མཛད་པ། 19
19
ལེའུ་བཅུ་དགུ
ཨེ་ཕེ་སི་རྒྱལ་ས་ལེ་ཕོལ་ལོལ་བསྡད་པ།
1ཡང་ཀོ་རིན་ཐུ་རྒྱལ་ས་ལེ་ཨ་པོ་ལོ་སི་ཁོ་རང་སྡོད་རྒྱ། ཕོལ་ལོལ་ནི་ག་ལད་ཡཱ་དིང་ཕ་རུག་ཡཱ་ཟེར་རི་ལུང་པའི་སྟོད་བརྒྱུད་ནས་ཨེ་ཕེ་སི་རྒྱལ་ས་ལེ་སླེབས་པི་དིང་། དེ་རུ་སྐྱབས་མགོན་ཡེ་ཤུའི་སློབ་མ་ཁ་ཤས་ཞིག་ཐུག་ཕེན། 2ཕོལ་ལོལ་གྱིས་སློབ་མ་དེ་ཀྱ་ལེ། ཁྱེད་ཀྱ་ཀྱིས་ཇོ་བོ་ཡེ་ཤུ་ལེ་དད་པ་བགྱིད་རྒྱ། དམ་པའི་ཐུགས་ཉིད་ཐོབ་མྱོང་འོད་དས་ཟིན་དྲིས་པི་དིག དེ་ནས་ཁོང་ཀྱ་ཀྱིས་དམ་པའི་ཐུགས་ཉིད་ཐོབ་རྒྱུ་ག་ན་ག་ན། དམ་པའི་ཐུགས་ཉིད་ཀྱི་སྐོར་ལེ་ཐོས་མྱོང་ཟང་མེད་སྨྲས་པི་དིག 3ཡང་ཕོལ་ལོལ་གྱིས་ཁོང་ཀྱ་ལེ། འོ་ནེ། ཁྱེད་ཀྱ་ལེ་ཁྲུས་གསོལ་ཅི་གི་བྱས་ཏེ་ཐོབ་པི་གོ་ཟིན་དྲིས་ཏེ། ཁྲུས་གསོལ་བགྱིད་མཁན་ཡོ་ཧ་ནན་བརྒྱུད་ནས་ཉེད་ཀྱ་ལེ་ཁྲུས་གསོལ་ཐོབ་བྱུང་ཟིན་སྨྲས་པི་དིག 4ཡང་ཕོལ་ལོལ་གྱིས་མི་དེ་ཀྱ་ལེ། ཁྲུས་གསོལ་བགྱིད་མཁན་ཡོ་ཧ་ནན་གྱིས་མི་ཀྱ་ལེ་སེམས་བསྒྱུར་བའི་རྟགས་ལེ་ཁྲུས་གསོལ་བྱས་པི་མ་ཟད། ཁོ་རང་གི་རྗེས་ལེ་འོང་མཁན་དེ་ནི་ཡེ་ཤུ་ཡིན་དི་དིང་། ཁོང་ལེ་དད་པ་བགྱིད་དགོས་འོད་དིག་ཟིན་བསྐུལ་བརྡ་བཏང་པི་དིག་ཟིན་སྨྲས་པི་དིག 5མི་དེ་ཀྱ་ཀྱིས་ལབ་དེ་ཐོས་ཏེ་ཇོ་བོ་ཡེ་ཤུའི་མཚན་ནང་ལེ་ཁྲུས་གསོལ་བྱས་པི་མ་ཟད། 6ཕོལ་ལོལ་གྱིས་མི་དེ་ཀྱ་ཀྱི་ལུས་ལྟག་ག་ལེ་ལག་ག་བོར་ཏེ་དམ་པའི་ཐུགས་ཉིད་ཁྱབ་ཕེན། ཁ་ནས་སྐད་ལུགས་གཞན་གྱི་སྐད་ནང་ལེ་ལབ་སྨྲས་ཏེ་ལུང་ཟང་བསྟན་པི་དིག 7དུས་དེ་རྒྱ་དེ་རུ་མི་བཅུ་གཉིས་ཚོད་འོད་དིག
