རོ་མཱ་པ། 4
4
ལེའུ་བཞི་པ།
མེས་མེས་ཨབ་ར་ཧམ་གྱི་དད་པའི་སྐོར།
1འོ་ནེ། ད་མིའི་རིགས་ཀྱི་ཆ་ནས། འུ་ཀྱ་ཀྱིས་མེས་མེས་ཨབ་ར་ཧམ་གྱི་སྐོར་ལེ་ཅི་ཟེར་རྒྱུ། 2གལ་སྲིད་ཨབ་ར་ཧམ་གྱིས་དགེ་བའི་ལས་བྱས་པི་དེ་ལེ་བརྟེན་ཏེ། དཀོན་མཆོག་གི་དྲུང་དུ་ཁོང་རང་མི་ཡང་དག་པ་ཞིག་བྱུང་པི་ཡིན་ནི། ཁོང་གིས་རང་གིས་རང་ལེ་བསྟོད་ར་གཏོང་རྒྱུ་འོད་ནའང་། དཀོན་མཆོག་གི་དྲུང་དུ་བསྟོད་ར་གཏོང་རྒྱུ་མེད་དིག 3ཡང་གསུང་རབ་ཀྱི་མདོ་ནང་ལེ་ཟང་། ཨབ་ར་ཧམ་གྱིས་དཀོན་མཆོག་ལེ་དད་པ་བྱས་ཕེན། དཀོན་མཆོག་གིས་ཁོང་རང་ནི་མི་ཡང་དག་པ་ཞིག་ལེ་བརྩིས་གནང་པི་དིག་ཟིན་གསུངས་འོད་དིག#4.3 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་དང་པོ་བཀོད་པ་ལེའུ་ 15 ཨང་ 6 ནང་ལེ་གཟིགས་རོགས། 4ད་ལས་ཀ་བགྱིད་མཁན་ལེ་གླ་ཆ་དེ་སྦྱིན་པ་བཏང་པི་མ་དིག དེ་ནི་ཁོང་རང་ལེ་ཐོབ་འོས་པའི་གླ་ཆ་ཡིན་དིག 5ཡིན་ནའང་། དགེ་བའི་ལས་དེ་ལེ་མ་བརྟེན་ཏེ། ལས་ངན་བགྱིད་མཁན་ཀྱ་ལེ། མི་ཡང་དག་པ་མཛད་མཁན་ཁོང་ལེ་དད་པ་བྱས་ནི། ཁོའི་དད་པ་དེ་ལེ་བརྟེན་ཏེ་མི་ཡང་དག་པ་ཞིག་ཡིན་དི་བརྩི་གནང་གྱི་དིག 6འོ་དེ་གི་ཅོག་འདྲ། དགེ་བའི་ལས་ལེ་གཟིགས་མ་གནང་སྟེ། དཀོན་མཆོག་གིས་ཡང་དག་པ་ཞིག་ལེ་བརྩིས་གནང་སྟེ། བྱིན་རླབས་ཆེ་བའི་མིའི་སྐོར་ལེ། རྒྱལ་པོ་དཱ་བིད་ཀྱིས་ཟང་།
7མིའི་སྡིག་ཉེས་དེ་བསལ་གནང་པི་དིག །
སྡིག་ཉེས་སེལ་བའི་མི་དེ་ཀྱ་བདེ་བ་ཆེའོ། །
8ཇོ་བོས་མིའི་སྡིག་ཉེས་བརྩི་མེད་བཏང་། །
མི་དེ་ཀྱ་ཡེ་རེ་ནི་བདེ་བ་ཆེའོ། །#4.8 ཚིགས་བཅད་འདི་ནི་གསུང་མགུར་མདོ་ལེའུ་ 32 ཨང་ 1-2 ནང་ལེ་གཟིགས་རོགས།
ཟིན་གསུངས་འོད་དིག 9བདེ་བ་དེ་ནི། ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་བརྒྱབ་འོད་ཡོད་མི་དེ་ཀྱ་ཀྱི་ཆེད་དུ་པ་རྐྱང་གནང་པི་ཡིན་གས། ཡང་ནི། ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་བརྒྱབ་མེད་མེད་མི་དེ་ཀྱ་ཀྱི་ཆེད་དུ་གནང་པི་ཡིན་གོ། མེས་མེས་ཨབ་ར་ཧམ་གྱི་དད་པ་ལེ་བརྟེན་ཏེ། ཁོང་རང་མི་ཡང་དག་པ་ཞིག་ལེ་བརྩིས་གནང་པི་དིག་ཟིན་འུ་ཀྱ་ཀྱིས་ཟིན་འོད་དིག#4.9 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་དང་པོ་བཀོད་པ་ལེའུ་ 15 ཨང་ 6 ནང་ལེ་གཟིགས་རོགས། 10ཅི་གི་བྱས་ཏེ་ཡང་དག་པ་ཞིག་ལེ་བརྩིས་པི་ཡིན་གོ། ཨབ་ར་ཧམ་གྱིས་རང་ལེ་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་བརྒྱབ་པའི་སྔོན་ལེ། ཁོང་རང་ནི་མི་ཡང་དག་པ་ཞིག་ལེ་བརྩིས་པི་ཡིན་གོ། ཡང་ནི། ཆོས་ཀྱི་རྟགས་བརྒྱབ་པའི་རྗེས་ལེ་བརྩིས་པི་ཡིན་གོ། ཁོང་ལེ་ཆོས་ཀྱི་རྟགས་བརྒྱབ་པའི་རྗེས་ལེ་མ་དིག ཆོས་ཀྱི་རྟགས་མ་བརྒྱབ་པའི་སྔོན་ལེ་ཡང་དག་པ་ཞིག་ལེ་བརྩིས་པི་དིག 11ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་ནི། ཨབ་ར་ཧམ་ལེ་དད་པ་འོད་ཕེན། དཀོན་མཆོག་གིས་ཁོང་རང་ཡང་དག་པ་ཞིག་ཡིན་དི་བརྩིས་གནང་བའི་དཔང་རྟགས་ཤིག་ཡིན་དིག དཔང་རྟགས་དེ་ནི་ཨབ་ར་ཧམ་ལེ་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་དེ་ལེ་བརྟེན་ཏེ་ཐོབ་པི་མ་དིག དེ་ནི་ཨབ་ར་ཧམ་ཁོང་རང་ལེ་འོད་ཡོད་དད་པ་དེ་ལེ་བརྟེན་ཏེ། ཁོང་རང་ནི་མི་ཡང་དག་པ་ཞིག་ལེ་བརྩིས་གནང་པི་ཡིན་དིག འོ་དེ་ལེ་བརྟེན་ཏེ། ཨབ་ར་ཧ་ཁོང་རང་ནི་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་མ་བརྒྱབ་འོད་ནའང་། དད་པ་འོད་ཡོད་མི་ཀྱ་ཀྱི་མེས་མེས་ཡིན་ཕེན། དད་པ་བྱས་པའི་རྐྱེན་གྱིས་མི་དེ་ཀྱ་ཟང་མི་རྣམ་དག་ཞིག་ལེ་རྩི་གནང་གྱོ་དིག 12ཡང་ཨབ་ར་ཧམ་ཁོང་རང་ནི་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་བརྒྱབ་ཚར་འོད་དི་མ་ཟད། དད་པའི་རྗེས་ལེ་འབྲང་མཁན་མི་ཀྱ་ཀྱི་མེས་མེས་ཟང་ཡིན་དིག འུ་ཀྱ་ཀྱི་མེས་མེས་ཨབ་ར་ཧམ་ལེ། ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་མ་བརྒྱབ་པའི་སྔོན་ལེ་དད་པ་དེ་འོད་དིག
དཀོན་མཆོག་གི་ཞལ་ཆད་ནི་དད་པའི་བརྒྱུད་ནས་ཐོབ་པའི་སྐོར།
13དཀོན་མཆོག་གིས་ཨབ་ར་ཧམ་དིང་ཁོང་གི་བུ་རྒྱུད་རྗེས་མ་ཀྱ་ནི། འཇིག་རྟེན་གྱི་རྒྱུད་པ་འཛིན་མཁན་འོང་གྱི་དིག་ཟིན་ཞལ་ཆད་དེ་ནི། ཆོས་ཁྲིམས་སྲུང་བའི་བརྒྱུད་ནས་ཐོབ་པི་མ་དིག ཡིན་ནའང་། དད་པ་ནས་འབྱུང་བའི་ཡང་དག་པའི་བརྒྱུད་ནས་ཐོབ་པི་དིག 14གལ་སྲིད་ཆོས་ཁྲིམས་སྲུང་མཁན་མི་དེ་ཀྱ། འཇིག་རྟེན་གྱི་རྒྱུད་པ་འཛིན་མཁན་ཡིན་ནི། དད་པ་ནི་སྟོང་པ་དིང་། ཞལ་ཆད་དེ་ཟང་དོན་མེད་ཡིན་དིག 15ཅི་ལེ་ཟེར་ནི། ཆོས་ཁྲིམས་འགལ་ལི་རྐྱེན་གྱིས་དཀོན་མཆོག་གི་ཐུགས་ཁྲོ་དེ་བྱུང་པི་དིག ཡིན་ནའང་། ཆོས་ཁྲིམས་མེད་ནི་ཁྲིམས་དིང་འགལ་ལི་ལས་ཟང་མེད་དིག 16འོ་དེ་ལེ་བརྟེན་ཏེ། དཀོན་མཆོག་གི་ཞལ་ཆད་དེ་ནི། དད་པའི་བརྒྱུད་ནས་ཁས་ལེན་བྱས་ཕེན། དཀོན་མཆོག་གི་ཐུགས་རྗེ་གཟིགས་སྐྱོང་གནང་པི་དིག དེ་ནི་མི་རྒྱུད་ཕྱི་མ་ཀུན་ལེ་ཆོས་ཁྲིམས་ཀྱི་ཁོངས་གཏོགས་ལེ་འོད་ཡོད་མི་ཀྱ་ལེ་ཞལ་ཆད་གནང་པི་མ་ཟད། ཨབ་ར་ཧམ་གྱི་དད་པ་ཅོག་འདྲ། དད་པ་བགྱིད་མཁན་ཡེ་རེ་ལེ་ཟང་ཞལ་ཆད་དེ་གནང་པི་དིག ཅི་ལེ་ཟེར་ནི། ཨབ་ར་ཧམ་ནི་འུ་ཀྱ་ཀྱི་མེས་མེས་ཡིན་དིག 17ཡང་གསུང་རབ་ཀྱི་ནང་ལེ་ཟང་། ངས་ཁྱོད་ནི་མི་རིགས་མང་པོའི་མེས་མེས་ལེ་འོང་དུ་འཇུག་གྱི་དིག་ཟིན་གསུངས་འོད་དིག ཨབ་ར་ཧམ་ནི་དཀོན་མཆོག་གི་དྲུང་དུ། འུ་ཀྱ་ཀྱི་མེས་མེས་ལེ་བསྐོས་གནང་པི་དིང་། ཁོང་གིས་གཤིན་པོ་ཀྱ་ཡང་དང་གསོན་པོ་བསླངས་པི་མ་ཟད། ཅི་གང་མེད་དི་དེ་ནས་ཡེ་རེ་གསར་དུ་བཀོད་གནང་མཁན་དཀོན་མཆོག་ལེ། དད་པ་བྱས་པའི་བརྒྱུད་ནས་དེ་ཅོག་འདྲ་བྱུང་པི་དིག#4.17 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་དང་པོ་བཀོད་པ་ལེའུ་ 17 ཨང་ 5 ནང་ལེ་གཟིགས་རོགས། 18རེ་བ་བགྱིད་རྒྱུ་མེད་དི་དུས་ལེ། ཨབ་ར་ཧམ་གྱིས་མི་རིགས་མང་པོའི་མེས་མེས་འོང་རྒྱུ་རེ་བ་བྱས་པི་དིག ཅི་ལེ་ཟེར་ནི། དཀོན་མཆོག་གིས་ཁོང་ལེ་ཁྱེད་ཀྱི་བུ་རྒྱུད་མང་པོ་འཕེལ་འོང་གྱི་དིག་ཟིན་གསུངས་པི་དིག#4.18 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་དང་པོ་བཀོད་པ་ལེའུ་ 15 ཨང་ 5 ནང་ལེ་གཟིགས་རོགས། 19ཡང་ཨབ་ར་ཧམ་ལོ་བརྒྱ་ཚོད་ཡིན་ཕེན། ཁོ་རང་གི་ལུས་པོ་དེ་ནི་ནུས་སྟོབས་མེད་མེད་ཤི་རོ་ཅོག་འདྲ་ཡིན་དི་མ་ཟད། ཁོའི་བུད་མེད་སཱ་ར་མོ་རང་ཟང་རབས་ཆད་ཡིན་དིག ཡིན་ནའང་། ཨབ་ར་ཧམ་གྱི་དད་པ་དེ་ནི་ད་རུང་བརྟན་པོ་འོད་དིག 20ཨབ་ར་ཧམ་གྱིས་ཐེ་ཚོམ་མེད་དི་དཀོན་མཆོག་གི་ཞལ་ཆད་དེ་ལེ་ཡིད་ཆེས་བྱས་ཕེན། ཁོང་གིས་དད་པ་བརྟན་པོ་བྱས་ཏེ། དཀོན་མཆོག་ལེ་བསྙེན་བཀུར་བྱས་པི་མ་ཟད། 21ཨབ་ར་ཧམ་གྱི་སེམས་གཏིང་ནས་དཀོན་མཆོག་གིས་ཅི་ཞལ་གྱིས་བཞེས་པ་དེ་མཛད་ཐུབ་པའི་ཡིད་ཆེས་ཆེན་པོ་འོད་དིག 22འོ་དེ་ལེ་བརྟེན་ཏེ། དཀོན་མཆོག་གིས་ཨབ་ར་ཧམ་གྱི་དད་པའི་བརྒྱུད་ནས་ཁོང་རང་ནི་མི་ཡང་དག་པ་ཞིག་ཡིན་དིག་བརྩིས་གནང་པི་དིག 23མི་ཡང་དག་པ་ཞིག་ལེ་བརྩིས་པི་ཡིན་ཟེར་རི་ཚིག་དེ་ནི། ཨབ་ར་ཧམ་གྱི་ཆེད་དུ་པ་རྐྱང་བྲིས་པི་མ་དིག 24འུ་ཀྱ་ཀྱི་ཆེད་དུ་ཟང་བྲིས་པི་དིག འུ་ཀྱ་ཀྱི་ཇོ་བོ་ཡེ་ཤུ་འཆི་བ་ནས་ཡང་དང་གསོན་པོ་སློང་མཁན་དཀོན་མཆོག་ལེ་དད་པ་བགྱིད་མཁན་ཀྱ་ཟང་མི་ཡང་དག་པ་ཞིག་ལེ་བརྩི་གནང་གྱི་དིག 25ཁོང་ནི་འུ་ཀྱ་ཀྱི་སྡིག་ཉེས་ཀྱི་རྐྱེན་གྱིས་ཡེ་ཤུ་འཆི་བ་ལེ་གཏོད་རྒྱུ་ཆེད་དུ། ཡ་ཧུ་དཱ་པའི་ལག་ལེ་གཏད་དི་མ་ཟད། འུ་ཀྱ་མི་ཡང་དག་པ་ཞིག་འོང་རྒྱུ་ཆེད་དུ། ཁོང་འཆི་བ་ནས་ཡང་དང་སྐུ་གསོན་པོ་བཞེངས་པི་པི་དིག །
Currently Selected:
རོ་མཱ་པ། 4: DLPO
Highlight
Copy
Compare
Share
Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.