YouVersion Logo
Search Icon

མཛད་པ། 23

23
ལེའུ་ཉི་ཤུ་རྩ་གསུམ།
ཕོལ་ལོལ་​ལེ་​འདྲི་གཅོད་བགྱིད་དི་སྐོར།
1དེ་ནས་​ཕོལ་ལོལ་​གྱིས་​ཚོགས་​མི་​དེ་ཀྱ་​ལེ་ནན་ཏན་གྱིས་​བལྟས་​ཏེ། ཁྱེད་​སྤུན་ཟླ་ཀྱ། དཀོན་མཆོག་​གི་སྤྱན་གྱི་དྲུང་དུ་ངས་སྔོན་མ་​ནས་​ད་ལྟ་​བར་དུ་​སྤྱོད་པ་​བཟང་པོ་​བྱས་​པི་ཡིན་​ཟིན་སྨྲས་​ཕེན། 2མཆོད་པ་འབུལ་མཁན་གཙོ་བོ་ཨ་ནན་ཡཱ་ཁོས་​ཕོལ་ལོལ་​གྱི་​ཉེ་འགྲམ་ལེ་​ལངས་​བསྡད་​འོད་ཡོད་​མི་​ཀྱ་​ལེ། ཁོའི་​ཁ་​ལེ་​མུར་མཛོག་​གཞུས་​ཤིག་ཟིན་བཀའ་​བཏང་པི་​དིག 3ཡང་ཕོལ་ལོལ་​གྱིས་​མཆོད་པ་འབུལ་མཁན་ཁོ་ལེ། ཁ་​སྦྲང་​རྩི་ལས་​མངར་རི་​དིང་། ཁོག་སོ་​ལ་ལས་​ནག་​གི་མི་ཁྱོད་ལེ། དཀོན་མཆོག་​གིས་​ཟང་རྡུང་གནང་གྱི་​དིག ཁྱོད་​ཀྱིས་​ཆོས་ཁྲིམས་​ཅོག་འདྲ་ང་ལེ་ཁྲིམས་གཅོད་བགྱིད་རྒྱུ་ཆེད་དུ་ང་འདི་རུ་བསྡད་འོད་ནའང་། ཆོས་ཁྲིམས་​དིང་​འགལ་ཏེ་ང་​ལེ་​རྡུང་ཟིན་བཀའ་གཏོང་གི་ཡིན་དས་ཟིན་སྨྲས་པི་དིག 4ཡང་​ཉེ་འགྲམ་​ལེ་​ལངས་​བསྡད་​འོད་ཡོད་​མི་​ཀྱ་ཀྱིས་ཕོལ་ལོལ་ལེ། ཁྱོད་ཀྱིས་​དཀོན་མཆོག་​གི་​མཆོད་པ་འབུལ་མཁན་གཙོ་བོ་ཁོང་ལེ་​དམའ་འབེབས་གཏོང་ཕོད་ཀྱི་​གས་​ཟིན་སྨྲས་​ཕེན། 5ཕོལ་ལོལ་​གྱིས། ཁྱེད་སྤུན་ཟླ་​ཀྱ། ངས་​ཁོང་​རང་མཆོད་པ་འབུལ་མཁན་​གཙོ་བོ་​ཡིན་​དི་​ཧ་​མ་​གོ་​བྱུང་​། དཀོན་མཆོག་​གི་​གསུང་རབ་​ཀྱི་​མདོ་​ནང་ལེ་ཟང་། རང་གི་​ཡུལ་མིའི་​དཔོན་པོ་​ལེ་​དམའ་འབེབས་གཏོང་​མི་​ཆོག་​འོད་​དིག་ཟིན་​གསུངས་​འོད་དིག་ཟིན་སྨྲས་པི་དིག#23.5 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་གཉིས་པ་ཐེགས་པ་ལེའུ་ 22 ཨང་ 28 ནང་ལེ་གཟིགས་རོགས།
