YouVersion Logo
Search Icon

མཛད་པ། 25

25
ལེའུ་ཉི་ཤུ་རྩ་ལྔ།
སྤྱི་དཔོན་​ཕོར་ཀེའུ་ཨོ་ཕེ་ཏི་དྲུང་དུ་ཕོལ་ལོལ་​ཁྲིད་པ།
1དེ་ནས་​ཡང་​སྤྱི་དཔོན་​ཕོར་ཀེའུ་ཨོ་ཕེ་ཏི་​ཁོང་རང་​ཡུལ་སྡེ་དེ་རུ་​སླེབས་​ཏེ་​ཉིན་​གསུམ་​བུད་དི་​རྗེས་​ལེ། ཀེ་སར་ཡཱ་​རྒྱལ་ས་​ནས་​སྟོད་​ཡེ་རུ་ས་གླིང་​རྒྱལ་ས་​ལེ་​བུད་དི་དིག 2རྒྱལ་ས་དེ་རུ་མཆོད་པ་འབུལ་མཁན་གཙོ་བོ་ཀྱ་​དིང་། ཡ་ཧུ་དཱ་པའི་​དཔོན་པོ་​ཀྱ་​ཀྱིས་​སྤྱི་དཔོན་​ཕོར་ཀེའུ་ཨོ་ཕེ་ཏིའི་དྲུང་དུ་ཕོལ་ལོལ་ལེ་ནག་ཉེས་བཙུགས་པི་དིག 3མི་དེ་ཀྱ་ཀྱིས་ཕོལ་ལོལ་​ཡེ་རུ་ས་གླིང་​རྒྱལ་ས་​ལེ་​རྫོངས་​རོགས་​གནང་ཟིན་​རེ་སྐུལ་བྱས་​པི་​དིག ཅི་​ལེ་ཟེར་​ནི། ཡ་ཧུ་དཱ་པའི་དཔོན་རིགས་ཀྱ་ཀྱིས་​ལམ་​ལེ། ཕོལ་ལོལ་གསོད་​རྒྱུ་​ཇུས་ངན་​བྱས་འོད་དི་དིག 4ཡིན་ནའང་​། སྤྱི་དཔོན་​ཕོར་ཀེའུ་ཨོ་ཕེ་ཏི་ཁོས་ཕོལ་ལོལ་​ལེ། ཀེ་སར་ཡཱ་​རྒྱལ་​ས་​རུ་སྲུང་སྐྱོབ་​བགྱིད་​དུ་​བཅུག་​འོད་དིག ཡང་ང་རང་ཟང་​ཅུང་མ་​རྗེས་​ལེ་དེ་རུ་​འགྲོ་​གྱི་ཡིན། 5ཁྱེད་​ཀྱ་​ནང་​ནས་​དབང་ཆ་​འོད་ཡོད་​ཀྱ་​ངའི་​སྐྱེན་​ལེ་​འགྲོ་ཆོག་གྱོ་འོད། གལ་སྲིད་​མི་​དེ་​ལེ་​ཉེས་​སྐྱོན་​འོད་​ནི་ཀེ་སར་ཡཱ་རྒྱལ་ས་ལེ་​སླེབས་ཏེ་ཁྲིམས་གཅོད་བགྱིད་​ཆོག་འོད་ཟིན་སྨྲས་པི་དིག
6དེ་ནས་​སྤྱི་དཔོན་​ཕོར་ཀེའུ་ཨོ་ཕེ་ཏི་ཁོང་རང་​ཡེ་རུ་ས་གླིང་​རྒྱལ་ས་​ལེ་​སླེབས་ཏེ། ཉིན་​མ་བརྒྱད་​དགུ་ལྷག་ཚོད་​བསྡད་​དི་རྗེས་ལེ། སྨད་ཀེ་སར་ཡཱ་​རྒྱལ་ས་​ལེ་​བུད་དི་དིག དེའི་སྔ་དྲོ་ཁོ་རང་​ཁྲིམས་ཁང་​ལེ་​བསྡད་​དི། སྤྱི་དཔོན་ཁོས་ཕོལ་ལོལ་ཁྲིད་ལེད་ཟིན་​བཀའ་​བཏང་ཕེན། 