1
རོ་མཱ་པ། 13:14
New Tibetan Bible བོད་འགྱུར་གསར་མ།
NTB
གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནི་གོས་བཞིན་དུ་ལུས་ལ་གྱོན༌ཏེ། ཤ་གཟུགས་ཀྱི་ཕུང་བོའི་འདོད་པ་ཚིམ་པར་བྱེད་པའི་བསམ་པ་སྤོངས་ཤིག།།
Compare
Explore རོ་མཱ་པ། 13:14
2
རོ་མཱ་པ། 13:8
སྤྱིར་ཕན་ཚུན་གཅེས་སུ་འཛིན་པ་ལས༌གཞན། དོན་གང་གི་ཆ་ནས་ཀྱང་མི་གཞན་ལ་བུ་ལོན་ཆད་མི་རུང༌། རྒྱུ་མཚན་ནི་མི་གཞན་ལ་བྱམས་ཤིང་གཅེས་མཁན་གྱིས་བཀའ་ཁྲིམས་བསྒྲུབས་པའི་ཕྱིར༌རོ།།
Explore རོ་མཱ་པ། 13:8
3
རོ་མཱ་པ། 13:1
མི་ཀུན་གྱིས་མངའ་བདག་གི་བཀའ་བརྩི་དགོས༌ཏེ། དབང་ཆ་གང་ཞིག་ཡིན་ཡང་དཀོན་མཆོག་ལས་མ་བྱུང་བ་མེད༌ལ། མངའ་བདག་ཐམས་ཅད་ནི་དཀོན་མཆོག་གིས་བསྐོས་པའི་ཕྱིར༌ཡིན།
Explore རོ་མཱ་པ། 13:1
4
རོ་མཱ་པ། 13:12
མཚན་མོ་འདས་ཤིང་ཉིན་མོ་སླེབས་ལ་ཉེ༌བས། བདག་ཅག་གིས་མུན་ནག་གི་བྱ་སྤྱོད་སྤངས་ནས་འོད་ཟེར་གྱི་གོ་མཚོན་སྤྲ་དགོས།
Explore རོ་མཱ་པ། 13:12
5
རོ་མཱ་པ། 13:10
བྱམས་པས་ཁྱིམ་མཚེས་ལ་གནོད་པ་མི་བྱེད༌པས། བྱམས་པས་བཀའ་ཁྲིམས་འགྲུབ་པར་བྱས༌སོ།།
Explore རོ་མཱ་པ། 13:10
6
རོ་མཱ་པ། 13:7
མི་སུ་ཞིག་ལ་འཐོབ་འོས་ན་འབུལ་བ༌དང༌། ཁྲལ་འཐོབ་འོས་ན་ཁྲལ་འཇལ་བ༌དང༌། ཚོང་ཁྲལ་འཐོབ་འོས་ན་ཚོང་ཁྲལ་འཇལ་བ༌དང༌། འཇིགས་འོས་ན་འཇིགས་པ༌དང༌། བཀུར་འོས་ན་བཀུར་བར༌བྱའོ།།
Explore རོ་མཱ་པ། 13:7
Home
Bible
Plans
Videos