མར་ཀུ། 2
2
ཡེ་ཤུ་ཡིས་གཟའ་ཕོག་པ་མི་གཅིག་བཅོས་ག་མཛད་པ།
(མད་ཐཱ། ༩:༡-༨; ལུ་ཀ། ༥:༡༧-༢༦)
1ཞག་མོ་ཏི་ཏེ་གཤམ་ནས་ཡེ་ཤུ་ཀཱ་ཕར་ན་ཧུམ་དུ་ལོག་སྟེ་ཕེབས་པ་ལགས། དེ་ནས་མི་ཀྱ་ཡིས་ཁོང་པ་ཁྱིམ་དུ་བཞུགས་འདུག་སྨྲས་རེ་ཧ་གོ་པ་ལགས། 2དེ་ནས་འོ་དེ་ནང་དུ་མི་དམི་ཅིག་གི་མང་ང་འཛོམས་ཏེ་སྒོ་རྩའི་ཕི་ལའང་མི་བསྡད་ས་མ་འབྱོར་ར་ལགས། དེ་ནས་ཡེ་ཤུ་མི་ཀྱ་ལ་དཀོན་མཆོག་གི་བཀའ་གསུངས་བའི་འོད་ད་ལགས། 3དེ་ནས་མི་བཞི་གཟའ་ཕོག་པ་མི་གཅིག་ལ་ཁུར་ཏེ་ཁོང་པ་རྩ་རུ་འོངས་བ་ལགས། 4མིའི་འཚང་ཀ་བྱས་རེ་ཁོང་ཀྱ་ཁོང་པ་བོ་ལོག་ཏུ་མ་ཐར་པ་ཁོང་པ་བཞུགས་ས་ཁབ་ཐད་ཀྱི་ཐོག་གོ་བཤུས་བ་ལགས། དེ་ནས་འོ་དེ་མིག་བོ་ནས་གཟའ་ཕོག་པ་མི་གོ་ལ་ཉལ་ཆས་མུ་ལ་རང་མ་ལ་པབ་པ་ལགས། 5ཡེ་ཤུ་ཡིས་ཁོང་ཀྱ་ཡི་དད་པ་གཟིགས་ཏེ་གཟའ་ཕོག་པ་མི་ལ་གསུངས་བ་ལགས། བི་ཛ་བོ། ཁྱོའི་སྡིག་པ་ཀྱ་བསལ་སོང་།
6འོ་དུ་རུ་ཆོས་ཁྲིམས་ཀྱི་སློབ་དཔོན་རིང་འགའ་བསྡད་འོད་ད་ལགས། ཁོང་ཀྱ་ཁོ་རང་སེམས་ནང་དུ་དེ་རེ་བསམ་བློ་བཏང་བའི་འོད་ད་ལགས། 7མི་འདི་དེ་རེ་ལབ་གི་བྱས་རེ་བཏང་ང་ལེ། ཁོ་ནི་དཀོན་མཆོག་ལ་སྨད་སྤྲ་པབ་བའི། དཀོན་མཆོག་མ་ན་སུས་སྡིག་པ་ཐར་དུ་བཅུག་གི་ལེ།
8ཁོང་ཀྱ་ཡིས་བསམ་བློ་དེ་རེ་བཏང་བའི་སྨྲས་རེ་ལམ་སང་ཡེ་ཤུ་ཡིས་རང་སེམས་ལ་མཁྱེན་ཏེ་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་དེ་རེ་བསམ་བློ་གི་བྱས་རེ་བཏང་ང་ལེ། 9གཟའ་ཕོག་པ་དེ་ལ་ཁྱོའི་སྡིག་པ་བསལ་སོང་ཡང་མེད་ན། ལོངས། དེ་ནས་ཁྱོད་རེ་ཉལ་ཆས་འཁུར་ཏེ་གོམ་པ་ཚུགས། འདི་གཉིས་བོ་ནས་གི་གོ་སྨྲ་ན་ལས་སླ་འདུག་བོ། 10འོ་བྱས་རེ་མིའི་བུ་ལ་འདི་འཛམ་བུ་གླིང་དུ་སྡིག་པ་སེལ་ཡས་ཀྱི་དབང་འོད་ད་ལགས་སྨྲས་རེ་ཁྱེད་ཀྱ་ཡིས་ཤེས་ལ་བྱེད། 11དེ་ནས་ཁོང་པ་ཡིས་གཟའ་ཕོག་པ་གོ་ལ་གསུངས་བ་ལགས། ལོངས། དེ་ནས་ཁྱེད་རེ་ཉལ་ཆས་འཁུར་ཏེ་ནང་ལ་སོང་སྨྲས་རེ་ང་ཁྱོད་ལ་སྨྲ་ཡིན། 12ཁོ་ལངས་རེ་ཨུ་ཀུ་ར་གཅིག་ལ་ཁོ་རི་ཉལ་ཆས་ཁུར་ཏེ་མི་མང་ཀྱ་ཡིས་མཐོང་ས་ནས་རང་ཕི་ལ་སོང་བ་ལགས། དེ་ནས་དེ་རེ་འི་ཀིས་ནམ་མའང་མཐོང་མ་མྱོང་སྨྲས་རེ། མི་གི་རི་ཧ་ལས་རེ་དཀོན་མཆོག་ལ་བསྟོད་སྒྲ་ཕུལ་བ་ལགས།