6ཡང་ཕོལ་ལོལ་​གྱིས་​མི་​དེ་​ཀྱ་​ནང་​ནས་ཁ་ཤས་​ནི་​སཱ་ཅུ་སེ་པ་​དིང་། ཁ་ཤས་​ནི་​ཕཱ་རུ་ཤི་པ་​ཡིན་​དི་​ཧ་གོ་​ཕེན། ཚོགས་མིའི་མདུན་ལེ་​སྐད་​ཆེན་པོས་​ངང་​ནས། ཁྱེད་སྤུན་ཟླ་​ཀྱ། ང་ནི་ཕཱ་རུ་ཤི་པ་ཞིག་​ཡིན་​དི་​མ་ཟད། ཕཱ་རུ་ཤི་པའི་​བུ་རྒྱུད་​ཟང་​ཡིན། ད་ལྟ་​ང་ལེ་ཁྲིམས་གཅོད་བགྱིད་རྒྱུ་​དོན་​དེ་ནི། ངས་​གཤིན་པོ་​ཀྱ་​ཡང་དང་​གསོན་པོ་​ལངས་རྒྱུ་​རེ་བ་​བྱས་པི་དེ་ལེ་བརྟེན་ཏེ​་ཡིན་དིག་ཟིན་སྨྲས་པི་དིག 7དེ་ནས་ཕཱ་རུ་ཤི་པ་​དིང་​སཱ་ཅུ་སེ་པ་དེ་​གཉིས་​ཀྱི་​བར་​ལེ་​རྩོད་​གླེང་བྱུང་​སྟེ། ཆོས་ཀྱི་གྲོས་ཚོགས་པ་དེ་ཕྱོགས་ཁག​་གཉིས་​བྱུང་​པི་དིག 8ཅི་ལེ་ཟེར་ནི། སཱ་ཅུ་སེ་པ་​ཀྱ་​ཀྱིས་​གཤིན་པོ་​ཀྱ་​ཡང་དང་​གསོན་པོ་​ལོངས་​རྒྱུ་​མེད་ཟིན་འོད་​དི་མ་ཟད། དཀོན་མཆོག་​གི་​ཕོ་ཉ་​དིང་​། སེམས་ཉིད་དེ་ཟང་​མེད་དིག་ཟིན་འོད་དིག ཡིན་ནའང་​། ཕཱ་རུ་ཤི་པ་​ཀྱ་​ཀྱིས་​དོན་​དེ་​ཡེ་རེ་​འོད་དིག་ཟིན་འོད་དིག 9དེ་ནས་རྩོད་པའི་​འུར་སྒྲ་​དེ་ཆེ་རུ་ལངས་ཕེན། ཕཱ་རུ་ཤི་པའི་​ཕྱོགས་​ཁག་གི་ཆོས་ཁྲིམས་​མཁས་པའི་མི་ཁ་ཤས་​ཞིག་ཡར་​ལངས་​ཏེ། ཉེད་​ཀྱ་​ཀྱིས་​མི་​འདི་​ལེ་​ནག་ཉེས་འོད་དི་མ་རྙེད་བྱུང་​། གལ་སྲིད་སེམས་ཉིད་དིང་། ཡང་ནི། དཀོན་མཆོག་​གི་​ཕོ་ཉ་​ཞིག་​གིས་​ཁོ་རང་​ལེ་​གསུངས་གནང་​པི་​ཡིན་​གྱི་​དིག་​ཟིན་སྨྲས་​པི་​དིག 10ཡང་རྩོད་པ་ཤུགས་ཆེ་རུ་བྱུང་​ཕེན། དམག་མི་སྟོན་དཔོན་གྱིས་མི་ཚོགས་ཀྱིས་​ཕོལ་ལོལ་འཐེན་རས་བཏང་སྟེ་གསོད་རྒྱུ་ཉེན་ཁ་ཆེན་པོ་འོད་དི་མཐོང་ཕེན་འཁྱར་ཏེ། དམག་མི་​ཀྱ་​ལེ་​ཕོལ་ལོལ་​མི་ཚོགས་​ནང་ནས་​བཙན་དབང་ངང་ནས་འཕྲོག་​སྟེ་དམག་ཁང་​ལེ་​ཁྲིད་རྒྱུགས་ཟིན་​བཀའ་​གནང་​པི་​དིག 