རོ་མཱ་པ། 14:11-12
རོ་མཱ་པ། 14:11-12 NTB
དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། གཙོ་བོ་དཀོན་མཆོག་གིས་ནི་འདི་སྐད༌དུ།། བདག་གིས་རང་གི་ཚེ་སྲོག་དཔངས་བཙུགས་ནས།། དམ་བཅའ་འདི་ལྟར་བཞག་པ་ཡིན་ལགས་ཏེ།། པུས་མོ་ཀུན་གྱིས་བདག་ལ་ཕྱག་འཚལ༌ཞིང༌།། ཀུན་གྱི་ངག་ནས་བདག་ནི་ཁས་ལེན༌བྱེད།། ཅེས༌བཀོད་པའོ།། དེའི༌ཕྱིར། བདག་ཅག་མི་རེ་རེས་རང་གི་དོན་རྣམས་དཀོན་མཆོག་གི་དྲུང་དུ་རྒྱུ་མཚན་གསལ་པོར་བཤད་པར་ངེས་སོ།།






