YouVersion Logo
Search Icon

རོ་མཱ་པ། 15

15
ལེའུ་བཅོ་ལྔ།
གཞན་གྱི་ཆེད་དུ་འཚོ་བ་སྐྱེལ་དགོས་པ།
1དད་པ་བརྟན་པོ་འོད་མཁན་འུ་ཀྱ་ཀྱིས་དད་སེམས་ཆུང་མ་ཀྱ་ཀྱིས་བགྱིད་མི་ཐུབ་པའི་རིགས་ལེ་བཟོད་སྒོམ་བགྱིད་དགོས་འོད་དིག ཡང་རང་གི་འདོད་པ་ཅི་འོད་ཡོད་དེ་བགྱིད་རྒྱུ་མེད་དིག 2འུ་མི་རེ་རེས་ཁོ་ལེ་ཕན་པི་དིང་དད་པ་ཡར་རྒྱས་གཏོང་རྒྱུ་ཆེད་དུ། རང་གི་ཁྱིམ་མཚེས་ལེ་དགའ་མོ་བགྱིད་དགོས་འོད་དིག 3ཅི་ལེ་ཟེར་ནི། སྐྱབས་མགོན་ཡེ་ཤུས་ཟང་རང་གི་འདོད་པ་ཅི་འོད་ཡོད་གནང་མེད་དིག ཡང་གསུང་རབ་ཀྱི་མདོ་ནང་ལེ། ཁྱོད་ལེ་སྨད་ར་གཏོང་མཁན་གྱི་སྨད་ར་བཏང་པི་དེ་ང་ལེ་ཕོག་བྱུང་ཟིན་བྲིས་འོད་དིག#15.3 ཚིགས་བཅད་འདི་ནི་གསུང་མགུར་མདོ་ལེའུ་ 69 ཨང་ 9 ནང་ལེ་གཟིགས་རོགས། 4ཅི་ལེ་ཟེར་ནི། མདོ་ནང་ལེ་ཅི་བྲིས་པི་དེ་ཡེ་རེ་ནི། འུ་ཀྱ་ལེ་བསླབ་བྱ་གནང་རྒྱུ་ཆེད་དུ་ཡིན་ཕེན། བཟོད་སྒོམ་གྱི་སེམས་དིང་གསུང་རབ་ནང་ལེ་བྲིས་པའི་བསྐུལ་མའི་བརྒྱུད་ནས་འུ་ཀྱ་ལེ་རེ་བ་ཐོབ་པའི་ཆེད་དུ་ཡིན་དིག 5བཟོད་སྒོམ་དིང་བསྐུལ་མ་གནང་མཁན་དཀོན་མཆོག་གིས་སྐྱབས་མགོན་ཡེ་ཤུ་ལེ་འཆམ་མཐུན་གྱི་དཔེ་སྟོན་པི་ཅོག་འདྲ། ཁྱེད་ཀྱ་ཕན་ཚུན་བར་ལེ་ཟང་འཆམ་མཐུན་བཟོས་པར་ཤོག 6དེ་ནི་ཁྱེད་ཀྱ་ཀྱིས་ཁ་གཅིག་ངང་ནས་འུ་ཀྱ་ཀྱི་སྐྱབས་མགོན་ཡེ་ཤུའི་ཡབ་དཀོན་མཆོག་ལེ་བསྟོད་པ་འབུལ་རྒྱུ་ཆེད་དུ་ཡིན་དིག
སྐྱབས་མགོན་ཡེ་ཤུ་ནི་མི་ཡེ་རེའི་རེ་བ་བཅོལ་ས་ཡིན་པ།
7འོ་དེ་ལེ་བརྟེན་ཏེ། དཀོན་མཆོག་གི་གཟི་བརྗིད་འཕེལ་རྒྱུ་ཆེད་དུ། སྐྱབས་མགོན་ཡེ་ཤུས། ཁྱེད་ཀྱ་ལེ་ཁས་ལེན་གནང་པི་ཅོག་འདྲ། ཁྱེད་ཀྱ་ཀྱིས་ཟང་ཕན་ཚུན་བར་ལེ་ཁས་ལེན་གྱིས་ཤིག 8-9མེས་མེས་ཀྱ་ལེ་གནང་བའི་ཞལ་ཆད་དེ་སྒྲུབ་པར་གནང་པི་མ་ཟད། ཡ་ཧུ་དཱ་པ་མིན་པའི་མི་ཀྱ་ཀྱིས་ཁོང་གི་བྱམས་སྙིང་རྗེའི་ཆེད་དུ། དཀོན་མཆོག་ལེ་བསྟོད་པ་འབུལ་རྒྱུ་ལེ་སྐྱབས་མགོན་ནི། དཀོན་མཆོག་གི་དྲང་བདེན་དེ་སྟོན་མཛད་དེ། ཡ་ཧུ་དཱ་པ་ཀྱ་ལེ་ཞབས་ཕྱི་སྒྲུབ་མཁན་བྱུང་པི་དིག ཡང་གསུང་རབ་ནང་ལེ་ཟང་།