7ཕོལ་ལོལ་​ཟང་​ཁྲིམས་ཁང་​ལེ་​སླེབས་པི་རྗེས་ལེ། ཡེ་རུ་ས་གླིང་​རྒྱལ་ས་​ནས་​འོངས་པའི་​ཡ་ཧུ་དཱ་པ་​དེ་ཀྱ་​ཟང་​ཕོལ་ལོལ་​གྱི་​མཐའ་བསྐོར་ལེ་​ལངས་བསྡད་དེ། ར་སྤྲོད་བགྱིད་མི་ཐུབ་པའི་ནག་ཉེས་​ཚབས་ཆེན་མང་པོ་བཙུགས་པི་དིག 8ཡིན་ནའང་། ཕོལ་ལོལ་​གྱིས་ངས་ཡ་ཧུ་དཱ་པའི་ཆོས་ཁྲིམས་དིང་། མཆོད་ཁང་ཆེན་མོ། ཡང་རོ་མཱ་གོང་མའི་རྒྱལ་པོ་​སེ་བཟིར་གྱི་ཁྲིམས་དིང་འགལ་ལི་ལས་བགྱིད་མྱོང་མེད་ཟིན་གསལ་བཤད་བྱས་པི་དིག 9ཡིན་ནའང་​། སྤྱི་དཔོན་ཁོས་ཡ་ཧུ་དཱ་པའི་མི་​ཀྱ་​ལེ་དགའ་རི་བཟོ་རྒྱུ་ཆེད་དུ། ཕོལ་ལོལ་ལེ། ཁྱོད་ད་ལྟ་སྟོད་​ཡེ་རུ་ས་གླིང་​རྒྱལ་ས་​ལེ་​ཕྱིན་ཏེ། ངས་​ཁྱོད་​ཀྱི་གནས་ཚུལ་​སྐོར་​ལེ་​ཁྲིམས་གཅོད་​བྱས་ནི། དེ་ལེ་ཁྱོད་རང་མོས་མཐུན་ལེན་འོད་དས་ཟིན་དྲིས་​ཕེན། 10ཕོལ་ལོལ་​གྱིས་ང་​ནི་​ད་ལྟ་རྒྱལ་པོ་​སེ་བཟེར་གྱི་​ཁྲིམས་ར་ལེ་འོད་ཕེ​ན། འདི་རུ་ང་​ལེ་​ཁྲིམས་གཅོད་​བགྱིད་​དགོས་​འོད། ཁྱེད་ཀྱིས་མཁྱེན་གསལ་ཡིན་དིག ངས་​ཡ་ཧུ་དཱ་པ་​ཀྱ་​ལེ་​ཉེས་པ་ཅི་གང་མ་བྱས་འོད། 11གལ་སྲིད་​ང་གསོད་​དགོས་པའི་ངས་​ནག་ཉེས་​ཞིག་​བྱས་​འོད་​ནི། ང་​ཤི་​རྒྱུ་​ལེ་​འགྱོད་པ་​ཅི་གང་བགྱིད་དགོས་མེད། གལ་སྲིད་​ཁོང་​ཀྱ་​ཀྱིས་ང་​ལེ་​ཉེས་སྐྱོན་​བཙུགས་པི་དེ་​ཡེ་རེ་​བདེན་པ་​མན་​ནི། མི་སུ་​ཞིག་​གིས་​ཟང་ང་​མི་​དེ་​ཀྱ་​ཀྱིས་​ལག་​ལེ་​གཏོད་​མི་​ཆོག་​འོད་དིག ང་རང་​ཟང་​རྒྱལ་པོ་​སེ་བཟིར་​ལེ་​ཞུ་གཏུག་​བགྱིད་​ཀྱི་​ཡིན་​ཟིན་སྨྲས་​པི་​དིག 12དེ་​ནས་​སྤྱི་དཔོན་ཕོར་ཀེའུ་ཨོ་ཕེ་ཏིས་​རང་གི་​ཚོགས་མི་​ཀྱ་​དིང་​སྐྱེན་ལེ་གྲོས་​བྱས་​ཏེ། ཁྱོད་རང་​རྒྱལ་པོ་​སེ་བཟིར་​ལེ་​ཞུ་གཏུག་​བགྱིད་​འདོད་​འོད་​ནི། ཁོང་​གི་​དྲུང་​དུ་འགྲོ་དགོས་འོད་དིག་ཟིན་སྨྲས་པི་དིག
ཕོར་ཀེའུ་ཨོ་ཕེ་ཏི་​དིང་​ས་གནས་​རྒྱལ་པོ་​ཨག་རི་པཱ་​གཉིས་​ཀྱིས་གྲོས་གླེང་བྱས་པ།
13དེ་ནས་​ཉིན་​མ་ཁ་ཤས་​འགོར་རི་​རྗེས་​ལེ། ས་གནས་​རྒྱལ་པོ་​ཨག་རི་པཱ་​དིང་​ཁོང་​གི་​ནུ་མོ་​པུར་ནི་ཀཱེ་​ཟེར་མཁན་ཁོ་གཉིས​་​ཀེ་སར་ཡཱ་​རྒྱལ་ས་​ལེ་སྤྱི་དཔོན་​ཕོར་ཀེའུ་ཨོ་ཕེ་ཏི་​ལེ་​འཚམས་འདྲི་ཞུ་རུ་སླེབས་པི་དིག 14དེ་རུ་​ཉིན་​མ་མང་པོ་​བཞུགས་​པི་​རྗེས་ལེ། སྤྱི་དཔོན་ཁོས་ཕོལ་ལོལ་གྱི་གནས་ཚུལ་དེ་ས་གནས་​རྒྱལ་པོ་ལེ་ཞུས་ཏེ། སྤྱི་དཔོན་​ཕེ་ལིག་​གིས་​བཙོན་​ཁང་ལེ་​མི་ཞིག་བཅུག་འོད་དིག 15ཡང་ང་ཡེ་རུ་ས་གླིང་​རྒྱལ་ས་​ལེ་​སྡོད་​རྒྱ། མཆོད་པ་འབུལ་མཁན་གཙོ་བོ་ཀྱ་དིང་། ཡ་ཧུ་དཱ་པའི་​རྒན་མི་ཀྱ་​ཀྱིས་མི་​དེ་ལེ་ནག་ཉེས་བཙུགས་ཏེ། ང་ལེ་​ཁྲིམས་​གཅོད་བགྱིད་དགོས་འོད་ཟིན་​ཞུ་བ་​ཕུལ་​བྱུང་​། 16ངས་​ཟང་མི་​དེ་​ཀྱ་​ལེ། ནག་ཉེས་འོད་​མཁན་​དིང་​། མེད་​མཁན་​གཉིས་ཀ་​གདོང་ངོ་མངོན་སུམ་གཏུགས་ཏེ་​ཁྲིམས་དཔོན་​གྱི་​མདུན་​དུ་གཏམ་མ་བཤད་བར་དུ། མི་​དེ་​ལེ་​ནག་ཉེས་འཛུགས་རྒྱུ་དེ་ནི། རོ་མཱའི་ཁྲིམས་ལུགས་​ནང་​ལེ་​མེད་དིག་​སྨྲས་​པི་​ཡིན། 17འོ་དེ་ལེ་བརྟེན་ཏེ། ཞུ་གཏུག་​བགྱིད་​མཁན་​ཀྱ་​ཟང་འོངས་པི་མ་ཟད། ངས་​ཟང་དུས་​ཚོད་མ་​འགྱངས་ཏེ། དེའི་​སྔ་དྲོ་​ང་​ཁྲིམས་ཁང་​ལེ་​བསྡད་​དི་རྗེས་ལེ། མི་​དེ་ཁྲིད་​ལེད་​ཟིན་བཀའ་བཏང་པི་ཡིན། 18ཡང་ངས་བསམས་པི་ཅོག་འདྲ། ནག་ཉེས་འཛུགས་མཁན་ཀྱ་​ཡར་ལངས་​ཏེ་ཁོ་ལེ་ནག་ཉེས་ཅི་གང་མ་བཙུགས་སོང་། 