོང་བྱས་ཏེ་མཁྱེན་​པི་དིག ངས་​ཟང་​འཁྱར་སྣང་མེད་དི་བརྒྱུད་ནས་ཁོང་ལེ་བཤད་དི་ཡིན། 27རྒྱལ་པོ་​ཨག་རི་པཱ། ཁྱེད་རང་​ལུང་སྟོན་པ་ཀྱ་​ལེ་​ཡིད་ཆེས་​འོད་​དས། ཁྱེད་རང་​ཡིད་ཆེས་​འོད་​དི་​ངས་​ཧ་​གོ་​འོད་སྨྲས་པི་དིག 28དེ་ནས་ཡང་​རྒྱལ་པོ་ཨག་རི་པཱ་ཁོས་​ཕོལ་ལོལ་ལེ། ཁྱེད་ཀྱིས་​ང་​ལེ་​དུས་​ཁྱུག་ཚོད་​ཞིག་​གི་ནང་​ལེ་​བསྐུལ་མ་བཏང་སྟེ། ང་​ཡེ་ཤུ་པ་​ཞིག་བཟོ་​འདོད་​འདུག་​གས་​ཟིན་སྨྲས་​པི་དིག#26.28 གེ་རིག་ཟེར་ལུགས་ནང་ལེ། ཁི་རིའི་སི་ཐོ་པ་ཟིན་འོད་དིག ཡང་བོད་སྐད་ལེ་ཡེ་ཤུ་པ་ཟིན་འོད་དིག 29ཡང་​ཕོལ་ལོལ་གྱིས་དུས་​རིང་​ཐུང་​ཅི་​གི་ཞིག་གི་ནང་ལེ་བསྐུལ་མ་བཏང་ནའང་། ཁྱེད་​པ་རྐྱང་​གི་ཆེད་​དུ་​མ་དིག ད་རིང་​ངའི་​ལབ་​ལེ་​ཉན་​མཁན་​ཁྱེད་ཡེ་རེ་ཟང་​ང་​ཅོག་འདྲ་​འོང་​པར་​ཤོག ང་​ལེ་​ལྕགས་སྒྲོག་​བརྒྱབ་​པི་​ཅོག་འདྲ། མི་འོང་པར་ཤོག་ཟིན་ངས་དཀོན་མཆོག་ལེ་གསོལ་བ་སྨོན་ལམ་འདེབས་གྱོ་འོད་ཟིན་སྨྲས་​པི་​དིག 30དེ་ནས་ས་གནས་​རྒྱལ་པོ་​ཨག་རི་པཱ་​དིང་​། སྤྱི་དཔོན་ཕོར་ཀེའུ་ཨོ་ཕེ་ཏི་ཁོང་། ཡང་ཨག་རི་པཱའི་​ནུ་མོ་​པུར་ནི་ཀཱེའི་སྐྱེན་​ལེ་​སྡོད་​མཁན་​མི་​ཡེ་རེ་​ལེ་​ཡར་ལངས་​ཏེ། 31ཚོགས་ཁང་ནས་ཕྱི་ལེ་འགྲོ་རྒྱ། གཅིག་གིས་གཅིག་ལེ་མི་​དེ་​བཙོན་​ལེ་​བཅུག་​དགོས་​དོན་​དིང་​། གསོད་​དགོས་པའི་​ཉེས་པ་​ཅི་​གང་​མ་​བྱས་​འདུག་​ཟིན་འོད་དིག 32དེ་ནས་​རྒྱལ་པོ་​ཨག་རི་པཱས་​སྤྱི་དཔོན་​ཁོང་ལེ། གལ་སྲིད་​མི་​འདི་​རྒྱལ་པོ་​སེ་བཟིར་​ལེ་​ཞུ་གཏུག་​བགྱིད་​ཀྱི་ཡིན་​མ་​སྨྲས་​འོད་​ནི། ཁོ་རང་​འགྲོ་ཆོག་གྱོ་འོད་དིག་ཟིན་སྨྲས་པི་དིག །

Currently Selected:

མཛད་པ། 26: DLPO

Highlight

Copy

Compare

Share

None

Want to have your highlights saved across all your devices? Sign up or sign in