དེའི་ཆེད་དུ་ངས་ཕྱི་མི་ཀྱ་ཀྱི་ཁྲོད་ལེ། །
ཁྱེད་རང་ལེ་བསྟོད་དབྱངས་འབུལ། །
ངས་ཁྱེད་ཀྱི་མཚན་ལེ་བསྟོད་པ་འབུལ། །
ཟིན་བྲིས་འོད་དིག#15.8-9 ཚིགས་བཅད་འདི་ནི་གསུང་མགུར་མདོ་ལེའུ་ 18 ཨང་ 49 དིང༌། ལུང་སྟོན་པ་ཤ་མུ་ཨེལ་གྱིས་བྲིས་པའི་མདོ་གཉིས་པ་ལེའུ་ 22 ཨང་ 50 ནང་ལེ་གཟིགས་རོགས། 10ཡང་ཁོང་གིས་གསུང་རབ་ནང་ལེ། །
ཕྱི་མི་ཀྱ་ནི་ཁོང་གི་མི་རྒྱུད་ཀྱ་དིང་སྐྱེན་ལེ་དགའ་སྤྲོ་གྱིས། །
ཟིན་གསུངས་འོད་དིག#15.10 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་ལྔ་པ་བཀའ་ལུང་ལེའུ་ 32 ཨང་ 43 ནང་ལེ་གཟིགས་རོགས། 11ཡང་།
ཕྱི་མི་ཀུན་གྱིས་ཇོ་བོ་དཀོན་མཆོག་གི་ཕྱོགས་ལེ་བསྟོད་པ་ཕུལ། །
ཡང་མི་རིགས་ཀུན་གྱིས་ཟང་ཁོང་ལེ་བསྟོད་དབྱངས་ཕུལ་ཞིག །
ཟིན་གསུངས་འོད་དིག#15.11 ཚིགས་བཅད་འདི་ནི་གསུང་མགུར་མདོ་ལེའུ་ 117 ཨང་ 1 ནང་ལེ་གཟིགས་རོགས། 12ཡང་ལུང་སྟོན་པ་ཡེ་ཤ་ཡཱས།
མ་འོངས་ཀྱི་དུས་ལེ། །
ཡེ་སེའི་སྲས་ཤིག་འཁྲུང་བར་འགྱུར། །
དེས་ཕྱི་མི་ལེ་དབང་བསྒྱུར་བགྱིད། །
ཕྱི་མིས་རེ་བ་ཁོང་ལེ་བཅོལ་གྱི་དིག །
ཟིན་གསུངས་འོད་དིག#15.12 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 11 ཨང་ 10 ནང་ལེགཟིགས་རོགས།#15.12 ཡེ་སེ་ཟེར་མཁན་ཁོང་རང་ནི་རྒྱལ་པོ་དཱ་བིད་ཀྱི་ཨ་ཀྱི་ཡིན་དིག 13ཁྱེད་ཀྱ་ལེ་དམ་པའི་ཐུགས་ཉིད་ཀྱི་ནུས་མཐུ་བརྒྱུད་ནས་རེ་བ་ཆེན་པོ་འཐོབ་རྒྱུ་ཆེད་དུ། རེ་བ་གནང་མཁན་དཀོན་མཆོག་གིས་ཁྱེད་ཀྱ་ཀྱི་དད་པའི་བརྒྱུད་ནས། ཁྱེད་ཀྱ་ལེ་དགའ་སྤྲོ་དིང་ཞི་བདེ་ཕུན་སུམ་ཚོགས་པོ་གནང་བར་ཤོག་ཟིན་གསོལ་བ་སྨོན་ལམ་འདེབས་གྱོ་འོད།