19ཡིན་ནའང་​། གནས་ཚུལ་དེ་ནི། ཁོང་ཀྱ་ཀྱི་ཆོས་ལུགས་​ཀྱི་སྐོར་དིང་​། ཡང་ཕོལ་ལོལ་​གྱིས་​ཡེ་ཤུ་​ཟེར་མཁན་​ཞིག་​ཤི་པི་མ་ཟ​ད། ད་ལྟ་​ཁོང་རང་གསོན་པོ་ལངས་​འོད་དིག་​ཟིན་སྨྲས་པི་​རྐྱེན་​གྱིས་​ཕན་ཚུན་​བར་​ལེ་​རྩོད་གླེང་​ཞིག་​བྱུང་​འདུག 20ཡང་ངས་​གནས་ཚུལ་དེའི་སྐོར་ལེ་ཁྲིམས་གཅོག་ཅི་གི་བྱས་ཏེ་བགྱིད་དགོས་འོད་མེད་གསལ་པོ་ཞིག་​ཧ་​མ་​གོ་ཕེན། ངས་ཁོ་ལེ་ཁྱོད་རང་​ཡེ་རུ་ས་གླིང་​རྒྱལ་ས་​ལེ་​རྒྱུགས་ཤིག དེ་རུ་ངས་ཁྱོད་ཀྱི་​གནས་ཚུལ་དེ་​ཁྲིམས་གཅོད་བྱས་ནི་དེ་ལེ་ཁྱོད་རང་མོས་མཐུན་འོད་དས་ཟིན་དྲིས་པི་ཡིན། 21ཡིན་ནའང་། ཕོལ་ལོལ་གྱིས་ང་​ལེ་​དེ་རུ་​སྲུང་སྐྱོབ་​བྱས་​འོད་དི་མ་ཟད། རྒྱལ་​པོ་སེ་བཟིར་གྱིས་​ཁྲིམས་​ཐག་​མ་བཅད་བར་དུ། འདི་རུ་བོར་དགོས་པའི་ཞུ་བ་ཕུལ་ཕེན​། ངས་​ཟང་​ཁོ་རང་​རྒྱལ་པོ་​སེ་བཟིར་གྱི་​དྲུང་​དུ་​མ་​བསྐྱལ་​བར་དུ། ཁོ་རང་​གནས་འདི་རུ་སྡོད་རྒྱ། སྲུང་སྐྱོབ་​བགྱིད་​དགོས་པའི་​བཀའ་​བཏང་​པི་ཡིན་​ཟིན། ཕོལ་ལོལ་གྱི་གནས་ཚུལ་དེ་ཡེ་རེ་ས་གནས་རྒྱལ་པོ་ཨག་རི་པཱ་ཁོང་ལེ་​ཞུས་​པི་​དིག 22དེ་ནས་​ས་གནས་​རྒྱལ་པོ་​ཨག་རི་པ་ཁོས་​སྤྱི་དཔོན་​ཁོང་ལེ། ང་​ཟང་​མི་​དེའི་​གཏམ་ལེ་​ཉན་​འདོད་​འོད་སྨྲས་​ཕེན། སྤྱི་དཔོན་ཁོས་ཟང་། འོ་ནེ། སྔ་དྲོ་​ཁྱོད་རང་​དགའ་མོ་​གསན་​རོགས་གནང་ཟིན་​ཞུས་​པི་​དིག
རྒྱལ་པོ་​ཨག་རི་པཱའི་དྲུང་དུ་ཕོལ་ལོལ་​ཁྲིད་​པ།
23དེའི་​སྔ་དྲོ་​ས་གནས་​རྒྱལ་པོ་​ཨག་རི་པཱ་​དིང་​ཁོང་​གི་​ནུ་མོ་​པུར་ནི་ཀཱེ་ཁོང་​གཉིས་​ལེ་​ཕེབས་བསུ་​ཆེན་པོ་​ཞུས་​ཏེ། དམག་མི་​དཔོན་པོ་​ཀྱ་དིང་​། རྒྱལ་སའི་​དཔོན་རིགས་ཀྱ་​སྐྱེན་​ལེ་​ཚོགས་ཁང་​ནང་​དུ་​ཕེབས་​འོང​ས་པི་དིག