YouVersion Logo
Search Icon

མཛད་པ། 24

24
ལེའུ་ཉི་ཤུ་རྩ་བཞི།
སྤྱི་དཔོན་​ཕེ་ལིག་​གི་​དྲུང་དུ་ཕོལ་ལོལ་ལེ་འདྲི་རྩོད་བྱས་པ།
1དེ་ནས་​ཉིན་མ་​ལྔ་​འགོར་​རི་​རྗེས་​ལེ། མཆོད་པ་འབུལ་མཁན་གཙོ་བོ་ཨ་ནན་ཡཱ་དིང་། ཡང་རྒན་མི་​ཁ་ཤས་དིང་། ཏེར་ཏུལ་ལུ་ཟེར་​མཁན་​ཁྲིམས་རྩོད་པ་ཁོང་​དིང་སྐྱེན་​ལེ་​སླེབས་​ཕེན། སྤྱི་དཔོན་​གྱི་​དྲུང་དུ་​ཕོལ་ལོལ་​ལེ་ནག་ཉེས་བཙུགས་པི་​དིག 2དེ་ནས་​ཕོལ་ལོལ་​སྐད་བཏང་སྟེ། ཁྲིམས་རྩོད་པ་ཏེར་ཏུལ་ལུ་ཁོས། སྤྱི་དཔོན་ཕེ་ལིག ཁྱེད་​ཀྱི་​བཀའ་དྲིན་གྱིས་ཉེད་​ཀྱ་​ལེ་​ཡུན་རིང་པོ་​ཞི་བདེའི་བརྒྱུད་ནས་འཚོ་བ་​སྐྱེལ་​རྒྱུ་འབྱོར་རི་དིང་​། མི་རིགས་འདི་ཀྱ་ལེ་ཕན་པའི་ཆེད་དུ་ཕྱོགས་གང་ཅིའི་ཐོག་ནས་ཁྱེད་ཀྱིས་​རོགས་རམ་​གནང་​ཕེན། 3ཁྱེད་ཀྱི་བཀའ་དྲིན་འདི་ལེ། ཉེད་ཀྱ་ཀྱིས་དུས་ནམ་ཞིག་ཡིན་ནའང་​ཐུགས་རྗེ་ཆེ་​ཟིན་​ཞུ་​འོད། 4ཡིན་ནའང་། ངས་ད་རིང་ཁྱེད་ལེ་ཚིག་ཁ་ཤས་​ཞིག་ཞུ་རྒྱུ་འོད། ཁྱེད་རང་སུན་སྣང་མེད་​དི་ངང་ནས་ཉེད་ཀྱ་ལེ་གསན་རོགས་​གནང་། 5མི་​འདི་ནི་​ཡུལ་ལུང་ཀུན་ལེ་འོད་ཡོད་ཡ་ཧུ་དཱ་པ་ཀྱ་ཀྱི་ནང་ནས་རྙོག་དྲ་དིང་ཟིང་ཆ་སློང་མཁན་གཙོ་བོ་ཞིག་ཡིན་དི་མ་ཟད། ནཱ་ཙ་རེལ་​ཟེར་​རི་​ཆོས་ལུགས་​ཀྱི་འགོ་ཁྲིད་པ་ཞིག་ཡིན་དི་ཉེད་ཀྱ་ཀྱིས་ཧ་གོ་བྱུང་། 6ཡང་དེ་མ་ཟད། ཁོས་​མཆོད་ཁང་ཆེན་མོ་ཟང་བཙོག་སྒྲིབ་བཟོ་རྒྱུ་ཐབས་ཤེས་བྱས་ཕེན། ཉེད་​ཀྱ་​ཀྱིས་​ཁོ་རང་​འཛིང་བཟུང་བྱས་པི་ཡིན། 7#24.7 སྐུ་ཚབ་ཀྱ་ཀྱིས་མཛད་པ་བཤུས་ཡིག་སྔ་ཤོས་ནང་ལེ་འོག་གི་ཚིགས་བཅད་འདི་འོད་དིག 7 ཡིན་ནའང་​། དམག་དཔོན་​ལི་སི་ཡཱ་​ཁོང་སླེབས་​ཏེ། བཙན་དབང་​ངང་ནས་ཕོལ་ལོལ་​ཉེད་​ཀྱ་​ཀྱི་ལག་​ནས་​ཕྲོགས་​པི་མ་ཟད། ཁོ་ལེ་ཞུ་གཏུགས་བགྱིད་མཁན་ཀྱ་ལེ་ཟང་​། ཁྱེད་​ཀྱི་​དྲུང་དུ་​རྒྱུགས་​ཟིན་​བཀའ་​གནང་བྱུང་། 8ད་ཁྱེད་​ཀྱིས་​དོན་དེ་ཡེ་རེའི་སྐོར་ལེ། ཁོ་རང་ལེ་འདྲི་གཅོད་གནང་པི་ཡིན་ནི། ཉེད་​ཀྱ་​ཀྱིས་​ཁོ་ལེ་ནག་ཉེས་བཙུགས་དགོས་པའི་རྒྱུ་མཚན་དེ་ནི། ཁྱེད་ཀྱིས་ཧ་གོ་​ཐུབ་​ཀྱི་​དིག་ཟིན་ཞུས་པི་དིག 9ཡང་ཡ་ཧུ་དཱ་པ་​གཞན་མ་ཀྱ་​ཀྱིས་ནག་ཉེས་བཙུགས་པའི་དོན་དེ་ཀྱ་ནི་བདེན་པ་ཡིན་དི་ཁས་ལེན་བྱས་པི་དིག
10དེ་ནས་​སྤྱི་དཔོན་​ཕེ་ལིག་​གིས་ཕོལ་ལོལ་​ལེ། ལབ་​ཟེར་​ཆོག་​གི་​ལག་བརྡ་​བྱས་​ཕེན། ཕོལ་ལོལ་​གྱིས་སྤྱི་དཔོན་ཁོ་ལེ། ཁྱེད་རང་​ནི་ལོ་​མང་པོ་​མི་རིགས་​འདིའི་​ཁྲིམས་དཔོན་​ཡིན་​དེ་​ཧ་གོ་བྱུང་། འོ་དེ་ལེ་བརྟེན་ཏེ། ངས་དགའ་རི་ངང་​ནས་ང་ལེ་ཉེས་​སྐྱོན་​མེད་དི་རྒྱུ་མཚན་དེ། ཁྱེད་རང་ལེ་གསལ་བཤད་བགྱིད་ཀྱི་ཡིན། 11ད་ཁྱེད་​ཀྱིས་​བདེན་པ་དེ་གསལ་པོ་ཧ་གོ་ཐུབ་ཀྱི་དིག ང་ནི་ཡེ་རུ་ས་གླིང་​རྒྱལ་སའི་​མཆོད་ཁང་​ཆེན་མོ་ལེ་བསྙེན་བཀུར་བགྱིད་​དུ་​ཕྱིན་​དི་​མ་ཟད། ད་ལྟ་​ཉིན་མ་​བཅུ་གཉིས་​ཟང་མི་འགྲོ་འོད་དིག 12ངས་​མཆོད་ཁང་ཆེན་མོ་དིང་ཚོགས་ཁང་། ཡང་​ནི་​རྒྱལ་ས་​བརྒྱུད་​ནས་​མི་​གཞན་​མ་དིང་​སྐྱེན་ལེ་རྩོད་གླེང་བྱས་​འོད་མེད་​དིང་། ཡང་ཟིང་ཆ་​སློང་​བྱུང་འོད་མེད་​དེ་ཟང་། ཁོང་​ཀྱ་​ཀྱིས་​མཐོང་​མྱོང་​མེད་​དིག 13དོན་དེ་པ་རྐྱང་མ་དིག ད་ལྟ་​ང་ལེ་ནག་ཉེས་བཙུགས་པི་འདི་ལེ་ཟང་། ཁོང་ཀྱ་ཀྱིས་ར་སྤྲོད་བགྱིད་མི་ཐུབ་འོད་དིག 14ཡིན་ནའང་། ཁྱེད་​ཀྱི་དྲུང་དུ་ངས་དོན་​ཞིག་ལེ་ཁས་ལེན་གྱི་​ཡིན། ཁོང་​ཀྱ་​ཀྱིས་​སྐྱབས་མགོན་​ཡེ་ཤུའི་​ཐར་ལམ་​དེ་ནི། ལྟ་བ་​ལོག་པ་​ཡིན་​དིག་སྨྲས་ནའང་། ངས་མུ་​མཐུད་​དེ་མེས་མེས་ཀྱ་ཀྱི་​དཀོན་མཆོག་​ལེ་​བསྙེན་བཀུར་བགྱིད་དི་མ་ཟད། ཡ་ཧུ་དཱ་པའི་​ཆོས་ཁྲིམས་​དིང་​ལུང་སྟོན་པའི་མདོ་ནང་ལེ། ཅི་བྲིས་འོད་ཡོད་དེ་ཀྱ་ལེ་​ཟང་​ངས་དད་པ་​བགྱིད་​འོད། 