8དེ་ནས་ཕོལ་ལོལ་གྱིས་ཟླ་བ་གསུམ་རྒྱུན་ཆད་མེད་ཡ་ཧུ་དཱ་པའི་ཚོགས་ཁང་ནང་ལེ་ཕྱིན་ཏེ། སྙིང་སྟོབས་ཆེན་པོས་ངང་ནས་ཆོས་བཤད་དི་མ་ཟད། དཀོན་མཆོག་གི་རྒྱལ་ཁབ་སྐོར་ལེ་རྩོད་གླེང་བྱས་ཏེ་མི་ཀྱ་ལེ་ནན་ཏན་གྱིས་བསྐུལ་མ་བཏང་པི་དིག 9ཡིན་ནའང་། མི་ཁ་ཤས་ཀྱི་སེམས་པ་དེ་གྱོང་པོ་ཡིན་ཕེན། དད་པ་མ་བྱས་ཏེ་མི་ཚོགས་ཀྱི་མདུན་དུ་སྐྱབས་མགོན་ཡེ་ཤུའི་ཐར་བའི་ལམ་དེ་ལེ་ཚིག་ངན་སྨྲས་ཕེན། ཕོལ་ལོལ་གྱིས་མི་དེ་ཀྱ་དིང་ཁ་འབྲལ་ཏེ། དད་པ་བགྱིད་མཁན་གཞམ་མ་ཀྱ་འཁྲིད་ཏེ། ཉིན་གྲངས་ཏི་རན་ནུ་ཟེར་རི་ཆོས་རྭའི་ནང་ལེ་སྐྱབས་མགོན་ཡེ་ཤུའི་སྐོར་གྱི་ཆོས་བསྟན་པི་དིག 10ཆོས་རྭ་དེ་རུ་ཕོལ་ལོལ་གྱིས་ལོ་གཉིས་ཆོས་བསྟན་ཕེན། ཨེ་ཞེ་ཡཱ་ཟེར་རི་ལུང་པ་ལེ་སྡོད་མཁན་ཡ་ཧུ་དཱ་པ་དིང་གེ་རིག་གི་མི་ཡེ་རེས་ཟང་ཇོ་བོ་ཡེ་ཤུའི་སྐོར་གྱི་གཏམ་བཟང་དེ་ཐོས་པི་དིག
11ཡང་དཀོན་མཆོག་གིས་ཟང་ཕོལ་ལོལ་གྱི་བརྒྱུད་ནས་གཞན་དིང་མི་འདྲ་བར་ངོ་མཚར་ཆེ་བའི་དོན་རྣམས་མཛད་པི་དིག 12དཔེར་ན། ཕོལ་ལོལ་གྱིས་འཇུས་པའི་ལག་ཕྱིས་དིང་། པང་ཁེབས་དེ་ནད་པ་ཀྱ་ཀྱི་ལྟག་ག་ལེ་བོར་རི་ཙམ་གྱི་ནད་པ་ཀྱ་དྲག་འགྲོ་འོད་དི་མ་ཟད། གདོན་འདྲེ་ཀྱ་ཟང་མིའི་ཁོག་ནས་ཕྱི་ལེ་ཐོན་འགྲོ་འོད་དི་དིག 13ཡིན་ནའང་། དེ་རྒྱ་ཡུལ་ཕྱོགས་ཀུན་ལེ་འགྲིམས་འགྲུལ་བྱས་ཏེ། གདོན་འདྲེ་འདུལ་མཁན་ཡ་ཧུ་དཱ་པའི་མི་ཁ་ཤས་ཞིག་གིས་གདོན་འདྲེ་ཞུགས་པའི་མི་ཀྱ་ལེ། ཕོལ་ལོལ་གྱིས་བཤད་དི་ཇོ་བོ་ཡེ་ཤུ་ལེ་བརྟེན་ཏེ། ངས་གདོན་འདྲེ་དེ་ཡེ་རེ་ཐོན་ཞིག་ཟིན་བཀའ་བཏང་པི་ཡིན་ཟིན་སྨྲས་པི་དིག 14འོ་དེ་གི་བགྱིད་མཁན་མི་དེ་ཀྱ་ནང་ལེ། ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་གཙོ་བོ་སི་རྐེ་བཱ་ཟེར་མཁན་གྱི་བི་ས་བདུན་པོ་ཀྱ་འོད་དིག 15དེ་ནས་གདོན་འདྲེ་དེ་ཀྱ་ཀྱིས་ཉིན་མ་ཞིག་བི་ས་བདུན་པོ་དེ་ཀྱ་ལེ། ངས་ཡེ་ཤུ་དིང་ཕོལ་ལོལ་ཁོ་གཉིས་ཀ་སུ་ཡིན་དི་ཧ་གོ་འོད། ཡིན་ནའང་། ཁྱེད་ཀྱ་སུ་ཡིན་དོ་ཟིན་སྨྲས་པི་དིག 16གདོན་འདྲེ་ཞུགས་པའི་མི་དེས་བི་ས་བདུན་པོ་དེ་ཀྱ་ཀྱི་ལྟག་ག་ལེ་མཆོངས་ཏེ་དབང་འཛིན་བྱས་ཕེན། བི་ས་བདུན་པོ་དེ་ཀྱ་ལས་ལྷག་ཚོད་རྒྱལ་ཕེན། བི་ས་དེ་ཀྱ་ཅི་བགྱིད་འདི་བགྱིད་མེད་དི་ལུས་པོ་དམར་ཧྲང་ངེ་ཁང་པ་ནས་ཕྱི་ལེ་ཐོན་ཏེ་བྲོས་བུད་དི་དིག 17དེ་ནས་ཨེ་ཕེ་སི་རྒྱལ་ས་ལེ་སྡོད་མཁན་ཡ་ཧུ་དཱ་པ་དིང་། གེ་རིག་གི་མི་རིགས་ཡེ་རེས་གནས་ཚུལ་དེ་ཧ་གོ་ཕེན། འཁྱར་སྣང་ཆེན་པོ་བྱུང་སྟེ། ཇོ་བོ་ཡེ་ཤུའི་མཚན་ལེ་བསྟོད་པ་ཕུལ་ལི་དིག 18ཡང་ཇོ་བོ་ཡེ་ཤུ་ལེ་དད་པ་བགྱིད་མཁན་མང་པོ་ཞིག་ཟང་དེ་རུ་འོངས་ཏེ། རང་གིས་བྱས་པའི་སྡིག་ཉེས་དེ་ལེ་ཁས་ལེན་བྱས་པི་དིག 19ཡང་རྫུ་འཕྲུལ་དིང་སྔགས་རྒྱག་མཁན་མང་པོ་ཞིག་གིས་ཟང་། མི་ཡེ་རེའི་མདུན་དུ་སྔགས་གྱི་དཔེ་ཆ་སྤུངས་ཏེ་མེ་ལེ་བརྒྱབ་པི་དིག མེ་ལེ་བརྒྱབ་པའི་དཔེ་ཆ་དེའི་རིན་པ་བརྩིས་ཕེན། ཁྱོན་བསྡོམས་དངུལ་སྒོར་ཁྲི་ལྔ་འོད་དི་ཧ་གོ་པི་དིག 20འོ་འདི་གི་བྱས་ཏེ། ཇོ་བོ་དཀོན་མཆོག་གི་བཀའ་དེ་ནུས་མཐུ་ངང་ནས་དར་ཞིང་རྒྱས་འགྲོ་འོད་དིག
ཨེ་ཕེ་སི་རྒྱལ་ས་ལེ་ཟིང་ཆ་བྱུང་བའི་སྐོར།
21དེ་ནས་དོན་དེ་བྱུང་བའི་རྗེས་ལེ། ཕོལ་ལོལ་མ་ཀེ་དོན་ཡཱ་དིང་། ཨ་ཀ་ཡཱ་ལུང་པའི་བརྒྱུད་ནས་ཡེ་རུ་ས་གླིང་རྒྱལ་ས་ལེ་འགྲོ་རྒྱུ་ཐག་གཅོད་བྱས་པི་མ་ཟད། ཡང་རྒྱལ་ས་དེ་ལེ་སླེབས་པི་རྗེས་ལེ། ང་རང་ཡིན་གཅིག་མིན་གཅིག་རོ་མཱ་རྒྱལ་ས་ལེ་ཟང་འགྲོ་དགོས་འོད་ཟིན་སྨྲས་པི་དིག 22དེ་ནས་ཁོ་རང་ལེ་རོགས་བགྱིད་མཁན་ཀྱ་ནང་ནས་ཐི་མོ་ཐེ་དིང་། ཨེ་རས་ཏི་ཟེར་མཁན་ཁོ་གཉིས་མ་ཀེ་དོན་ཡཱ་ལུང་པ་ལེ་བརྫངས་ཏེ། ཁོ་རང་ཉིན་མ་ཁ་ཤས་ཞིག་ཨེ་ཞེ་ཡཱ་ལུང་པ་ལེ་བསྡད་དི་དིག