དེ་ནས་​སྤྱི་དཔོན་​ཕོར་ཀེའུ་ཨོ་ཕེ་ཏི་ཁོས་​ཕོལ་ལོལ་ཚོགས་ཁང་ལེ་ཁྲིད་ལེད་ཟིན་བཀའ་​གནང་​ཕེན། ཕོལ་ལོལ་​ཚོགས་ཁང་​ནང་​ལེ་​ཁྲིད་​འོངས་​པི་​དིག 24དེ་ནས་​སྤྱི་དཔོན་ཁོས་འདི་རུ་​བཞུགས་པའི་​རྒྱལ་པོ་​ཨག་རི་པཱ་​དིང་། ཡང་གནས་འདི་​རུ་​འཛོམས་​འོད་ཡོད་ཁྱེད་ལྷན་རྒྱས་ཀྱ་ཀྱིས་​གཟིགས་​དང་​། མི་​འདིའི་​དོན་ལེ་​ཡ་ཧུ་དཱ་པ་​ཡེ་རེ་​དིང་​། ཡེ་རུ་ས་གླིང་​རྒྱལ་ས་​དིང་། ཡང་དེ་མ་ཟད། ས་ཆ་འདི་རུ་ཟང་ང་​ལེ་​མི་​འདི་​གསོན་པོ་ལེ་​མ་​བོར་​རོགས་​ཟིན་​ནན་བསྐུལ་གྱིས་​འུར་​སྒྲ་བརྒྱབ་​བྱུང་​། 25ཡིན་ནའང་། ངས་​མི་​འདི་ལེ་གསོད་​དགོས་པའི་​ཉེས་སྐྱོན་ཅི་​གང་​མ་​རྙེད་​ཕེན། ངས་ཁོ་རང་​རྒྱལ་པོ་སེ་བཟིར​་ལེ་​ཞུ་གཏུག་གྱིས་སྨྲས་ཏེ། རྒྱལ་པོའི་​དྲུང་དུ་​ཁོ་རྫོངས་​རྒྱུ་​ཐག་​གཅོད་བྱས་པི་​ཡིན། 26ངས་རྒྱལ་པོ་​སེ་བཟིར་​ལེ་​མི་​འདིའི་​སྐོར་​གྱི་​གནས་ཚུལ་​གསལ་པོ་​ཞིག་​ཡི་གེ་ལེ་​བྲིས་​ཏེ་​ཕུལ་​རྒྱུ་​མེད་​ཕེན། མི་འདི་ཁྱེད་​ཀྱ་​དིང་། ཡང་རྒྱལ་པོ་​ཨག་རི་པཱ་​ཁྱེད་​ཀྱི་​དྲུང་​དུ་​འཁྲིད་​དུ་བཅུག་པི་ཡིན། མི་​འདི་​ལེ་​འདྲི་གཅོག་​དགའ་མོ་​གནང་པི་རྗེས་​ལེ། རྒྱལ་པོ་སེ་བཟིར་​ལེ་​ཞུ་​རྒྱུ་​ལས་སླ་མོ་​འོང་​རྒྱུ་​ཆེད་​དུ་​ཡིན་ཟིན་​ཞུས་​པི་​དིག 27ཅི་ལེ་ཟེར་ནི། ཉེས་སྐྱོན་​ཅི་​འོད་​མེད་​སྐོར་ལེ་མ་​བལྟས་ཏེ། རྒྱལ་པོ་སེ་བཟིར་གྱི་​དྲུང་​དུ་​རྫོངས་རྒྱུ་དེ་ནི། གནས་​ལུགས་​དིང་​མི་​མཐུན་འོད་དིག་ཟིན་སྨྲས་པི་དིག །

Currently Selected:

མཛད་པ། 25: DLPO

Highlight

Copy

Compare

Share

None

Want to have your highlights saved across all your devices? Sign up or sign in