11དུས་དེའི་མཚན་མོ་​ལེ་ཇོ་བོ་ཡེ་ཤུ་​ཕོལ་ལོལ་​འོད་​ས་​ལེ་​ཕེབས་​འོངས་ཏེ། ཕོལ་ལོལ་ལེ། ཁྱོད་ཀྱིས་འཁྱར་སྣང་མ་བགྱིད་ཅིག ཡེ་རུ་ས་གླིང་​རྒྱལ་ས་​ལེ་​ཁྱོད་ཀྱིས་ང་​ལེ་​དཔང་པོ་​བྱས་​པི་​ཅོག་འདྲ། རོ་མཱ་​རྒྱལ་ས་​ལེ་​ཟང་ཁྱོད་ཀྱིས་ང་ལེ་དཔང་པོ་​བགྱིད་​དགོས་​འོད་དིག་ཟིན་གསུངས་པི་དིག
ཕོལ་ལོལ་​གསོད་​རྒྱུ་​སྐོར་ལེ་ཇུས་བྱས་པ།
12དེའི་སྔ་དྲོ་​ཡ་ཧུ་དཱ་པ་ཀྱ་ཁ་ཤས་ཀྱིས་གྲོས་​བྱས་​ཏེ། ཕོལ་ལོལ་​མ་​བསད་​བར་​དུ། ཉེད་​ཀྱ་​ལྟོགས་པ་​ལེ་​སྡོད་​ཀྱི་ཡིན་​ཟིན་​དམ་བཅའ་​བོར་​རི་དིག 13དེ་རྒྱ་​བློ་སེམས་​གཅིག་​མཐུན་​བྱས་​ཏེ་​དམ་བཅའ་​འབོར་​མཁན་​མི་​བཞི་བཅུ་​ལྷག་ཚོད་​འོད་​དི་མ་ཟད​། 14མི་​དེ་ཀྱ་​མཆོད་པ་འབུལ་མཁན་​གཙོ་བོ་དིང་​། རྒན་མི་​ཀྱ་​འོད་​ས་​ལེ་ཕྱིན་ཏེ། ཉེད་​ཀྱ་​ཀྱིས་​ཕོལ་ལོལ་​མ་​བསད་​བར་​དུ། ཆུ་ཐིག་​པ་གཅིག་ཟང་​ཁ་​ལེ་​མ་​ཁྱེར་​རི་​སྡོད་​ཀྱི་ཡིན་​ཟིན་​དམ་བཅའ་​བོར་​འོད། 15ད་ལྟ་​ཁྱེད་ཀྱ་​དིང་ཆོས་ཀྱི་གྲོས་ཚོགས་ཀྱི་མི་​ཀྱ་​ཀྱིས། དམག་མི་སྟོན་དཔོན་ལེ། ཕོལ་ལོལ་​ལེ་​ཡང་འདྲི་གཅོད་​བགྱིད་ལས་བགྱིད་དགོས་​འོད་ཟེར་མདོག་མདོག་བྱས་ཏེ། ཁོ་རང་​འཁྲིད་​ལེད་​ཟིན་​སྐད་​གཏོང་​རོགས་​གྱིས་དང་ཟེར་རོ། ད་ལྟ་ཉེད་​ཀྱ་​ཀྱིས་​གྲ་སྒྲིག་​བཟོས་​ཚར་​རི་​ཡིན། ཁོ་ས་ཆ་​འདི་རུ་​མ་​སླེབས་​སྔོན་​ལེ་​གསོད་​རོ་ཟིན་གྲོས་བསྡུར་བྱས་པི་དིག 16ཡིན་ནའང་། ཕོལ་ལོལ་​གྱི་​ཨ་ཅིའི་​བི་ས་ཁོས་​གཡོ་རྫུན་གྱི་གྲོས་བསྡུར་ལབ་​དེ་ཐོས་​ཕེན། དམག་ཁང་​ལེ་ཕྱིན་​ཏེ་​གནས་ཚུལ་​དེ་​ཕོལ་ལོལ་​ལེ་​སྨྲས་​པི་​དིག 17དེ་ནས་​ཕོལ་ལོལ་​གྱིས་​དམག་མི་​བརྒྱ་དཔོན་​ཞིག་​ཤོག་​སྨྲས་​ཏེ། གཞོན་ནུ་​འདི་​དམག་མི་​སྟོང་དཔོན་​ཁོང་གི་​དྲུང་​དུ་​ཁྲིད་​ཅིག ཁོ་​ལེ་​གནས་ཚུལ་​ཞིག་ཟེར་རྒྱུ་འདུག་ཟིན་སྨྲས་པི་དིག 18དེ་ནས་​གཞོན་ནུ་​དེ་​དམག་དཔོན་​གྱི་​དྲུང་​དུ་ཁྲིད་​དི་མ་ཟད། བཙོན་པ་​ཕོལ་ལོལ་​གྱིས་​ང་​ཤོག་​སྨྲས་​ཏེ་​གཞོན་ནུ་​དེ། ཁྱེད་​ཀྱི་​དྲུང་​དུ་​འཁྲིད་​ཅིག ཁོ་​ལེ་​གནས་ཚུལ་​གལ་ཆེན་པོ་ཞིག་​ཟེར་​རྒྱུ་​འདུག་​སྨྲས་བྱུང་ཟིན་སྨྲས་པི་དིག 19དེ་ནས་དམག་མི་སྟོན་དཔོན་​གྱིས་​གཞོན་ནུ་​ཁོའི་​ལག་ག་​ནས་​འཇུས་​ཏེ་​ཟུར་​ཞིག་​ལེ་​འཁྲིད་​ཏེ། སྨྲོས་དང་། ཁྱོད་ལེ་གནས་ཚུལ་ཅི་ཟེར་​རྒྱུ་​འོད་​དོ་​ཟིན་​དྲིས་​ཕེན། 20གཞོན་ནུ་​ཁོས་ཡ་ཧུ་དཱ་པ་ཀྱ་​ཀྱིས་​སྔ་དྲོ་ཁྱེད་​རང་ལེ་​ཕོལ་ལོལ་ཆོས་ཀྱི་གྲོས་​ཚོགས་ཀྱི་​མདུན་​ལེ་འཁྲིད་​ལེད་སྨྲས་ཏེ། ཡང་དང་ཕོལ་ལོལ་གྱི་སྐོར་ལེ་འདྲི་གཅོད་བགྱིད་ལས་ཞིག་བགྱིད་​རྒྱུ་​གྲོས་​བསྡུར་བྱས་​པི་མ་ཟད། 21མི་​བཞི་བཅུ་ལྷག་ཚོད་ཀྱིས་ཕོལ་ལོལ་​མ་​བསད་​བར་​དུ་ཁ་ལེ་ཆུ་ཐིག་པ་གཅིག་ཟང་​འཁྱེར་གྱི་མན་ཟིན་​དམ་བཅའ་​བོར་​ཏེ་​ཇུས་ངན་​བྱས་སོང་། ད་ལྟ་​གྲ་སྒྲིག་​ཟང་​བྱས་​ཚར་​ཏེ་​ཁྱེད་​ཀྱིས་​ལག་​ནས་​ཆོག་མཆན་​སྒུག་བ​སྡད་​འདུག ཁྱེད་​ཀྱིས་​མི་​དེ་​ཀྱ་​ཀྱིས་​འདོད་པ་​ཅོག་འདྲ་​བགྱིད་​དུ་​མ་​འཇུག་​རོགས་​གནང་​ཟིན་​ཞུ་བ་ཕུལ་​ལི་​དིག 22དེ་ནས་དམག་མི་སྟོན་དཔོན་​ཁོས་​གཞོན་ནུ་​ཁོ་​ལེ། ད་ཁྱོད་ཀྱིས་​ང་​ལེ་​སྨྲས་པའི་​གནས་ཚུལ་​དེ་​མི་​སུ་​ཞིག་ལེ་​ཟང་​མ་​ཟེར་​ཅིག་​སྨྲས་​ཏེ་​ཁོ་​འགྲོ་​རུ་​བཅུག་​པི་​དིག
ཕོལ་ལོལ་​ཀེ་སར་ཡཱ་​རྒྱལ་ས་​ལེ་​ཁྲིད་​པ།
23དེའི་རྗེས་ལེ་དམག་མི་སྟོང་དཔོན་​གྱིས་​དམག་མི་​བརྒྱ་དཔོན་​གཉིས་​ཤོག་​སྨྲས་​ཏེ། དམག་མི་​ཉིས་བརྒྱ་དིང་། རྟ་དམག་​བདུན་བཅུ། ཡང་​མདུང་​རིང་​འཁྱེར་​མཁན་དམག་མི་​ཉིས་བརྒྱ་​ཚོད་​གྲ་སྒྲིག་​བཟོས་​ཏེ། མཚན་མོའི་​ཆུ་ཚོད་​དགུ་པ་​ཚོད་​ལེ་​ཀེ་སར་ཡཱ་​རྒྱལ་ས་​ལེ་​རྒྱུགས་​ཤིག 24ཡང་དེ་མ་ཟད་ཕོལ་ལོལ་གྱི་ཆེད་དུ་ཟང་། བཞོན་རྟ་ཁ་ཤས་གྲ་སྒྲིག་བཟོས་ཏེ། སྤྱི་དཔོན་​ཕེ་ལིག་གི་​དྲུང་དུ་​སྐྱོལ་​ལེད་ཅིག་​ཟིན་​བཀའ་​གནང་​པི་མ་ཟད། 25-26ཡང་ནང་ལེ་ཟང་ནང་​དོན་​མདོར་བསྡུས་​བྲིས་པའི་ཡི་གེ་ཞིག་​ཟང་སྐུར་རི་དིག ཡི་གེ་​དེའི་​ནང་​ལེ་​ཅི་​བྲིས་​འོད་​དི་​ཟེར་​ནི།
27༄༅། བརྩི་བཀུར་འོད་ཡོད་​སྤྱི་དཔོན་​ཕེ་ལིག་​ཁྱེད་ཀྱི་ཕྱག་​ལེ་​ཡི་གེ་འདི་འབུལ་ལོ། ཐོག་མར་​ཁྱེད་​ལེ་​འཚམས་འདྲི་​ཞུ་​རྒྱུ་​དིང་​། དམག་མི་སྟོང་དཔོན་​ཀཱ་ལོ་དི་ལི་སི་ཡཱ་​ནས་བྲིས་པའི་​དོན་​དེ་ནི། ཁྱེད་​ཀྱི་​དྲུང་​དུ་​བརྫངས་པའི་​མི་​འདི་​ཡ་ཧུ་དཱ་པ་​ཀྱ་​ཀྱིས་​འཛིན་བཟུང་​བྱས་​ཏེ་​གསོད་​རྒྱུ་བགྱིད་རྒྱ། ངས་​ཁོ་ནི་རོ་མཱའི་མི་སེར་​ཞིག་ཡིན་​དི་​ཧ་གོ་​ཕེན། དམག་མི་​དིང་​སྐྱེན་​ལེ་ང་རང་​ས་ཆ་​དེ་རུ་​ཕྱིན་​ཏེ། ཡ་ཧུ་དཱ་པའི་མི་ཀྱ་ཀྱི་ལག་ནས་ཁོ་བསྐྱབས་​པི་​ཡིན། 28ཡ་ཧུ་དཱ་པ་​ཀྱ་​ཀྱིས་​ཁོ་​ལེ་​སྐྱོན་བཙུགས་དགོས་པའི་​རྒྱུ་མཚན་​ཅི་​ཡིན་​དི་ངས་​ཧ་གོ་​འདོད་​བྱུང་སྟེ། ཆོས་ཀྱི་གྲོས་ཚོགས་དྲུང་དུ་ཁོ་​ཁྲིད་​ཕེན། 29ཁོ་ལེ་སྐྱོན་བཙུགས་བྱས་པ་དེ་ནི། ཡ་ཧུ་དཱ་པའི་​ཆོས་ཁྲིམས་ཀྱི་དོན་ལེ་ཡིན་དི་མ་གཏོགས། སྲོག་ཁྲིམས་གཏོང་རྒྱུ་དིང་། བཙོན་ལེ་བཅུག་དགོས་པའི་ཉེས་​སྐྱོན་​མེད་དི་ངས་ཧ་གོ་​བྱུང་​། 30ཡིན་ནའང་། དེའི་རྗེས་ལེ་ཡ་ཧུ་དཱ་པ་ཀྱ་ཀྱིས་ཁོ་གསོད་རྒྱུ་ཆེད་དུ། ཇུས་ངན་བྱས་པའི་གནས་ཚུལ་དེ་མི་​ཞིག་​གིས་​ང་ལེ་​བཤད་བྱུང་། དེ་ནས་ངས་​ཟང་​གང་མགྱོགས་​མི་དེ་ཁྱེད་​ཀྱི་​དྲུང་​དུ་​བརྫངས་པི་ཡིན། ཡང་ཁོ་ལེ་ཉེས་སྐྱོན་བཙུགས་མཁན་​ཡ་ཧུ་དཱ་པ་​ཀྱ་ལེ་ཟང་། ཁྱེད་​ཀྱི་​དྲུང་​དུ་​ཕྱིན་ཏེ་ཞུ་གཏུག་བགྱིད་དགོས་པའི་བཀའ་བཏང་པི་ཡིན་ཟིན་བྲིས་འོད་དིག
31དེ་ནས་​དམག་མི་ཀྱ་ཀྱིས་ཟང་དམག་མི་​སྟོན་དཔོན་གྱིས་​གནང་བའི་བཀའ་གསུངས་ཅོག་འདྲ། འདིའི་མཚན་མོ་ཕོལ་ལོལ་​ཁྲིད་​ཏེ་​ཨན་​ཏི་​པ་ཏྲི་​ཟེར་​རི་​རྒྱལ་ས་​ལེ་​བསྐྱལ་ཕེན། 32དེའི་​སྔ་དྲོ་​དམག་​མི་ཀྱ་​ཕར་རང་འཇགས་དམག་ཁང་ལེ་ལོག་པི་དིག དེ་ནས་རྟ་དམག་ཀྱ་ཀྱིས་​ཕོལ་ལོལ་འཁྲིད་དེ་བུད་དིག 33རྟ་དམག་​ཀྱ་​ཀྱིས་ ཀེ་སར་ཡཱ་​རྒྱལ་ས་​ལེ་​ཕོལ་ལོལ་​བསྐྱལ་​ཕེན། ཡི་གེ་​དིང་​ཕོལ་ལོལ་​སྤྱི་དཔོན་​ཁོང་གི་ལག་ལེ་​གཏད་དི་​དིག 34དེ་ནས་སྤྱི་དཔོན་​གྱིས་​ཡི་གེ་དེ་བསྒྲོགས་ཏེ། ཕོལ་ལོལ་​ལེ། ཁྱོད་རང་ཡུལ་​སྡེ་ག་ནས་​ཡིན་​དོ་​ཟིན་​དྲིས་​པི་དིག དེ་ནས་སྤྱི་དཔོན་ཁོས་ཕོལ་ལོལ་​ནི་ཀི་ལིག་ཡཱ་​ཡུལ་སྡེ་ནས་​ཡིན་​དི་​ཧ་གོ་​ཕེན། 35ཁོས་ཕོལ་ལོལ་ལེ། ཁྱོད་​ལེ་ཉེས་འཛུགས་བགྱིད་མཁན་ཀྱ་འདི་རུ་སླེབས་པའི་རྗེས་ལེ། ངས་​ཁྱོད་​ཀྱི་གནས་ཚུལ་སྐོར་​ལེ་​ཞིབ་པོ་​བྱས་​ཏེ་​ཉན་​གྱི་ཡིན་ཟིན། ས་གནས་​རྒྱལ་པོ་​ཧེ་རོ་དཱེའི་ཕོ་བྲང་​གི་​བཙོན་ཁང་​ལེ། ཕོལ་ལོལ་​འཇུག་​དགོས་པའི་​བཀའ་​གནང་​པི་​དིག །

Currently Selected:

མཛད་པ། 23: DLPO

Highlight

Copy

Compare

Share

None

Want to have your highlights saved across all your devices? Sign up or sign in