ཕོལ་ལོལ་ནི་ཕྱི་མི་ཀྱ་ཀྱི་ཞབས་ཕྱི་ཞིག་ཡིན་པ།
14ངའི་སྤུན་ཟླ། ཁྱེད་ཀྱ་ལེ་བྱམས་སེམས་དིང་ཤེས་རྟོགས་ཀྱིས་ཁྱབ་ཏེ། ཕན་ཚུན་བར་ལེ་སློབ་སྟོན་བགྱིད་ཐུབ་མཁན་ཞིག་ཡིན་དི་ངས་ང་རང་ལེ་ཡིད་ཆེས་བརྟན་པོ་འོད། 15ཡིན་ནའང་། ངས་ཁྱེད་ཀྱ་ལེ་དྲན་སྐུལ་བགྱིད་རྒྱུ་ཆེད་དུ། ངས་དོན་ཁ་ཤས་ཞིག་གི་དོན་ལེ་བློ་ཁོག་ཆེན་པོ་བྱས་ཏེ་ཡི་གེ་འདིའི་ནང་ལེ་བྲིས་པི་ཡིན། དེའི་རྒྱུ་མཚན་ནི། དཀོན་མཆོག་གིས་ང་ལེ་ཐུགས་རྗེ་གཟིགས་སྐྱོང་གནང་པི་ཅོག་འདྲ། 16ཡ་ཧུ་དཱ་པ་མིན་པའི་ཕྱིའི་མི་ཀྱ་ཀྱི་ཆེད་དུ། སྐྱབས་མགོན་ཡེ་ཤུའི་ཞབས་ཕྱི་བགྱིད་དི་དིང་། ཡང་དམ་པའི་ཐུགས་ཉིད་ཀྱིས་ཡ་ཧུ་དཱ་པ་མིན་པའི་ཕྱིའི་མི་ཀྱ་ལེ་དམ་པ་བཟོས་ཏེ། ཁོང་ཀྱ་དཀོན་མཆོག་ཐུགས་དགྱེས་པོའི་མཆོད་རྫས་ཅོག་འདྲ་འོང་རྒྱུ་ཆེད་དུ་ཡིན་དིག ཡང་ངས་དཀོན་མཆོག་གི་མཆོད་པ་འབུལ་མཁན་དིང་། ཅོག་འདྲ་བྱས་ཏེ་གཏམ་བཟང་ལེ་ཞབས་ཕྱི་བྱས་པི་ཡིན། 17འོ་དེ་ལེ་བརྟེན་ཏེ། དཀོན་མཆོག་གི་མཛད་དོན་སྐོར་གླེང་ནི། སྐྱབས་མགོན་ཡེ་ཤུའི་ནང་དུ། ང་ལེ་ངོམ་སོ་བགྱིད་ཆོག་འོས་པ་ཞིག་འོད། 18-19སྐྱབས་མགོན་ཡེ་ཤུས་ངའི་བརྒྱུད་ནས་ཅི་མཛད་པི་དེ་རང་མ་གཏོགས་ཞིག་ལེ། གཞན་ངས་ཅི་གང་ཤོད་མི་ཕོད་འོད། ཁོང་གིས་མཛད་པའི་རྟགས་དིང་། ངོ་མཚར་གྱི་དོན་དིང་། ཡང་དེ་ཅོག་འདྲ། དམ་པའི་ཐུགས་ཉིད་ཀྱི་ནུས་མཐུ་བརྒྱུད་ནས་ངས་ཅི་བཤད་དི་དིང་། ཅི་བྱས་པའི་བརྒྱུད་ནས་ཡ་ཧུ་དཱ་པ་མིན་པའི་ཕྱིའི་མི་ཀྱ་དཀོན་མཆོག་གི་བཀའ་ལེ་ཉན་དུ་བཅུག་པི་ཡིན། ཡང་དེ་ཅོག་འདྲ། ངས་ཡེ་རུ་ས་གླིང་ནས་ཨི་ལི་རི་ཀོན་ལུང་པ་བར་དུ། སྐྱབས་མགོན་ཡེ་ཤུའི་གཏམ་བཟང་བཤད་དི་ཡིན། 20ཡང་མི་གཞན་ཞིག་གིས་བརྩིགས་པའི་རྨང་གཞིའི་ལྟག་ག་ལེ། ཡང་དང་རྩིག་ལས་མི་བགྱིད་དི་ཆེད་དུ། སྐྱབས་མགོན་ཡེ་ཤུའི་མཚན་ཐོས་མྱོང་མེད་མེད་ས་ཆ་ལེ་གཏམ་བཟང་ཤོད་རྒྱུ་འདོད་པ་ཆེན་པོ་འོད། 21ཡང་གསུང་རབ་ཀྱི་མདོ་ནང་ལེ་ཟང་།
