མཛད་པ། 18
18
ལེའུ་བཅོ་བརྒྱད།
ཀོ་རིན་ཐུ་རྒྱལ་ས་ལེ་འགྲོ་བ།
1དོན་དེའི་རྗེས་ལེ། ཕོལ་ལོལ་ཨ་ཐེ་ནེ་རྒྱལ་ས་ནས་ཀོ་རིན་ཐུ་རྒྱལ་ས་ལེ་བུད་དི་དིག 2-3ཡང་རྒྱལ་ས་དེ་རུ་མིང་ལེ་ཨ་ཀུ་ལཱ་ཟེར་རེ་ཡ་ཧུ་དཱ་པའི་མི་ཞིག་ཐུག་པི་དིག མི་དེ་ནི་པོན་ཏུ་ཟེར་རི་ཡུལ་ལེ་སྐྱེས་པི་ཡིན་དིག མི་དེས་རང་གི་བུད་མེད་ཕུར་སི་ལཱ་ཟེར་མཁན་དིང་སྐྱེན་ལེ། དབྱི་ཏ་ལི་ཟེར་རི་ལུང་པ་ནས་ཀོ་རིན་ཐུ་རྒྱལ་ས་ལེ་སླེབས་ཏེ་ཡུན་རིང་པོ་མི་འགྲོ་འོད་དིག ཅི་ལེ་ཟེར་ནི། རོ་མཱ་གོང་མའི་རྒྱལ་པོ་ཀཱ་ལོ་དི་ཟེར་མཁན་ཁོས་ཡ་ཧུ་དཱ་པ་ཡེ་རེ་རོ་མཱ་རྒྱལ་ས་ལེ་སྡོད་མི་ཆོག་འོད་ཟིན་བཀའ་གནང་སྟེ་ཕྱིར་འབུད་བཏང་པི་དིག ཡང་ཕོལ་ལོལ་ཟང་ནང་ཚང་དེ་གཉིས་སྐྱེན་ལེ་ལས་ཀ་བྱས་ཏེ་བསྡད་དི་དིག ཅི་ལེ་ཟེར་ནི། ནང་ཚང་དེ་གཉིས་ནི་ཕོལ་ལོལ་ཁོ་རང་དིང་ཅོག་འདྲ་གུར་བཟོ་མཁན་ཡིན་དི་དིག 4ཡང་ཕོལ་ལོལ་གྱིས་ངལ་གསོ་བའི་ཉིན་མ་རེ་རེ་ལེ་ཡ་ཧུ་དཱ་པའི་ཚོགས་ཁང་ནང་ལེ་ཡ་ཧུ་དཱ་པ་དིང་། གེ་རིག་གི་མི་ཀྱ་ཀྱི་སྐྱེན་ལེ་སྐྱབས་མགོན་ཡེ་ཤུའི་སྐོར་གྱི་གཏམ་གླེང་བྱས་ཏེ། སེམས་ཁུག་དགོས་པའི་དོན་ལེ་བསྐུལ་མ་བཏང་པི་དིག 5ཡང་སི་ལཱ་དིང་ཐི་མོ་ཐེ་ཁོ་གཉིས་མ་ཀེ་དོན་ཡཱ་ལུང་པ་ནས་སླེབས་རྒྱ། ཕོལ་ལོལ་ཁོ་རང་ནི་རང་གི་འཚོ་བའི་ལས་ཀ་གཡུགས་ཏེ། བྲེལ་འཚུབ་འཚུབ་ངང་ནས་དཀོན་མཆོག་གི་བཀའ་ཤོད་གྱོ་འོད་དི་དིང་། ཡ་ཧུ་དཱ་པ་ཀྱ་ལེ་ཡེ་ཤུ་ནི་སྐྱབས་མགོན་ཡིན་དིག་ཟིན་བདེན་དཔང་བྱས་ཏེ་ར་སྤྲོད་བགྱིད་འོད་དིག 6ཡིན་ནའང་། མི་དེ་ཀྱ་ཀྱིས་ཁོ་གཉིས་ལེ་འཕྱམ་ཆ་བཏང་སྟེ་འགེག་རྒོལ་བྱས་ཕེན། ཕོལ་ལོལ་གྱིས་དོན་དེ་ལེ་མ་དགའ་པི་མ་ཟད། ཁྱེད་ཀྱ་ལེ་རང་གི་སྡིག་ཉེས་ཀྱི་ཆད་པ་དེ་ཕོག་གྱི་དིག