ཨེ་ཕེ་སི་རྒྱལ་ས་ལེ་ཟིང་ཆ་བྱུང་བའི་སྐོར།
23དུས་དེ་རྒྱ་སྐྱབས་མགོན་ཡེ་ཤུའི་ཐར་ལམ་གྱི་སྐོར་ལེ་རྩོད་གླེང་ཆེན་པོ་ཞིག་བྱུང་པི་དིག 24ཅི་ལེ་ཟེར་ནི། མིང་ལེ་དེ་མེ་ཏྲི་ཡུ་ཟེར་མཁན་དངུལ་བཟོ་པ་ཞིག་གིས་ལྷ་མོ་ཨར་ཏི་མཱིའི་གཟུགས་དབྱིབས་ཅོག་འདྲ། དངུལ་གྱི་སྐུ་འདྲ་ཆེ་ཆུང་སྣ་ཚོགས་དིང་། མཆོད་ཁང་བཟོས་ཏེ་འཚོང་གྱོ་འོད་ཕེན། ཁོ་དིང་ཁོའི་ལས་རོགས་དངུལ་བཟོ་པ་ཀྱ་ལེ་ཁེ་བཟང་ཆེན་པོ་ཐོབ་འོད་དིག 25ཁོས་རང་གིས་ལས་རོགས་ཀྱ་དིང་། དངུལ་བཟོ་པ་གཞན་མ་ཀྱ་ཡེ་རེ་འཛོམས་དུ་བཅུག་སྟེ། ཁྱེད་རོགས་པོ་ཀྱ། འུ་ཀྱ་ནི་ལས་ཀ་འདི་པ་རྐྱང་ལེ་བརྟེན་ཏེ་མི་ཚེ་སྐྱེལ་དགོས་འོད་དི་ནི་ཁྱེད་ཀྱ་ཀྱིས་ཧ་གོ་གོ་བར་ཡིན་དིག 26ཡིན་ནའང་། ཕོལ་ལོལ་གྱིས་ཨེ་ཕེ་སི་རྒྱལ་ས་དིང་། ཡང་དེ་མ་ཟད། ཨེ་ཞེ་ཡཱ་ལུང་པ་མང་ཆེ་བ་ཞིག་ལེ། མིའི་ལག་གས་བཟོས་པི་དེ་ཀྱ་ནི་ལྷ་མ་དིག་ཟིན་སྨྲས་ཏེ། མི་མང་པོ་ལེ་མགོ་སྐོར་བཏང་སྟེ་མགོ་འཐོམ་དུ་འཇུག་གྱོ་འོད་དི་ནི། ཁྱེད་ཀྱ་ཀྱིས་ཟང་ཐོས་པི་མ་ཟད་མཐོང་འོད་དིག 27འོ་དེ་གི་མུ་མཐུད་དེ་བྱས་ནི། འུའི་ལས་ཀ་འདི་ལེ་མི་གཞན་གྱིས་མཐོང་ཆུང་བགྱིད་དི་མ་ཟད། ལྷ་མོ་ཆེན་མོ་ཨར་ཏེ་མཱིའི་མཆོད་ཁང་འདི་ཟང་བརྩི་མེད་དུ་འགྲོ་གྱི་དིག ཡང་ཨེ་ཞེ་ཡཱ་ལུང་པ་དིང་། འཇིག་རྟེན་གྱི་མི་ཡེ་རེས་བསྙེན་བཀུར་བགྱིད་སའི་ལྷ་མོ་ཆེན་མོ་དེའི་གཟི་བརྗིད་ཟང་ཉམས་འགྲོ་གྱི་དིག་ཟིན་སྨྲས་པི་དིག
28དེ་ནས་མི་ཀྱ་ཀྱིས་ཟང་ལབ་དེ་ཐོས་ཏེ་ཞེ་སྡང་འཇུ་གུ་ལངས་ཕེན་སྐད་ཆེན་པོས་ངང་ནས། ཨེ་ཕེ་སི་རྒྱལ་སའི་ལྷ་མོ་ཨར་ཏེ་མཱི་ཆེ་ཤོས་ཡིན་ཟིན་འུར་འདྲ་བརྒྱབ་པི་དིག 29ཡང་དེ་ཅོག་འདྲ་རྒྱལ་ས་ཡེ་རེ་ལེ་ཟིང་ཆ་ལངས་ཕེན། མི་དེ་ཀྱ་ཀྱིས་མ་ཀེ་དོན་ཡཱ་ལུང་པ་ནས་འོངས་པའི་ཕོལ་ལོལ་གྱི་འབྲང་རོགས་ག་ཡུ་དིང་ཨ་རི་སྟར་ཀུ་ཟེར་མཁན་ཁོ་གཉིས་ལེ་འཛིན་བཟུང་བྱས་ཏེ། ཟློས་གར་ཚོགས་སའི་དྭངས་རའི་ནང་ལེ་བཙན་དབང་བཏང་སྟེ་ཁྲིད་དི་དིག 30ཕོལ་ལོལ་ཟང་མི་དེ་ཀྱ་ཀྱིས་སྐྱེན་ལེ་འགྲོ་དགོས་བསམ་ནའང་། དད་པ་བགྱིད་མཁན་ཀྱ་ཀྱིས་ཁོ་འགྲོ་རུ་མ་བཅུག་པི་དིག 31ཡང་ཕོལ་ལོལ་གྱི་རོགས་པོ་ཡིན་དི་ཨེ་ཞི་ཡཱ་ལུང་པའི་ས་གནས་དཔོན་པོ་ཁ་ཤས་ཀྱིས་མི་བརྫངས་ཏེ། ཕོལ་ལོལ་ལེ་ཁྱོད་རང་ཟློས་གར་ཚོགས་པའི་དྭངས་རའི་ནང་ལེ་མ་འགྲོ་ཟིན་ཁ་ལན་བསྐུར་རི་དིག 32དེའི་དུས་ལེ་ཟློས་གར་ཚོགས་སའི་དྭངས་རའི་ནང་ལེ་འོད་ཡོད་མི་དེ་ཀྱ་ཟང་ཟིང་ཆ་ལངས་ཕེན། མི་ལ་ལས་སྐད་ཆེན་པོས་ངང་ནས་ཅི་ཟེར་འདི་ཟེར་མེད་རྩོད་གླེང་བགྱིད་དི་དིང་། ཡང་ལ་ལས་འདི་རུ་འཛོམས་དགོས་པའི་རྒྱུ་མཚན་ཅི་ཡིན་མིན་གྱི་སྐོར་ལེ་ཧ་མ་གོ་ཕེན། སྐད་ཆེན་པོ་རྒྱག་གྱོ་འོད་དིག 33དེ་རྒྱ་ཡ་ཧུ་དཱ་པ་ཀྱ་ཀྱིས་ཨ་ལིག་ཟན་ཌེར་ཟེར་མཁན་ཁོ། མི་ཚོགས་ཀྱི་མདུན་ལེ་བཏང་ཕེན། མི་ཚོགས་དེ་ཀྱ་ཀྱི་ནང་ནས་ཁ་ཤས་ཞིག་གིས་དོན་དེའི་སྐོར་ལེ་གསལ་བཤད་བགྱིད་དགོས་འོད་ཟིན་ཨུ་ཚུགས་ཆེན་པོ་བྱས་ཕེན། ཨ་ལིག་ཟན་ཌེར་ཁོས་མི་ཚོགས་དེ་ཀྱ་ལེ་ལག་བརྟ་བྱས་ཏེ། མར་ཞི་འཇོམ་དང་སྨྲས་ཏེ་ལབ་ཟེར་རྒྱུ་བྱས་པི་དིག 34ཡིན་ནའང་། མི་ཚོགས་དེ་ཀྱ་ཀྱིས་ཁོ་རང་ཡ་ཧུ་དཱ་པ་ཞིག་ཡིན་དི་ཧ་གོ་ཕེན། མི་ཡེ་རེས་ཁ་གཅིག་བྱས་ཏེ། ཨེ་ཕེ་སི་རྒྱལ་སའི་ལྷ་མོ་ཨར་ཏེ་མཱི་ཆེ་ཤོས་ཡིན་ཟིན་ཆུ་ཚོད་གཉིས་ཚོད་འུར་འདྲ་བརྒྱབ་པི་དིག 