YouVersion Logo
Search Icon

༡ ཐེ་ས་ལོ་ནི་ཀེ་པ། 5

5
གཙོ་བོའི་ཉིན་མ།
1སྤུན་ཟླ་ཀྱ་བོ། དུས་དང་ནམ་དུས་ཀྱི་སྐོར་ལ་ཁྱེད་ཀྱ་ལ་འབྲི་དགོས་ཡས་མེད། 2གི་བྱས་རེ་སྨྲ་ན་མཚན་མོ་རྐུན་མ་འོང་གིན་ཅོག་རེ། གཙོ་བོའི་ཉིན་མ་འོང་གི་ལགས་སྨྲས་རེ་ཁྱེད་ཀྱ་ག་མོ་མ་ཤེས་ལ་ལགས། 3མི་ཀྱ་ཡིས་དུས་དེ་ཞི་བདེ་དང་བརྟན་ད་འདུག་སྨྲིས་གང་ལ། ཧ་ཏག་པ་ལ་སྐྱེས་དམན་གྱི་སྐྱེས་ཟུག་ལངས་ཀྱིན་ཅོག་རེ་ཁོང་ཀྱ་ཁར་ལ་གཏོར་སྐྱོན་འོང་གི་ལགས། དེ་ནས་ཁོང་ཀྱ་ག་ནས་འང་ཐར་གྱི་མ་ལགས། 4ཡིན་ནའང་ཁྱེད་སྤུན་ཀྱ། མུན་ནག་པ་ལ་མེད་བསྡད་ཀྱིན་བྱེད་རེ། གཙོ་བོའི་ཉིན་མ་དེ་རྐུན་མ་ཅོག་རེ་ཡོང་ན་ཁྱེད་ཀྱ་ཧ་མེད་ལས་ཀྱི་ལགས། 5གི་བྱས་རེ་སྨྲ་ན་ཁྱེད་གི་རི་འོད་དང་ཉིན་མའི་སྲས་ལགས། འོ་རང་ཀྱ་མཚན་མོ་དང་མུན་ནག་གི་མ་ལགས། 6འོ་བྱས་རེ་གཞན་མ་ཀྱ་ཅོག་རེ་འོ་རང་གཉིད་ལོག་སྟེ་མ་བསྡད་ད། སྤྱང་ཛེ་བྱས་རེ་ཚོད་ཟིམ་ཏེ་བསྡད་དོ། 7གི་བྱས་རེ་སྨྲ་ན་གཉིད་ལོག་མཁན་ཀྱ་མཚན་མོ་ཉལ་ལ་ལགས། དེ་ནས་འཐུང་རེ་བཟི་མཁན་ཀྱ་མཚན་མོ་རང་བཟི་ལ་ལགས། 8ཡིན་ནའང་འོ་རང་ཉིན་མོ་ལ་བསྡད་ཀྱིན་བྱས་རེ་སྤྱང་ཛེ་བྱེད། དེ་ནས་དད་པ་དང་བྱམས་པ་ཡི་ཁྲབ་དང་། ཐར་པ་ཡི་རེ་བའི་ལྕགས་ཞྭ་གོན། 9གི་བྱས་རེ་སྨྲ་ན་དཀོན་མཆོག་གིས་འོ་རང་ལ་ཁོང་པ་ཡི་ཐུགས་ཁྲོ་མྱངས་ཡས་ལ་བདམས་མ་མ་མཛད་པ་ལགས། ཡིན་ནའང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཐར་པ་འཐོབ་ཡས་ཀྱི་ཕྱིར་ལ་བདམས་མ་མཛད་པ་ལགས། 10འོ་རང་གསོན་པོ་བསྡད་ན་ཤི་འོད་ན། ཁོང་པ་མུ་ལ་རང་བསྡད་ཡས་ལ་ཁོང་པ་འོ་རི་ཕྱིར་ལ་གྲོངས་མཛད་པ་ལགས། 11འོ་བྱས་རེ་ཁྱེད་ཀྱ་ད་ལྟ་ཐུག་པའི་བྱེད་ཀྱིན་ཅོག་རེ་སྤུན་གཅིག་གིས་གཅིག་ལ་སེམས་གསོ་སྤོར། དེ་ནས་དད་པ་ལ་ཤུགས་ཆེ་རུ་འགྲོ་ཡས་ལ་རོགས་བ་བྱེད།
མཐའ་མའི་བསླབ་བྱ་དང་འཚམས་འདྲི།
12སྤུན་ཟླ་ཀྱ་བོ། ཁྱེད་ཀྱི་ཁོག་ཏུ་དཀའ་ལས་བརྒྱབ་མཁན་དང་། གཙོ་བོའི་ཕྱིར་ལ་ཁྱེད་ཀྱ་ཡི་འགོ་ཁྲིད་བྱུང་རེ་ཁྱེད་ཀྱ་ལ་བསླབ་བྱ་གནང་མཁན་ཀྱ་ལ་གུས་ཞབས་བྱེད། 13དེ་ནས་ཁོང་ཀྱ་ཡི་ལས་ཀ་ཡི་བྱས་རེ་ཁོང་ཀྱ་ལ་བྱམས་པའི་ཐོག་ནས་དམི་ཅིག་གི་གུས་ཞབས་བྱེད། ཁྱེད་རང་ཀྱ་ནང་དུ་འཆམས་པོ་མ་བྱས་རེ་སྡོད། 14སྤུན་ཀྱ་བོ། ལས་མེད་ལམ་མཁན་ཀྱ་ལ་བསླབ་བྱ་སྟེར། སྙིང་ཆུང་བ་ཀྱ་ལ་སེམས་གསོ་སྤོར། སྐྱོ་བ་ཀྱ་ལ་རོགས་བ་བྱེད། དེ་ནས་གི་རི་མུ་ལ་བཟོད་པ་སྒོམ་སྨྲས་རེ་ཁྱེད་ཀྱ་ལ་སྐུལ་ལ་ཡིན། 15སུས་འང་ངན་པའི་ཚབ་ལ་ངན་པ་མ་བྱེད། ཡིན་ནའང་གཅིག་གིས་གཅིག་དང་གི་རི་མུ་ལ་ནམ་ཡིན་ན་བཟང་པོ་བྱེད་ཡས་ལ་ཐབས་ཤེས་བྱེད།
16ཙོག་བའི་ཉམ་དགའ་བྱེད། 17སྨོན་ལམ་མེད་ཆད་ད་རྒྱོབ། 18གནས་ཚུལ་ག་རེ་འོད་ན་ཐུགས་རྗེ་ཆེ་ཞུས། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡི་ཕྱིར་ལ་ཡེ་ཤུ་མཱ་ཤི་ཀའི་ཐོག་ནས་དཀོན་མཆོག་གི་ཐུགས་དགོངས་དེ་རང་ལགས། 19དམ་པའི་ཐུགས་ཉིད་ལ་མ་བསད། 20མངོན་ཤེས་ཀྱ་ལ་སྣང་མེད་མ་བྱེད། 21ཡིན་ནའང་གི་རི་ལ་ཚོད་ལྟ་བྱེད། དེ་ནས་བཟང་ང་གོ་ལ་བརྟན་པོ་མ་ཟིམ་ཏེ་སྡོད། 22ངན་པ་གི་རི་ནས་འཛེམ་སྟེ་སྡོད། 23ད་ཞི་བདེའི་དཀོན་མཆོག་གིས་རང་ཁྱེད་ཀྱ་ནང་འོད་ཀྱིན་གི་རི་དམ་པ་མཛད་ད་ཤོག དེ་ནས་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཕེབས་བའི་གང་ལ། ཁྱེད་ཀྱ་ཡི་སེམས་ཉིད་དང་། སེམས་དང་། ལུས་གི་རི་སྐྱོན་མེད་ཀྱིན་སྲུང་བར་ཤོག 24ཁྱེད་ཀྱ་ལ་འབོད་གནང་མཁན་ཁོང་པ་ནི་བློ་བཀལ་ཐུབ་ཀྱིན་འདུག དེ་ནས་ཁོང་པ་ཡིས་དེ་དངོས་གནས་རང་མཛད་ཀྱི་ལགས།
25སྤུན་ཀྱ་བོ། འི་ཀི་ཕྱིར་ལ་སྨོན་ལམ་ཞུས། 26སྤུན་ཟླ་གི་རི་ལ་བྱམས་པའི་ཐོག་ནས་དམ་པའི་འོ་ཡིས་འཚམས་འདྲི་ཞུས། 27འདི་ཡིག་དེ་སྤུན་ཟླ་གི་རིའི་གདོང་དུ་སྒྲོག་རོགས་བྱེད་སྨྲས་རེ་གཙོ་བོའི་མཚན་ནས་ང་བསྐུལ་ལ་ཡིན། 28འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ཁྱེད་ཀྱ་མུ་ལ་འོང་བར་ཤོག །།

Highlight

Copy

Compare

Share

None

Want to have your highlights saved across all your devices? Sign up or sign in