དེའི་འགན་འཁུར་དེ་ང་ལེ་མེད། དུས་ད་ནས་ཕྱིན་ཆད། ང་རང་ཕྱིའི་མི་ཀྱ་ལེ་སྐྱབས་མགོན་ཡེ་ཤུའི་སྐོར་ཤོད་དུ་འགྲོ་གྱི་ཡིན་ཟིན་རང་གི་ལུས་ལེ་གྱོན་པའི་ཁ་གྱོན་དེ་ལེ་འགོས་པའི་ཐལ་བ་སྤྲུགས་སྤྲུགས་བཏང་སྟེ་བུད་དི་དིག 7དེ་ནས་ཕོལ་ལོལ་ས་ཆ་དེ་རིང་ཁ་བྲལ་ཏེ། ཐི་ཏི་ཡུས་ཐོ་ཟེར་མཁན་ཕྱིའི་མི་ཞིག་གི་ཁྱིམ་ལེ་བུད་དི་དིག མི་དེ་ནི་དཀོན་མཆོག་ལེ་དད་པ་བགྱིད་མཁན་ཞིག་ཡིན་དི་མ་ཟད། ཁོས་ཁྱིམ་དེ་ཟང་ཚོགས་ཁང་གི་ཉེ་འགྲམ་ལེ་འོད་དིག 8ཡང་ཚོགས་ཁང་གི་དབུ་འཛིན་ཀ་རི་སི་པུ་ཟེར་མཁན་ཞིག་འོད་དིག ཁོའི་ནང་མི་ཡེ་རེ་ཇོ་བོ་ཡེ་ཤུ་ལེ་དད་པ་བགྱིད་འོད་དི་མ་ཟད། ཀོ་རིན་ཐུའི་རྒྱལ་སའི་ནང་གི་མི་མང་པོ་ཞིག་ཟང་ཡེ་ཤུའི་སྐོར་གྱི་གནས་ཚུལ་དེ་ཐོས་ཕེན། དད་པ་བྱས་ཏེ་ཁྲུས་གསོལ་བྱས་པི་དིག 9ཡང་མཚན་མོ་ཞིག་ཕོལ་ལོལ་ལེ་ཇོ་བོ་དཀོན་མཆོག་གིས་ཞལ་གཟིགས་གནང་སྟེ། ཁྱོད་ཁ་ཁུ་སིམ་པོ་བྱས་ཏེ་མ་སྡོད་ཅིག འཁྱར་སྣང་མ་བགྱིད་མུ་མཐུད་དེ་ངའི་གཏམ་བཟང་ཤོད་ཅིག 10ཅི་ལེ་ཟེར་ནི། ང་ཟང་ཁྱོད་ཀྱི་སྐྱེན་ལེ་འོད་ཕེན། ཁྱོད་ལེ་མི་སུས་ཟང་གནོད་འཚེ་བགྱིད་ནུས་ཀྱི་མ་དིག ཡང་རྒྱལ་ས་དེ་རུ་ང་ལེ་དད་པ་བགྱིད་མཁན་མི་མང་པོ་བདམས་འོད་ཟིན་གསུང་སྐད་ཞིག་ཐོས་པི་དིག 11དེ་ནས་ཕོལ་ལོལ་ལོ་གཅིག་དིང་ཟླ་བ་དྲུག་ཀོ་རིན་ཐུ་རྒྱལ་ས་ལེ་བསྡད་དེ། མི་དེ་ཀྱ་ལེ་དཀོན་མཆོག་གི་བཀའ་བསླབས་པི་དིག
ཕོལ་ལོལ་དིང་སྤྱི་དཔོན་ག་ལི་ཡཱོ་སྐོར།