15ཡ་ཧུ་དཱ་པ་​ཀྱ་​དིང་ཅོག་འདྲ། ངས་ཟང་​དཀོན་མཆོག་​ལེ་​རེ་​བ་བྱས་​ཏེ། མི་དྲང་པོ་དིང་ངན་པ་སུ་ཞིག་ཤི་​ནའང་། ཤི་བའི་​རྗེས་​ལེ་ཡང་དང་​གསོན་གྱི་དིག 16འོ་དེ་ལེ་བརྟེན་ཏེ། ངས་​དཀོན་མཆོག་​དིང་​མིའི་​མདུན་ལེ་དུས་རྒྱུན་དུ་སེམས་པ་རྣམ་དག་བགྱིད་རྒྱུ་ལེ་བརྩོན་འགྲུས་​བགྱིད་​འོད། 17ཡང་ལོ་​ཁ་ཤས་​བུད་དེ་རྗེས་​ལེ། ངས་རང་གི་མི་རིགས་​ཀྱ་ལེ་སྦྱིན་པ་གཏོང་རྒྱུ་དིང་​། དཀོན་མཆོག་​ལེ་​མཆོད་པ་​འབུལ་​རྒྱུ་​ཆེད་​དུ། ཡེ་རུ་ས་གླིང་​རྒྱལ་ས་​ལེ་​ཕྱིན་​དི་​ཡིན། 18-19དེ་ནས་མཆོད་པ་​འབུལ་རྒྱ། ངས་​མཆོད་ཁང་ཆེན་མོ་ལེ་ཆོས་​ཀྱི་​གཙང་སྦྲའི་​ཆོ་ག་​བསྒྲུབས་​ཚར་རི་དེ་ནི། ཨེ་ཞེ་ཡཱ་​ལུང་པ་​ནས་​འོངས་པའི་​ཡ་ཧུ་དཱ་པ་​ཁ་ཤས་​ཞིག་​གིས་​མཐོང་​པི་མ་ཟད​། ས་ཆ་​དེ་​རུ་​མི་ཚོགས་ཟང་མང་པོ་མེད་དིག ཡང་འུར་​སྒྲ་དིང་ཟིང་ཆ་​ཟང་​མེད་དི་ཁོང་ཀྱ་ཀྱིས་མཐོང་འོད་དིག གལ་སྲིད་​ཁོང་​ཀྱ་​ང​་​ལེ་ནག་ཉེས་འཛུགས་རྒྱུ་འོད་ནི། ཁྱེད་​ཀྱི་​དྲུང་​དུ་​མི་དེ་ཀྱ་འོངས་ཏེ་​ཤོད་​ཆོག་གྱི་དིག 20ཡང་ནི་ང་ལེ་ཆོས་ཀྱི་གྲོས་ཚོགས་ཀྱི་མདུན་​དུ་​སྡོད་​རྒྱ། ངས་ནག་ཉེས་ཅི་ཞིག་བྱས་འོད་ནི། མི་​འདི་ཀྱ་ཀྱིས་ཤོད་ཆོག་གྱི་དིག 21ཡིན་ནའང་། མི་འདི་ཀྱ་ཀྱིས་དོན་གཅིག་པ་རྐྱང་སྐོར་ལེ་ང་ལེ་ནག་ཉེས་འཛུགས་སྲིད་གྱོ་འོད་དིག ཅི་ལེ་ཟེར་ནི། ངས་གཤིན་པོ་ཀྱ་ཡང་དང་གསོན་པའི་རེ་བ་བྱས་པི་དེ་ལེ་བརྟེན་ཏེ། ད་རིང་ང་ཁྱེད་ཀྱི་མདུན་དུ་ཁྲིམས་གཅོད་འདི་བགྱིད་དགོས་བྱུང་པི་དིག་ཟིན་ཞུས་པི་དིག 22དེ་ནས་​སྤྱི་དཔོན་ཕེ་ལིག་​གིས་​སྐྱབས་མགོན་​ཡེ་ཤུའི་​ཐར་ལམ་​དེའི་སྐོར་ལེ་གསལ་པོ་​ཧ་གོ་​འོད་ཕེན། ཁོང་གིས་དམག་མི་​སྟོང་དཔོན་​ལི་​སི་ཡཱ་​ཁོང་རང་འདི་རུ་​སླེབས་པའི་རྗེས་ལེ། ངས་​ཁྱེད་​ཀྱ་​ཀྱི་​དོན་​དེ་​ལེ་​ཁྲིམས་​གཅོད་​བགྱིད་ཀྱི་ཡིན་​སྨྲས་ཏེ་ཁ་འགྱེས་པི་དིག 23དེ་ནས་སྤྱི་དཔོན་ཁོས་དམག་མི་བརྒྱ་དཔོན་ཁོ་ལེ། ཕོལ་ལོལ་​ལེ་​སྲུང་སྐྱོབ་དམ་པོ་མ་བྱས་ཏེ། གུས་ཡངས་ལེ་འབོར་དགོས་པི་མ་ཟད། ཕོལ་ལོལ་གྱི་​རོགས་པོ་​ངོ་​ཤེས་​ཀྱ་​ཟང་​། ཁོ་རང་ལེ་སྣེ་ལེན་​བགྱིད་​དུ་​འོངས་​ཆོག་​གི་​བཀའ་​བཏང་​པི་​དིག
24དེ་ནས་​ཉིན་​ཁ་ཤས་​འགོར་​རི་​རྗེས་​ལེ། སྤྱི་དཔོན་​ཕེ་ལིག་ཁོང་རང་དིང་། ཁོའི་བུད་མེད་ཡ་ཧུ་དཱ་པ་ཡིན་དི་མིང་ལེ་དྲུ་སིལ་ལཱ་​ཟེར་མཁན་​མོ་དིང་སྐྱེན་​ལེ་འོངས་ཏེ། ཕོལ་ལོལ་​ལེ་ཤོག་​སྨྲས་​པི་​དིག དེ་ནས་​ཕོལ་ལོལ་​གྱིས་ཁོ་རང་སྐྱབས་མགོན་​ཡེ་ཤུ་​ལེ་​དད་པ་བྱས་པའི་​སྐོར་​སྨྲས་ཕེན། ཁོ་གཉིས་ཀྱིས་ཉན་པི་དིག 25ཡང་ཕོལ་ལོལ་​གྱིས་​དྲང་བདེན་​གྱི་​ལས་​དིང་​རང་ཚོད་​ཟིན་དགོས་རྒྱུ། ཡང་མ་འོངས་དུས་ཀྱི་​ཁྲིམས་​གཅོད་སྐོར་ལེ་​བཤད་ཕེན། སྤྱི་དཔོན་​ཕེ་ལིག་གིས་དོན་​དེའི་སྐོར་ལེ་​འཁྱར་​སྣང་ཆེན་པོ་སྐྱེས་པི་མ་ཟད། ཁོས་ཕོལ་ལོལ་ལེ། ད་ཁྱེད་རང་​ཕ་​ལེ་རྒྱུགས​། ང་​ལེ་​དུས་ཚོད་​བྱུང་​ནི། ཁྱོད་​རང་​ཡང་དང་​ཤོག་​ཟེར་​རོ་ཟིན་སྨྲས་པི་དིག 26ཡང་དུས་དེ་ལེ་སྤྱི་དཔོན་ཁོས་​ཕོལ་ལོལ་གྱིས་ང་ལེ་ལྐོག་ཏུ་རྔན་པ་སྟེར་གྱི་དིག་བསམས་ཏེ་རེ་བ་བྱས་ཕེན། ཁོས་ཕོལ་ལོལ་ལེ་ལན་མ་​མང་པོ་​ཤོག་​སྨྲས་​ཏེ་ལབ་གླེང་བྱས་པི་དིག 27དེ་ནས་​ལོ་​གཉིས་​འགོར་བའི་​རྗེས་​ལེ། ཕོར་ཀེའུ་ཨོ་ཕེ་ཏི་​ཟེར་མཁན་​ཞིག་​ཕེ་ལིག་​གི་​ཚབ་ལེ་སྤྱི་དཔོན་​དུ་བསྐོས་​པི་​དིག ཡིན་ནའང་​། ཕེ་ལིག་​གིས་​ཡ་ཧུ་དཱ་པ་​ཀྱ་​དགའ་རི་འོང་རྒྱུ་​ཆེད་དུ་ཕོལ་ལོལ་མ་བརྫངས་ཏེ་བཙོང་ཁང་ལེ་​བོར་​འོད་​དིག །

Currently Selected:

མཛད་པ། 24: DLPO

Highlight

Copy

Compare

Share

None

Want to have your highlights saved across all your devices? Sign up or sign in