དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ།
གཙོ་བོ་དཀོན་མཆོག་གིས་ནི་འདི་སྐད༌དུ།།
བདག་གིས་རང་གི་ཚེ་སྲོག་དཔངས་བཙུགས་ནས།།
དམ་བཅའ་འདི་ལྟར་བཞག་པ་ཡིན་ལགས་ཏེ།།
པུས་མོ་ཀུན་གྱིས་བདག་ལ་ཕྱག་འཚལ༌ཞིང༌།།
ཀུན་གྱི་ངག་ནས་བདག་ནི་ཁས་ལེན༌བྱེད།།
ཅེས༌བཀོད་པའོ།། དེའི༌ཕྱིར། བདག་ཅག་མི་རེ་རེས་རང་གི་དོན་རྣམས་དཀོན་མཆོག་གི་དྲུང་དུ་རྒྱུ་མཚན་གསལ་པོར་བཤད་པར་ངེས་སོ།།