12ཡང་ག་ལི་ཡཱོ་ཟེར་མཁན་ཁོ་རང་ཨ་ཀ་ཡཱ་ལུང་པའི་སྤྱི་དཔོན་ཡིན་རྒྱ། ཡ་ཧུ་དཱ་པ་ཀྱ་ཀྱིས་ངན་སེམས་གཅིག་མཐུན་ངང་ནས་ཕོལ་ལོལ་ལེ་འཛིན་བཟུང་བྱས་ཏེ། སྤྱི་དཔོན་ག་ལི་ཡཱོ་ཁོའི་ཁྲིམས་ལེ་འཁྲིད་དེ། 13མི་འདིས་འུ་ཀྱ་ཀྱི་ཆོས་ཁྲིམས་དིང་འགལ་ལི་དཀོན་མཆོག་ལེ་བསྙེན་བཀུར་བགྱིད་དགོས་འོད་སྨྲས་ཏེ། མི་ཀྱ་ལེ་ངན་བསྐུལ་བགྱིད་འདུག་ཟིན་སྨྲས་པི་དིག 14དེ་ནས་ཕོལ་ལོལ་གྱིས་མི་དེ་ཀྱ་ཀྱིས་སྨྲས་པའི་ལབ་དེ་ལེ་བདེན་རྫུན་ར་སྤྲོད་བགྱིད་རྒྱུ་རྩོམ་རྒྱ། སྤྱི་དཔོན་ག་ལི་ཡཱོ་ཁོས་ཡ་ཧུ་དཱ་པ་ཀྱ་ལེ། ཁྱེད་ཡ་ཧུ་དཱ་པ་ཀྱ། གལ་སྲིད་ཁོས་ཁྲིམས་འགལ་གྱི་ནག་ཉེས་ཆེན་པོ་ཞིག་བྱས་འོད་ནི། ཁྱེད་ཀྱ་ཀྱིས་ཞུ་བ་དེ་ལེ་ངས་བཟོད་པ་བྱས་ཏེ་མཉན་སྲིད་ཀྱི་དིག 15ཡིན་ནའང་། ཁྱེད་ཀྱ་ཀྱི་རྩོད་གཞི་གཙོ་བོ་དེ་ནི། ཆོས་ཁྲིམས་སྐོར་དིང་། མིང་དིང་། ཚིག་རྩོད་ཀྱི་དོན་ལེ་ཡིན་ཕེན། དོན་དེ་ཁྱེད་ཀྱ་ཀྱིས་ཐག་གཅོད་བགྱིད་རོགས། ང་དོན་དེའི་ཁྲིམས་དཔོན་བགྱིད་འདོད་མེད་སྨྲས་ཏེ། 16མི་དེ་ཀྱ་ཁྲིམས་ཁང་ནས་ཕྱི་ལེ་འགྲོ་རུ་བཅུག་པི་དིག 17དེ་ནས་མི་དེ་ཀྱ་ཀྱིས་ཚོགས་ཁང་གི་འགོ་ཁྲིད་སོ་ཐེ་ནཱེ་ཟེར་མཁན་ཁོ་བཙན་བཟུང་བྱས་ཏེ། ཁྲིམས་ཁང་གི་མདུན་དུ་བརྡུངས་ནའང་། སྤྱི་དཔོན་ག་ལི་ཡཱོ་ཁོས་གནས་ཚུལ་དེ་ལེ་ཁ་ཡ་མ་བྱས་པི་དིག
ཕོལ་ལོལ་སི་རི་ཡཱའི་རྒྱལ་ས་ཨན་ཐེ་ཡོག་ཡཱ་རང་འཇགས་འགྲོ་བ།
18ཡང་ཕོལ་ལོལ་ཀོ་རིན་ཐུ་རྒྱལ་ས་ལེ་ཉིན་མ་མང་པོ་བསྡད་དི་རྗེས་ལེ། དད་པ་བགྱིད་མཁན་སྤུན་ཟླ་ཀྱ་དིང་ཁ་གྱེས་ཏེ། གྲུ་གཟིངས་ལེ་བཞོན་ཏེ་ཨ་ཀུ་ལཱ་དིང་ཕུར་སི་ལཱ་ནང་ཚང་དེ་གཉིས་ཀྱི་སྐྱེན་ལེ་སི་རི་ཡཱ་ལུང་པ་ལེ་བུད་དི་དིག སི་རི་ཡཱ་ལུང་པའི་གྲུ་ཁ་ཀེན་གྲེ་ཟེར་ས་དེ་རུ་སླེབས་ཕེན། ཕོལ་ལོལ་གྱིས་སྔོན་མ་ལུང་པ་དེ་རུ་དམ་བཅའ་བོར་རི་ཅོག་འདྲ། ཁོས་རང་གི་སྐྲ་བྲེགས་པི་དིག 