ཡེ་ཤུ་ཡིས་ལེ་ཝི་ལ་འབོད་པ།
(མད་ཐཱ། ༨:༩-༡༣; ལུ་ཀ། ༥:༢༧-༣༢)
13ཡེ་ཤུ་ཡང་ག་ལིལ་རྒྱ་མཚོའི་འགྲམ་དུ་ཕེབས་པ་ལགས། དེ་ནས་མིའི་འཚང་ཀ་གཅིག་ཁོང་པ་རྩ་རུ་འོངས་བ་ལགས། དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་ཆོས་སྟོན་མཛད་པ་ལགས། 14ཡེ་ཤུ་ཕེབས་བའི་གང་ལ། ཁོང་གི་ཨལ་ཕཱ་ཡུའི་བི་ཛ་ལེ་ཝི་ལ་ཁྲལ་སྡུད་ས་ལས་ཁུང་དུ་བསྡད་ད་གོ་གཟིགས་པ་ལགས། དེ་ནས་ཁོ་ལ་ངའི་གཤམ་པ་ལ་ཤོག་གསུངས་རེ་གསུངས་བ་ལགས། དེ་ནས་ཁོ་ལངས་རེ་ཁོང་པ་ཡི་གཤམ་པ་ལ་སོང་བ་ལགས། 15དེ་ནས་ཡེ་ཤུ་ལེ་ཝི་ནང་དུ་ཞལ་ལག་བཞེས་ཡས་ལ་བཞུགས་བའི་གང་ལ། དམི་ཅིག་གི་མང་ང་ཁྲལ་སྡུད་མཁན་དང་། གཞན་མ་སྡིག་ཅན་ཀྱ་ཁོང་པ་དང་ཉེ་གནས་ཀྱ་མུ་ལ་བསྡད་འོད་ད་ལགས། གི་བྱས་རེ་སྨྲ་ན་ཁོང་པ་ཡི་གཤམ་པ་ལ་འབྲང་མཁན་མི་དམི་ཅིག་གི་མང་ང་འོད་ད་ལགས། 16ཡེ་ཤུ་སྡིག་ཅན་ཀྱ་དང་ཁྲལ་སྡུད་མཁན་ཀྱ་མུ་ལ་ཞལ་ལག་བཞེས་ཀྱིན་གོ། ཕཱ་རུ་ཤི་པ་ཚོགས་པ་ཡི་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ཡིས་མཐོང་རེ་ཡེ་ཤུའི་ཉེ་གནས་ཀྱ་ལ་དྲིས་བ་ལགས། ཁོ་གི་བྱས་རེ་སྡིག་ཅན་ཀྱ་དང་ཁྲལ་སྡུད་མཁན་ཀྱ་མུ་ལ་ཟ་མ་ཟ་ལེ།
17ཡེ་ཤུ་ཡིས་འདི་གསན་ཏེ་ཁོང་ཀྱ་ལ་གསུངས་བ་ལགས། མི་ཐང་ང་ཀྱ་ལ་ཨེམ་རྗེ་མེད་དགོས་ཀྱི་ལགས། ཡིན་ནའང་ནད་པ་ཀྱ་ལ་དགོས་ཀྱི་ལགས། ང་མི་དྲང་བདེན་ཀྱ་ལ་མིན་ད་སྡིག་ཅན་ཀྱ་ལ་འབོད་རུ་འོངས་བ་ཡིན།
སྨྱུང་གནས་ཀྱི་སྐོར་ལ་དྲི་བ།
(མད་ཐཱ། ༩:༡༤-༡༧; ལུ་ཀ། ༥:༣༣-༣༩)
18ཡོ་ཧ་ནན་གྱི་ཉེ་གནས་ཀྱ་དང་ཕཱ་རུ་ཤི་པ་ཀྱ་སྨྱུང་གནས་བཞུགས་བའི་གང་ལ། མི་ཀྱ་འོངས་རེ་ཡེ་ཤུ་ལ་ཞུས་བ་ལགས། ཡོ་ཧ་ནན་གྱི་ཉེ་གནས་ཀྱ་དང་ཕཱ་རུ་ཤི་པ་ཡི་ཉེ་གནས་ཀྱ་སྨྱུང་གནས་བཞུགས་བའི། ཡིན་ནའང་ཁོང་པ་ཡི་ཉེ་གནས་ཀྱ་གི་བྱས་རེ་མི་བཞུགས་བ་ལེ།
19ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། མག་པ་མུ་ལ་འོད་དེ་གང་ལ་རོགས་བ་ཀྱ་སྨྱུང་གནས་ལ་བསྡད་ཀྱི་ལགས་སེ། མག་པ་ཁོང་ཀྱ་མུ་ལ་འོད་ཀྱིན་ཐུག་པའི་ཁོང་ཀྱ་སྨྱུང་གནས་ལ་བཞུགས་ཀྱི་མ་ལགས། 20ཡིན་ནའང་མག་པ་ཁོང་ཀྱ་ནས་ཁ་ཕྲལ་རེ་འཁྲིད་ཀྱིན་དུས་ཚོད་གཅིག་འོང་གི་ལགས། དེ་ནས་འོ་དེ་ཉིན་མ་གོ་ཁོང་ཀྱ་སྨྱུང་གནས་ལ་བཞུགས་ཀྱི་ལགས། 21སུས་འང་གོས་ལག་རྙིང་པ་ལ་ལྷན་པ་གསར་པ་མེད་བརྒྱབ་བ་ལགས། བརྒྱབ་ནའང་ལྷན་པ་གསར་པ་གོ་རྙིང་པ་གོས་ལག་ནས་རལ་རེ་ཡོལ་ལེ་མིག་བོ་ཆེ་རལ་རུ་བཅུག་གི་ལགས། 22དེ་ནས་སུས་འང་རྒུན་འབྲུམ་གྱི་ཆང་གསར་པ་གོ་པི་ཁུག་རྙིང་པ་ནང་དུ་མི་བླུག་བ་ལགས། དེ་ནས་བླུགས་སོང་སྨྲ་ན་པི་ཁུག་གོའང་རལ་གྱི་ལགས། དེ་ནས་རྒུན་འབྲུམ་གྱི་ཆང་གོ་འབོ་གི་ལགས། དེ་ནས་པི་ཁུག་གོའང་ནོར་གྱི་ལགས། རྒུན་འབྲུམ་གྱི་ཆང་གསར་པ་པི་ཁུག་གསར་པ་ནང་དུ་བླུག་བ་ལགས།
ངལ་གསོ་གིན་ཉིན་མ་ཡི་གཙོ་བོ།
(མད་ཐཱ། ༡༢:༡-༨; ལུ་ཀ། ༦:༡-༥)
23ངལ་གསོ་གིན་ཉིན་མ་གཅིག་ལ་ཡེ་ཤུ་གྲོའི་ཞིང་ནས་ཕེབས་བའི་འོད་ད་ལགས། འོ་དེ་ནས་ཕེབས་བའི་གང་ལ་ཁོང་པ་ཡི་ཉེ་གནས་ཀྱ་ཡིས་གྲོའི་སྙེ་མ་ཀྱ་བཀོག་པ་ལགས། 24དེ་ནས་ཕཱ་རུ་ཤི་པ་ཀྱ་ཡིས་ཁོང་པ་ལ། གཟིགས་དང་། ངལ་གསོ་གིན་ཉིན་མ་ལ་དེ་ཀྱ་གི་བྱས་རེ་ཁྲིམས་ལ་མི་མཐུན་གྱིན་ལས་ཀ་བྱེད་ད་ལེ་སྨྲས་རེ་ཞུས་བ་ལགས།
25ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། དཱ་བིད་དང་ཁོའི་མུ་ལ་འོད་མཁན་ཀྱ་ལྟོགས་ཏེ་ཟ་མ་དགོས་ལི་གང་ལ་། དཱ་བིད་ཀྱིས་གི་བྱས་བ་ལེ་སྨྲས་རེ་ཁྱེད་ཀྱ་ཡིས་ནམ་མའང་མ་སྒྲོག་འོད་དེ། 26གཙོ་མཆོད་དཔོན་ཨབ་ཡཱ་ཐར་གྱི་དུས་ལ། ཁོ་དཀོན་མཆོག་གི་གུར་ཁང་ནང་དུ་འཛུལ་རེ། མཆོད་དཔོན་གྱིས་མ་ན་གཞན་མ་ཀྱ་ཡིས་ཟ་མེད་ཆོག་གིན་དཀོན་མཆོག་ལ་ཕུལ་པ་གྱང་ག་གོ་བཟས་རེ་འོ་དེ་གྱང་ག་ཁོ་རི་རོགས་བ་ཀྱ་ལ་སྟེར་པ་ལགས།
27དེ་ནས་ཡང་ཡེ་ཤུ་ཡིས་གསུངས་བ་ལགས། མི་ངལ་གསོ་གིན་ཉིན་མ་ཡི་ཕྱིར་ལ་མིན་ད་ངལ་གསོ་གིན་ཉིན་མ་མིའི་ཕྱིར་ལ་བཀོད་བ་ལགས། 28འོ་བྱས་རེ་མིའི་བུ་ངལ་གསོ་གིན་ཉིན་མ་ཡི་གཙོ་བོ་ལགས།།
اکنون انتخاب شده:
མར་ཀུ། 2: LOY
هایلایت
کپی
مقایسه
به اشتراک گذاشتن
می خواهید نکات برجسته خود را در همه دستگاه های خود ذخیره کنید؟ برای ورودثبت نام کنید یا اگر ثبت نام کرده اید وارد شوید
© 2023, Wycliffe Bible Translators, Inc. and Nepal Bible Society

: