༡ ཀོ་རིན་ཐུ་པ། 9
9
སྐུ་ཚབ་ཀྱི་དབང་ཆ།
1ང་ལ་རང་དབང་མེད་ད་ལེ། ང་སྐུ་ཚབ་གཅིག་མ་ལེ། ངས་འོ་རི་གཙོ་བོ་ཡེ་ཤུ་ལ་མཇལ་མ་མྱོང་བ་ལེ། གཙོ་བོའི་ནང་ངའི་ལས་ཀའི་འབྲས་བུ་གོ་ཁྱེད་ཀྱ་མ་ལེ། 2མི་གཞན་མ་ཀྱ་ཡི་ཆེད་དུ་ང་སྐུ་ཚབ་གཅིག་མིན་ནའང་། ཁྱེད་ཀྱི་ཆེད་དུ་ང་ཡིན། གི་བྱས་རེ་སྨྲ་ན་གཙོ་བོའི་ནང་ང་སྐུ་ཚབ་གཅིག་ཡིན་གྱིན་གྱི་རྟགས་གོ་ཁྱེད་ཀྱ་ལགས། 3ང་ལ་ཁ་བཏང་མཁན་ཀྱ་ཡི་ཆེད་དུ་ངའི་ལན་ནི་དེ་ལགས། 4འེ་ཀྱ་ལ་ཟ་འཐུང་བྱེད་ཡས་ཀྱི་དབང་ཆ་མེད་ད་ལེ། 5གཞན་མ་སྐུ་ཚབ་ཀྱ་དང་། གཙོ་བོའི་ནུ་བོ་ཀྱ་དང་། ཀེ་ཕཱས་ཅོག་རེ་འེ་ཀྱ་ལ་དད་པ་བྱེད་ཀྱིན་སྐྱེས་དམན་འཁྲིད་དེ་འགྲོ་ཡས་ཀྱི་དབང་ཆ་མེད་ད་ལེ། 6ཡང་ན་ང་དང་བར་ན་བཱ་གཅིག་ཀ་རང་གི་འཚོ་བ་བསྐྱལ་ཡས་ལ་ལས་ཀ་མི་བྱེད་ཡས་ཀྱི་དབང་ཆ་མེད་ད་ལེ། 7རང་གི་འགྲོ་སོང་བཏང་རེ་དམག་མི་ལས་ཀ་སུས་བྱེད་ཀྱི་ལགས་སེ། རྒུན་འབྲུམ་གྱི་ལྡུམ་ར་བཏབ་སྟེ་འོ་དེའི་འབྲས་བུ་གོ་སུས་མེད་ཟ་གི་ལགས་སེ། ར་ལུག་ཁྱུ་བཅངས་རེ་སུས་འོ་དེའི་འོ་མ་མི་འཐུང་གི་ལགས་སེ།
8མིའི་བསམ་ཚུལ་ནས་གཅིག་ཀ་ང་དེ་རེ་སྨྲ་ལགས་སེ། ཆོས་ཁྲིམས་ཀྱིས་འང་དེ་རེ་རང་མི་གསུངས་བའི། 9གི་བྱས་རེ་སྨྲ་ན་མོ་ཤེའི་ཆོས་ཁྲིམས་ལ་དེ་རེ་བྲིས་འོད་ད་ལགས། སྙི་མ་བཅག་གིན་གླུང་གི་ཁ་ལ་ཁ་བོ་མ་བཀག། ད་གླུང་ཀྱ་ཡི་ཆེད་དུ་དཀོན་མཆོག་ཐུགས་ཁུར་ར་མཛད་ད་ལགས་སེ། 10ཁོང་པ་ཡིས་དེ་འོ་རང་ཀྱ་ཡི་ཆེད་དུ་རང་གསུངས་ང་མ་ལེ། དེ་ནི་འོ་རང་ཀྱ་ཡི་ཆེད་དུ་རང་གསུངས་བ་ལགས། གི་བྱས་རེ་སྨྲ་ན་ཞིང་རྨོ་མཁན་དང་སྙི་མ་བཅག་མཁན་གྱིས། ལོ་ཏོག་གི་སྐལ་ད་འཐོབ་ཡས་ཀྱི་རེ་བ་བྱས་རེ་ལས་ཀ་བྱེད་དགོས་ལ་ལགས།
