༡ ཀོ་རིན་ཐུ་པ། 10
10
ཡིས་ར་ཨེལ་གྱི་ལོ་རྒྱུས་ཀྱི་ཐོག་ནས་ཉེན་བརྡ།
1སྤུན་ཀྱ་བོ། ཁྱེད་ཀྱ་ཡིས་དེ་ལབ་ཀྱ་ཤེས་ལ་བྱེད་སྨྲས་རེ་ང་འདོད་འདིག་འོད། འོ་རི་དང་པོའི་ཕ་མ་ཀྱ་རོ་སྟོང་དུ་འོད་དེ་གང་ལ། གི་རི་སྲིང་པའི་འོག་ལ་གནས་བ་ལགས། དེ་ནས་ཁོང་ཀྱ་གི་རི་རྒྱ་མཚོ་གུང་ནས་སོང་བ་ལགས།#ལེགས་བཤད། ༡༣:༢༡-༢༢ 2དེ་ནས་སྲིང་པ་དང་རྒྱ་མཚོའི་ཐོག་ནས་ཁོང་ཀྱ་གི་རི་ཡིས་མོ་ཤེའི་ནང་ཁྲུས་གསོལ་ཞུས་བ་ལགས། 3དེ་ནས་ཁོང་ཀྱ་གི་རི་ཡིས་སེམས་ཉིད་ཀྱི་ཟ་མ་གཅིག་པ་བཟས་བ་ལགས། 4དེ་ནས་གི་རི་ཡིས་སེམས་ཉིད་ཀྱི་ཆུ་འཐུང་བ་ལགས། གི་བྱས་རེ་སྨྲ་ན་ཁོང་ཀྱ་མུ་ལ་འོད་ཀྱིན་སེམས་ཉིད་ཀྱི་ཕོང་གིན་གྱི་ཆུ་ཁོང་ཀྱ་ཡིས་འཐུང་བ་ལགས། དེ་ནས་ཕོང་གིན་དེ་མཱ་ཤི་ཀ་ལགས། 5གི་ཡིན་ན་ཁོང་ཀྱ་ནས་མང་ཆེ་མུ་ལ་དཀོན་མཆོག་ཐུགས་མ་མཉེས་བ་ལགས། དེ་ནས་ཁོང་ཀྱ་ཡི་ཕུང་པོ་ཀྱ་རི་སྟོང་དུ་རང་འཐོར་པ་ལགས།
6ཁོང་ཀྱ་ཅོག་རེ་འོ་རང་ཀྱ་ཡིས་འང་ངན་པའི་འདོད་པ་མི་བྱེད་ད་ཤོག་སྨྲས་རེ། དེ་ཀྱ་འོ་རི་ཆེད་དུ་དཔེ་སྟོན་ཡས་ལ་བྱུང་བ་ལགས། 7ཁོང་ཀྱ་ནས་མི་རིང་འགའ་ཀྱ་ཅོག་རེ་ཁྱེད་ཀྱ་ལྷ་སྐུ་འདྲ་ལ་མ་མཆོད། ཁོང་ཀྱ་ཡི་སྐོར་ལ་གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། མི་ཀྱ་ཟ་ཡས་དང་འཐུང་ཡས་ལ་བསྡད་པ་ལགས། དེ་ནས་རྩེད་མོ་རྩེ་ཡས་ལ་ལངས་པ་ལགས།#སྡེབ་ཐོན། ༣༢:༦ 8དེ་ནས་ཁོང་ཀྱ་ཅོག་རེ་འོ་རང་ཀྱ་ལོག་གཡེམ་ལ་ཆུད་ཡས་མེད་ད་ལགས། ཁོང་ཀྱ་ནས་མི་རིང་འགའ་ལོག་གཡེམ་ལ་ཆུད་དེ། ཉིན་མ་གཅིག་ལ་རང་མི་སྟོང་ཕྲག་ཉི་ཤུ་རྩ་གསུམ་ཤི་བ་ལགས།#གྲངས་ཀ། ༢༥:༡-༩ 9དེ་ནས་ཁོང་ཀྱ་ཅོག་རེ་འོ་རང་ཀྱ་མཱ་ཤི་ཀ་ལ་ཚོད་ལྟ་བྱེད་ཡས་མེད་ད་ལགས། ཁོང་ཀྱ་ནས་རིང་འགའ་ཡིས་ཚོད་ལྟ་བྱས་རེ་ཁོང་ཀྱ་སྦྲུལ་གྱི་ཐོག་ནས་ཤི་བ་ལགས། 10དེ་ནས་ཁོང་ཀྱ་ཅོག་རེ་འོ་རང་ཀྱ་སྡུག་སྐད་བརྒྱབ་ཡས་མེད་ད་ལགས། ཁོང་ཀྱ་ནས་རིང་འགའ་ཡིས་སྡུག་སྐད་བརྒྱབ་སྟེ། ཁོང་ཀྱ་ལ་སྲོག་བཅད་མཁན་བང་ཆེན་གྱིས་མེད་ད་ལ་མཛད་པ་ལགས།
11ཁོང་ཀྱ་ཁར་ལ་བྱུང་བྱ་དེ་གི་རི་འོ་རི་ཆེད་དུ་དཔེ་འབྱུང་ཡས་ལ་ལགས། དེ་ནས་འོ་རང་དུས་ཀྱི་མཐའ་ལ་སླེབས་འོད་མཁན་ཀྱ་ལ། ཉེན་བརྡ་འབྱུང་ཡས་ལ་དེ་ཀྱ་བྲིས་ཏེ་བཞག་འོད་ད་ལགས།
12འོ་བྱས་རེ་ཁྱེད་ཀྱ་བརྟན་པོ་གནས་ཏེ་བསྡད་འོད་བསམས་མཁན་ཀྱ། མི་ལྷིམ་ཡས་ཀྱི་ཆེད་དུ་གཟབ་གཟབ་བྱེད། 13མི་ཀྱ་ལ་བབ་ཀྱིན་ཚོད་ལྟ་མ་ན། ཁྱེད་ཀྱ་གཞན་མ་ཚོད་ལྟ་ལ་ཆུད་མ་མྱོང་འོད་ད་ལགས། ཡིན་ནའང་དཀོན་མཆོག་ནི་བློ་གཏད་ཆོག་པ་འོད་ད་ལགས། དེ་ནས་ཁོང་པ་ཡིས་ཁྱེད་ཀྱ་ཡི་སྒོམ་མི་ཐུབ་ཀྱིན་ཚོད་ལྟ་ནང་དུ་ཆུད་དུ་བཅུག་བ་མཛད་ཀྱི་མ་ལགས། ཡིན་ནའང་ཁྱེད་ཀྱ་ཚོད་ལ་ཆུད་ནའང་ཁྱེད་ཀྱ་ཡི་སྒོམ་ཐུབ་པར་ཤོག་སྨྲས་རེ། ཁོང་པ་ཡིས་ཁྱེད་ཀྱ་ལ་ཚོད་ལྟ་ནས་འཐར་གྱིན་ལམ་གོའང་སྟོན་ད་མཛད་ཀྱི་ལགས།
ལྷ་སྐུ་འདྲ་ལ་མེད་མཆོད་ཡས་ཀྱི་སྐོར་ལ།
14འོ་བྱས་རེ་ངའི་གཅེས་བའི་རོགས་བ་ཀྱ་བོ། ལྷ་སྐུ་འདྲ་ལ་མཆོད་ཡས་ནས་འཛེམ་ཏེ་སྡོད། 15ཤེས་རབ་ཅན་མི་ཀྱ་ལ་ཅོག་རེ་ང་ཁྱེད་ཀྱ་ལ་སྨྲ་ཡིན། དེ་ནས་ངས་སྨྲ་གིན་ལབ་ཀྱ་ལ་ཁྱེད་ཀྱ་རང་བརྟག་དཔྱད་བྱེད། 16དམ་པའི་བསུ་རེ་ཕོ་རའི་ཆེད་དུ་འོ་རང་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ་ལི་གང་ལ། འོ་རང་མཱ་ཤི་ཀའི་སྐུ་ཁྲག་མུ་ལ་འཐད་ལ་མ་ལེ། དེ་ནས་འོ་དེ་གྱང་ག་གོ་བཅག་བའི་གང་ལ། འོ་རང་མཱ་ཤི་ཀའི་སྐུ་ལུས་ལ་འཐད་ལ་མ་ལེ། 17གི་བྱས་རེ་སྨྲ་ན་གྱང་ག་གོ་གཅིག་རང་འོད་ད་ལགས། དེ་ནས་འོ་རང་གི་རི་གྱང་ག་གཅིག་ནས་རང་ཟ་གིན་བྱས་རེ། འོ་རང་མང་ང་འོད་ཀྱིན་ཀྱ་ལུས་གཅིག་ལགས། 18ཡིས་ར་ཨེལ་གྱི་མི་རིགས་ལ་ལྟོས། མཆོད་ཁྲི་ཁར་ལ་ཕུལ་པ་མཆོད་པ་ནས་ཟ་མཁན་ཀྱ་མཆོད་ཁྲིའི་མཆོད་པ་ལ་ཐེ་ལ་མ་ལེ། 19ད་ཧ་ན་ངས་སྨྲ་གིན་གྱི་དོན་གོ་སྐུ་འདྲ་ལ་ཕུལ་པ་མཆོད་པ་དེ་ཟ་མ་ནས་ལྷག། ཡང་ན་སྐུ་འདྲ་ཁོ་རང་དངོས་གནས་ལགས་སྨྲས་རེ་སྨྲ་ལགས་སེ། 20དེ་རེ་མ་ལགས། ལྷ་སྐུ་འདྲ་ལ་མཆོད་མཁན་ཀྱ་ཡིས་དཀོན་མཆོག་ལ་མིན་ད། འདྲེ་ཀྱ་ལ་མཆོད་པ་འབུལ་ལ་ལགས་སྨྲས་རེ་ང་སྨྲ་ཡིན། དེ་ནས་ཁྱེད་ཀྱ་འདྲེ་ཀྱ་མུ་ལ་ཐེ་ཀྱིན་གོ་ང་མེད་འདོད་འོད། 21ཁྱེད་ཀྱ་གཙོ་བོའི་ཕོ་ར་དང་འདྲེ་ཀྱའི་ཕོ་ར་གཉིས་ཀ་ར་ནས་འཐུང་མི་ཐུབ་བ་ལགས། དེ་ནས་ཁྱེད་ཀྱ་གཙོ་བོའི་གསོལ་ལྕོག་དང་འདྲེ་ཀྱའི་ལྕོག་རྩེ་གཉིས་ཀ་ར་ནས་ཟ་མི་ཐུབ་བ་ལགས། 22འོ་རང་གཙོ་བོ་ལ་ཕྲག་དོག་བསླངས་དུ་བཅུག་ཡས། འོ་རང་ཁོང་པ་ནས་ཤུགས་ཆེ་འོད་ད་ལགས་སེ།
དད་པ་བྱེད་མཁན་ཀྱ་ཡི་རང་དབང་གི་སྐོར།
23ཁྱེད་ཀྱ་ཡིས་ངས་གི་བྱེད་ན་བྱེད་ཆོག་བ་ལགས་སྨྲས་རེ་སྨྲ་ལགས། ཡིན་ནའང་གི་རི་ཕན་མེད་ཐོགས་བ་ལགས། ཁྱེད་ཀྱ་ཡིས་ངས་གི་བྱེད་ན་བྱེད་ཆོག་བ་ལགས་སྨྲས་རེ་སྨྲ་ལགས། ཡིན་ནའང་གི་རི་ཡིས་ཡར་རྒྱས་མེད་བཏང་ང་ལགས། 24མི་སུས་འང་རང་གི་ཕན་ཐོགས་མེད་བཙལ་ལ་གཞན་མ་ཡི་ཕན་ཐོགས་བཙལ་དགོས།
25ཤ་ཁྲོམ་དུ་བཙོང་དུ་བཞག་ཞ་ཟ་མ་གི་འོད་ན། འོ་དེ་བཟང་ང་ཡང་ན་ངན་པའི་ཐག་བཅད་ཀྱིན་ཁྱོའི་ཤེས་ཡོན་གྱི་སྒོ་ནས་དྲི་བ་གིན་ད་མི་འདྲི་ལ་ཟོ། 26གི་བྱས་རེ་སྨྲ་ན་འཇིག་རྟེན་དང་འོ་དེ་ནང་ལ་འོད་ཀྱིན་གི་རི་གཙོ་བོའི་ལགས།#གསུང་མགུར། ༢༤:༡ 27དད་པ་མི་བྱེད་མཁན་མི་གཅིག་གིས་ཁྱོད་ལ་མགྲོན་ལ་བོས་ན། དེ་ནས་ཁྱོད་འགྲོ་ཉིད་འདོད་ན། ཁྱོའི་གདོང་དུ་གི་བཞག་འོད་ན། འོ་དེ་གོ་བཟང་ང་ཡང་ན་ངན་པའི་ཐག་བཅད་ཀྱིན་ཁྱོའི་ཤེས་ཡོན་གྱི་སྒོ་ནས་དྲི་བ་མི་འདྲི་ལ་ཟོ། 28ཡིན་ནའང་མི་གཅིག་གིས་ཁྱོད་ལ་དེ་ནི་མཆོད་པ་ལ་ཕུལ་པ་ལགས་སྨྲས་རེ་སྨྲ་ན། འོ་དེ་སྨྲ་གིན་མི་དང་བཟང་ང་ཡང་ན་ངན་པའི་ཐག་བཅད་ཀྱིན་ཤེས་ཡོན་གྱི་ཕྱིར་ལ་འོ་དེ་མ་ཟ། 29ང་ཁྱོའི་ཤེས་ཡོན་གྱི་མིན་ད་འོ་དེ་སྨྲ་གིན་མིའི་ཤེས་ཡོན་གྱི་སྐོར་ལ་སྨྲ་ཡིན། ངའི་རང་དབང་གི་སྐོར་ལ་མི་གཞན་མ་ཡི་ཤེས་ཡོན་གྱི་གི་བྱས་རེ་ཚོད་བྱེད་ཡས། 30ཡང་ངས་བཀའ་དྲིན་ཆེ་ཞུས་རེ་ཟ་ན། ངས་བཀའ་དྲིན་ཆེ་ཞུས་རེ་ཟ་གིན་གོ་ལ་མི་གཞན་མ་ཡིས་ང་ལ་གི་བྱས་རེ་སྐྱོན་བཅུག་ཡས། 31འོ་བྱས་རེ་ཁྱེད་ཀྱ་ཟ་ན། ཡང་ན་འཐུང་ན། ཡང་ན་གི་བྱེད་ན། གི་རི་དཀོན་མཆོག་གི་གཟི་བརྗིད་ཀྱི་ཆེད་དུ་བྱེད། 32-33ངས་མི་གི་རི་ལ་དོན་གི་རིའི་ཐོག་ནས་དགའ་རུ་བཅུག་ཡས་ཀྱི་ཐབས་ཤེས་བྱེད་ཀྱིན་ཅོག་རེ། ཁྱེད་ཀྱ་ཡ་ཧུ་དཱ་པ་ཡིན་ན། གྷི་རིག་ཡིན་ན། ཡང་ན་དཀོན་མཆོག་གི་ཆོས་ཚོགས་ཀྱི་ཡིན་ན། ཁོང་ཀྱ་ཡི་ཆེད་དུ་བཀག་རྡོ་བྱུང་གིན་ལས་ཀ་གིའང་མ་བྱེད། གི་བྱས་རེ་སྨྲ་ན་ཁོང་ཀྱ་ལ་ཐར་པ་འཐོབ་ཡས་ཀྱི་ཆེད་དུ་ང་རང་གི་ཕན་ཐོགས་མིན་ད། མི་མང་ང་ཡི་ཕན་ཐོགས་བཙལ་ལི་འོད།།
Currently Selected:
༡ ཀོ་རིན་ཐུ་པ། 10: LOY
Highlight
Copy
Compare
Share
Want to have your highlights saved across all your devices? Sign up or sign in
© 2023, Wycliffe Bible Translators, Inc. and Nepal Bible Society