35དེ་ནས་རྒྱལ་ས་དེའི་དྲུང་ཡིག་ཁོས་མི་དེ་ཡེ་རེ་ས་ལེ་སྡོད་དུ་བཅུག་སྟེ། ཁྱེད་ཨེ་ཕེ་སི་རྒྱལ་སའི་མི་ཀྱ། ཨེ་ཕེ་སི་རྒྱལ་སའི་མི་ཀྱ་ནི་ལྷ་མོ་ཆེན་མོ་ཨར་ཏེ་མཱིའི་མཆོད་ཁང་དིང་། ནམ་མཁའ་ནས་བབས་པའི་ཨར་ཏེ་མཱིའི་ལྷ་སྐུ་ལེ་རྟེན་ཏེ་སྲུང་གྱོ་འོད་དི་ཧ་མི་གོ་མཁན་མི་སུ་འོད་དི་གོ། 36འོ་དེ་ལེ་བརྟེན་ཏེ། དོན་དེ་ལེ་མི་སུ་ཞིག་གིས་ཟང་རྩོད་གླེང་བགྱིད་དགོས་མེད། ཁྱེད་ཀྱ་ཀྱིས་དོན་མེད་མེད་མ་བྱས་ཏེ་ལྷོད་འཇགས་གྱིས་ཅིག 37ཁྱེད་ཀྱ་ཀྱིས་བཙན་དབང་ངང་ནས་ཁྲིད་འོངས་པའི་མི་འདི་གཉིས་ཀྱིས་མཆོད་ཁང་ནས་དངོས་པོ་ཅི་གང་མ་བརྐུས་འོད་དིག དེ་མ་ཟད་འུའི་ལྷ་མོ་ལེ་སྐུར་བ་ཟང་བཏབ་མེད་དིག 38གལ་སྲིད། དེ་མེ་ཏྲི་ཡུ་དིང་། ཁོའི་ལས་རོགས་ཀྱ་ཀྱིས་ཁྲིམས་ལེ་གཏུག་དགོས་པའི་དོན་ཞིག་བྱས་འོད་ནི། ཁྲིམས་ར་ལེ་ཁྲིམས་དཔོན་ཀྱ་ཟང་བསྡད་འོད་རྒྱ། ཕན་ཚུན་གཅིག་གིས་གཅིག་ལེ་ཞུ་གཏུག་བགྱིད་ཆོག་གྱོ་འོད་དིག 39ཡང་དེ་ལས་ལྷག་གི་དོན་ར་འོད་ནི། ཁྲིམས་ལུགས་ཅོག་འདྲ། ཁྲིམས་ར་ལེ་འཛོམས་ཏེ་ཐག་གཅོད་བགྱིད་དགོས་འོད་དིག 40ཅི་ལེ་ཟེར་ནི། འདི་རིང་གི་ཟིང་ཆ་ལེ་རྒྱུ་མཚན་གསོལ་པོ་ཞིག་ཅི་གང་ཤོད་རྒྱུ་མེད་ཕེན། ཉེད་ཀྱ་ལེ་ཟང་རོ་མཱའི་རྒྱལ་པོས་ནག་ཉེས་འཛུགས་རྒྱུ་ཉེན་ཁ་འོད་དིག་སྨྲས་ཏེ། 41དེ་རུ་འཛོམས་འོད་ཡོད་མི་ཡེ་རེ་རང་སོ་སོ་ལེ་ཁ་གྱེས་དུ་བཅུག་པི་དིག །
Currently Selected:
མཛད་པ། 19: DLPO
Highlight
Copy
Compare
Share
Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.