11འེ་ཀྱ་ཡིས་ཁྱེད་ཀྱི་ཁོག་ཏུ་སེམས་ཉིད་ཀྱི་ས་ང་བཏབ་འོད་ན། ཁྱེད་ཀྱི་འཇིག་རྟེན་གྱི་ཡོང་ཁུངས་ནས་འི་ཀིས་ལོ་ཏོག་སྡུད་མེད་ཆོག་བ་ལེ། 12གཞན་མ་ཀྱ་ལ་ཁྱེད་ཀྱི་ཡོང་ཁུངས་ནས་རོགས་རམ་འཐོབ་ཡས་ཀྱི་དབང་ཆ་འོད་ན། འེ་ཀྱ་ལ་དེ་ལས་ཆེ་དབང་ཆ་འོད་ད་མ་ལེ། གི་ཡིན་ན་འི་ཀིས་དེ་དབང་ཆ་ཡི་བེད་སྤྱོད་མ་བྱས་འོད། ཡིན་ནའང་མཱ་ཤི་ཀའི་གཏམ་བཟང་ལ་གནོད་མེད་བསྐྱལ་ཡས་ཀྱི་ཆེད་དུ། འེ་ཀྱ་དོན་གི་རི་ལ་བཟོད་སྒོམ་བྱེད་འདིག་འོད། 13མཆོད་ཁང་དུ་ཞབས་ཕྱི་ཞུ་མཁན་གྱིས་རང་གི་ཟ་མ་མཆོད་ཁང་ནས་རང་ཟ་ལགས། དེ་ནས་མཆོད་ཁྲི་ལ་ཞབས་ཕྱི་ཞུ་མཁན་གྱིས་མཆོད་པ་ནས་རང་། རང་གི་སྐལ་ད་ལེན་ད་ལགས་སྨྲས་རེ་ཁྱེད་ཀྱ་མེད་ཤེས་ལ་ལེ། 14དེ་རེ་རང་བྱས་རེ་གཏམ་བཟང་བཤད་མཁན་ཀྱ་ལའང་གཏམ་བཟང་བཤད་ཀྱིན་ལས་ཀའི་སྒོ་ནས་རང་། འཚོ་བ་བསྐྱལ་ཡས་ལ་རོགས་རམ་འཐོབ་དགོས་གུ་ལགས་སྨྲས་རེ་གཙོ་བོ་ཡིས་བཀའ་གནང་འོད་ད་ལགས།
15ཡིིན་ནའང་དེ་དབང་ཆ་ཀྱ་ནས་ངས་གཅིག་འང་བེད་སྤྱོད་མ་བྱས་འོད། དེ་ནས་ཁྱེད་ཀྱ་ཡིས་ང་ལ་དེ་རེ་བྱེད་ད་ཤོག་སྨྲས་རེ་ངས་དོན་དེ་ཀྱ་བྲིས་བ་མིན། གི་བྱས་རེ་སྨྲ་ན་ངས་ངོམ་གསོ་བྱེད་ཡས་ཀྱི་དོན་དེ་ང་ནས་འཕྲོག་ཏུ་བཅུག་བ་ལས་ང་ཤི་ན་དགའ་གུ་ལགས། 16འོ་བྱས་རེ་ངས་གཏམ་བཟང་བཤད་ན། ང་ལ་ངོམ་གསོ་བྱེད་ཡས་ཀྱི་དོན་གིའང་མེད། གི་བྱས་རེ་སྨྲ་ན་གཏམ་བཟང་བཤད་ཡས་མ་ན་ང་ལ་ཐབས་ཤེས་གཞན་མ་མེད། ངས་གཏམ་བཟང་མེད་བཤད་ན་ང་ལ་ཆད་པ་ཕོག་བར་ཤོག། 17གི་བྱས་རེ་སྨྲ་ན་ང་ང་རི་འཐད་དེ་གཏམ་བཟང་བཤད་ན། ང་ལ་བྱ་དགའ་འོད། ཡིན་ནའང་ངས་ང་རི་འཐད་དེ་མིན་ནའང་། གཏམ་བཟང་བཤད་ཡས་ཀྱི་འགན་དེ་ང་ལ་བཅོལ་བ་ལགས། 18ད་ཧ་ན་ངའི་བྱ་དགའ་གོ་གི་ལེ། གཏམ་བཟང་བཤད་ཡས་ཀྱི་ལས་ཀ་ལ་ང་རི་དབང་ཆའི་ཐོབ་ཐང་མེད་བཙལ་ལ། དེ་ནས་རིན་མེད་ལེན་ད་གཏམ་བཟང་བཤད་ཡས་རག་ཡས་དེ་གཅིག་ཀ་ངའི་བྱ་དགའ་ལགས།
19ང་མི་སུའང་འོག་ཏུ་མེད་ནའང་། ཡིན་ནའང་མི་མང་ང་ཡི་སེམས་སྐྱོབ་ཡས་ཀྱི་ཆེད་དུ། ང་ང་རང་གི་རིའི་གཡོག་པོ་བྱུང་འོད། 20ཡ་ཧུ་དཱ་པ་ཀྱ་ཡི་སེམས་སྐྱོབ་ཡས་ཀྱི་ཆེད་དུ། ང་ཡ་ཧུ་དཱ་པ་ཀྱ་མུ་ལ་ཡ་ཧུ་དཱ་པ་ཅོག་རེ་རང་བྱུང་བའི། ཆོས་ཁྲིམས་ཀྱི་འོག་ཏུ་འོད་མཁན་ཀྱ་ཡི་སེམས་སྐྱོབ་ཡས་ཀྱི་ཆེད་དུ། (ང་ང་རང་ཆོས་ཁྲིམས་ཀྱི་འོག་ཏུ་མེད་ནའང་།) ང་ཆོས་ཁྲིམས་ཀྱི་འོག་ཏུ་འོད་མཁན་ཀྱ་མུ་ལ་ཆོས་ཁྲིམས་ཀྱི་འོག་ཏུ་བསྡད་མཁན་ཀྱ་ཅོག་རེ་བྱུང་བའི། 21ཆོས་ཁྲིམས་མེད་ཀྱིན་ཀྱ་ཡི་སེམས་སྐྱོབ་ཡས་ཀྱི་ཆེད་དུ། ང་ཆོས་ཁྲིམས་མེད་མཁན་ཀྱ་མུ་ལ་ཆོས་ཁྲིམས་མེད་མཁན་ཅོག་རེ་བྱུང་བའི། ཡིན་ནའང་ང་ང་རང་དཀོན་མཆོག་གི་ཆོས་ཁྲིམས་ནས་བྲལ་རེ་མིན་ད། ང་མཱ་ཤི་ཀའི་ཁྲིམས་འོག་ལ་བསྡད་འོད་ད་ལགས། 22དད་པ་ལ་སྐྱོ་བ་འོད་མཁན་ཀྱ་ཡི་སེམས་སྐྱོབ་ཡས་ཀྱི་ཆེད་དུ། ང་དད་པ་ལ་སྐྱོ་བ་འོད་མཁན་ཀྱ་མུ་ལ་དད་པ་སྐྱོ་བ་ཅོག་རེ་བྱུང་བའི། ཐབས་ཤེས་གི་རིའི་ཐོག་ནས་མི་རིང་འགའ་ཡི་སེམས་སྐྱོབ་ཡས་ཀྱི་ཆེད་དུ། ང་མི་གི་རི་ཆེད་དུ་དེ་གི་རི་བྱུང་བའི།
23མི་གཞན་མ་ཀྱ་ཡི་མུ་ལ་གཏམ་བཟང་གི་བྱིན་རླབས་འཐོབ་ཡས་ཀྱི་ཆེད་དུ། ང་དེ་གི་རི་གཏམ་བཟང་གི་ཆེད་དུ་བྱེད་ད་ཡིན། 24བང་བཏང་གིན་འགྲན་བསྡུར་ལ་བང་བཏང་མཁན་གི་རི་བང་བཏང་ང་ལགས། ཡིན་ནའང་བྱ་དགའ་གོ་གཅིག་ལ་གཅིག་ཀ་འཐོབ་པ་ལགས་སྨྲས་རེ་ཁྱེད་ཀྱ་ལ་ཤེས་ཡས་མེད་དེ། འོ་བྱས་རེ་བྱ་དགའ་འཐོབ་ཡས་ཀྱི་ཆེད་དུ་བང་གཏོང་། 25རྩེད་མོ་ལ་བསྡུར་མཁན་ཀྱ་དོན་གི་རི་ལ་རང་ཚོད་ཟིམ་གྱིན་འོང་ང་ལགས། ཁོང་ཀྱ་མེད་ད་ལ་འགྲོ་གིན་བྱ་དགའ་ཡི་ཆེད་དུ་དེ་རེ་བྱེད་ད་ལགས། ཡིན་ནའང་འོ་རང་ཀྱ་མེད་ད་ལ་མེད་འགྲོ་གིན་བྱ་དགའ་ཡི་ཆེད་དུ་བྱེད་ད་ལགས། 26འོ་བྱས་རེ་ང་དམིགས་ཡུལ་མེད་བཞག་བ་བང་མེད་བཏང་འོད། དེ་ནས་རླུང་པོ་ལ་མཛོག་རི་བཞུས་གིན་ཅོག་རེ་ང་མི་བཞུས་འོད། 27ཡིན་ནའང་མི་གཞན་མ་ཀྱ་ལ་གཏམ་བཟང་བཤད་ཚར་ཏེ། ང་ང་རང་གི་བྱ་དགའ་གོ་མེད་ཤོར་ཡས་ཀྱི་ཆེད་དུ། ང་ང་རི་ལུས་ལ་ཚོད་ཟིམ་ཏེ་དབང་འོག་ཏུ་སྡུད་ལི་འོད།།
Currently Selected:
༡ ཀོ་རིན་ཐུ་པ། 9: LOY
Highlight
Copy
Compare
Share
Want to have your highlights saved across all your devices? Sign up or sign in
© 2023, Wycliffe Bible Translators, Inc. and Nepal Bible Society