19ཁོང་ཀྱ་ཨེ་ཕེ་སི་རྒྱལ་ས་ལེ་སླེབས་ཕེན། ནང་ཚང་གཉིས་པོ་དེ་ནི་དེ་རུ་བོར་ཏེ། ཕོལ་ལོལ་ཁོ་རང་ཡ་ཧུ་དཱ་པ་ཀྱ་ལེ་ཡེ་ཤུའི་སྐོར་ལེ་གཏམ་གླེང་བགྱིད་རྒྱུ་ཆེད་དུ། ཡ་ཧུ་དཱ་པའི་ཚོགས་ཁང་ལེ་བུད་དི་དིག 20ཚོགས་ཁང་ནང་ལེ་འོད་ཡོད་མི་ཀྱ་ཀྱིས་ཕོལ་ལོལ་ལེ། ཁྱེད་རང་ཉིན་ཁ་ཤས་འདི་རུ་བཞུགས་རོགས་སྨྲས་ཏེ་ཞུ་བ་བརྒྱབ་ནའང་མ་བསྡད་དི་དིག 21ཡིན་ནའང་། ཕོལ་ལོལ་གྱིས་མི་དེ་ཀྱ་དིང་ཁ་གྱེས་རྒྱ། གལ་སྲིད་དཀོན་མཆོག་གིས་ཐུགས་དགོངས་ལེ་འོད་ནི། ང་ཡང་དང་འདི་རུ་འོང་གྱི་ཡིན་ཟིན་སྨྲས་པའི་རྗེས་ལེ། ཁོ་རང་གྲུ་གཟིངས་ལེ་བཞོན་ཏེ་ཨེ་ཕེ་སི་རྒྱལ་ས་དིང་ཁ་བྲལ་ཏེ་བུད་དི་དིག 22ཡང་ཀེ་སར་ཡཱ་རྒྱལ་ས་ལེ་ཕོལ་ལོལ་སླེབས་པི་དིང་། ཁོ་རང་གྲུ་གཟིངས་ནས་བབས་ཏེ་སྟོད་ཕྱོགས་ཡེ་རུ་ས་གླིང་ཆོས་ཚོགས་ཀྱ་ལེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཟེར་དུ་བུད་དི་དིག དེའི་རྗེས་ལེ་སྨད་ཕྱོགས་སིར་ཡཱ་ལུང་པའི་ཨན་ཏི་ཡོག་ཡཱ་རྒྱལ་ས་ལེ་བུད་དི་དིག 23དེ་ནས་ཨན་ཏི་ཡོག་ཡཱ་རྒྱལ་ས་ལེ་ཕོལ་ལོལ་ཉིན་མ་ཁ་ཤས་བསྡད་དི་དིག དེའི་རྗེས་ལེ་ག་ལད་ཡཱ་དིང་ཕ་རུག་ཡཱ་ཟེར་རི་ལུང་པ་དེ་གཉིས་ཀྱི་བརྒྱུད་ནས་ཕྱིན་ཏེ། སྐྱབས་མགོན་ཡེ་ཤུའི་སློབ་མ་ཀྱ་ལེ། དད་པ་བརྟན་པོ་བགྱིད་དགོས་འོད་དིག་ཟིན་སེམས་བཤུགས་སྤར་རི་དིག
ཨ་པོ་ལོ་སི་ཟེར་མཁན་ཁོས་ཨེ་ཕེ་སི་རྒྱལ་ས་ལེ་ཆོས་བཤད་པ།
24དེའི་དུས་ལེ། ཨེ་ལིག་ཟན་དྲི་རྒྱལ་ས་ལེ་སྐྱེས་པའི་ཡ་ཧུ་དཱ་པ་མིང་ལེ་ཨ་པོ་ལོ་སི་ཟེར་མཁན་མི་ཞིག་འོད་དིག མི་དེ་ནི་ལབ་ཟེར་མཁས་པ་འོད་དི་མ་ཟད། གསུང་རབ་སྐོར་ལེ་ཟང་མཁས་པ་འོད་དིག དེ་རྒྱ་མི་དེ་ཨེ་ཕེ་སི་རྒྱལ་ས་ལེ་སླེབས་པི་དིག 25ཁོས་ཇོ་བོ་ཡེ་ཤུའི་ཐར་ལམ་གྱི་སྐོར་ལེ་སྦྱངས་འོད་ཕེན་སེམས་ཤུགས་སྐྱེས་ཏེ་སྐྱབས་མགོན་ཡེ་ཤུས་ཅི་མཛད་པའི་སྐོར་དེ་མི་གཞན་མ་ལེ་དགའ་མོ་བྱས་ཏེ་བསྟན་པི་དིག ཡིན་ནའང་། ཁོས་ཡོ་ཧ་ནན་གྱིས་ཁྲུས་གསོལ་བྱས་པའི་སྐོར་པ་རྐྱང་ཧ་གོ་པི་དིག 26དེ་ནས་ཨེ་པོ་ལོ་སི་ཁོས་ཡ་ཧུ་དཱ་པའི་ཚོགས་ཁང་ནང་ལེ་སྙིང་སྟོབས་ཆེན་པོས་ངང་ནས་ཆོས་བསྟན་ཕེན། ཕུར་སི་ལཱ་དིང་ཨ་ཀུ་ལཱ་ཁོ་གཉིས་ཀྱིས་ཁོས་བསྟན་པའི་ཆོས་དེ་ཐོས་ཏེ། ཁོ་གཉིས་ཀྱིས་རང་གི་ཁྱིམ་ལེ་ཁོ་སྐད་བཏང་པི་དིག ནང་ཚང་དེ་གཉིས་ཀྱིས་ཨ་པོ་ལོ་སི་ཁོ་ལེ། དཀོན་མཆོག་གི་ལམ་བཟང་པོ་དེ་དགའ་མོ་བྱས་ཏེ་འགྲེལ་བཤད་བརྒྱབ་པི་དིག 27ཡང་ཨ་པོ་ལོ་སི་ཁོ་རང་ཨ་ཀ་ཡཱ་ལུང་པ་ལེ་འགྲོ་འདོད་བྱུང་ཕེན། དད་པ་བགྱིད་མཁན་ཀྱ་ཀྱིས་ཟང་ཁོ་ལེ་འགྲོ་དགོས་པའི་སེམས་ཤུགས་སྤར་རི་མ་ཟད། གེ་རིག་གི་ལུང་པ་ལེ་འོད་ཡོད་དད་པ་བགྱིད་མཁན་ཀྱ་ལེ། ཁོ་ལེ་སྣེ་ལེན་དགའ་མོ་གྱིས་ཤིག་ཟིན་ཡི་གེ་ཞིག་བྲིས་པི་དིག དེ་ནས་ཨ་པོ་ལོ་སི་ཁོ་རང་ལུང་པ་དེ་རུ་སླེབས་ཕེན། ཁོས་དཀོན་མཆོག་གི་ཐུགས་རྗེ་གཟིགས་སྐྱོང་གི་བརྒྱུད་ནས་དད་པ་བགྱིད་མཁན་ཀྱ་ལེ་རོགས་རམ་མང་པོ་བྱས་པི་དིག 28ཅི་ལེ་ཟེར་ནི། ཁོས་མི་ཚོགས་ཀྱི་མདུན་དུ་ནུས་མཐུ་ཆེན་པོས་ངང་ནས་ཡ་ཧུ་དཱ་པ་ཀྱ་ལེ་ནན་གྱིས་རྩོད་གླེང་བྱས་ཏེ། དཀོན་མཆོག་གི་གསུང་རབ་ནས་ལུང་དྲངས་ཏེ་ཡེ་ཤུ་ཁོང་ནི་སྐྱབས་མགོན་དེ་ཡིན་དིག་ཟིན་གསལ་པོ་བྱས་ཏེ་བསྟན་པི་དིག །
Currently Selected:
མཛད་པ། 18: DLPO
Highlight
Copy
Compare
Share
Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.