ཁོང་རྩ་བ་ནས་རྒྱུས་མེད་མེད་མི་ཀྱ་ཀྱིས་ཁོང་ལེ་མཐོང་གྱི་དིག །
ཁོང་རྩ་བ་ནས་ཐོས་མྱོང་མེད་མེད་ཀྱིས་ཁོང་ལེ་ཤེས་རྟོགས་སྐྱེས། །
ཟིན་བྲིས་འོད་དིག#15.21 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 52 ཨང་ 15 ནང་ལེ་གཟིགས་རོགས།
རོ་མཱའི་རྒྱལ་ས་ལེ་འགྲོ་བའི་འཆར་གཞི།
22འོ་དེའི་ཆེད་དུ། ང་ལན་མ་མང་པོ་ཁྱེད་ཀྱ་ཀྱི་རྩ་ལེ་འོང་འདོད་བྱུང་ནའང་། ང་ལེ་བཀག་འདོམས་བྱུང་སྟེ་འོང་མ་ནུས་སོང་། 23ཡིན་ནའང་། ད་ལྟ་འདི་རུ་འོད་ཡོད་ཡུལ་ལུང་ཡེ་རེ་ལེ་ངས་ལས་ཀ་བྱས་ཚར་ཕེན། ང་ལེ་ལས་ཀ་བགྱིད་ས་མེད། ང་ཁྱེད་ཀྱ་འོད་ས་ལེ་འོང་འདོད་ཆེན་པོ་འོད་ཕེན། 24སི་པེན་ལུང་པ་ལེ་འགྲོ་ཞོར་ཞིག་ལེ། ཁྱེད་ཀྱ་ལེ་ཐུག་འཕྲད་བགྱིད་རྒྱུ་འཆར་གཞི་འོད་དི་མ་ཟད། ཁྱེད་ཀྱ་དིང་སྐྱེན་ལེ་དུས་ཚོད་ཐུང་མ་ཞིག་ཞི་བདེ་ངང་ནས་ཉམས་འཛོམ་བགྱིད་རྒྱུ་དིང་། དེ་ནས་ཁྱེད་ཀྱ་ཀྱིས་ཟང་ངའི་འགྲུལ་ལམ་ལྷག་མའི་ཕྱོགས་ལེ་སྐྱེལ་ལི་རེ་བ་བྱས་པི་ཡིན། 25ཡིན་ནའང་། ང་རང་ད་ལྟ་ཡེ་རུ་ས་གླིང་ལེ་འོད་ཡོད་དད་པ་བགྱིད་མཁན་དམ་པ་ཀྱ་ལེ་ཞལ་འདེབས་སྐྱེལ་དུ་འགྲོ་འོད། 26ཅི་ལེ་ཟེར་ནི། མ་ཀེ་དོན་ཡཱ་དིང་། ཨ་ཀ་ཡཱ་ལུང་པ་དེ་གཉིས་ཀྱི་ཡུལ་མི་དད་པ་བགྱིད་མཁན་ཀྱ་ཀྱིས་ཡེ་རུ་ས་གླིང་ལེ་འོད་ཡོད། དད་པ་བགྱིད་མཁན་གྱི་ནང་ནས་མི་སྐྱོ་པོ་ཀྱ་ལེ་རོགས་ལམ་བགྱིད་རྒྱུ་ལེ། དགའ་རི་ངང་ནས་ཞལ་འདེབས་ཕུལ་འོད་དིག 27ཁོང་ཀྱ་ཀྱིས་ཞལ་འདེབས་འབུལ་རྒྱུ་དགའ་རི་བགྱིད་དི་སྐོར་ལེ་ངས་ཟེར་དགོས་མེད་དི་མ་ཟད། དོན་ངོ་ཐོག་བྱས་ནི། ཁོང་ཀྱ་ནི་ཡ་ཧུ་དཱ་པ་ཀྱ་ཀྱི་བུ་ལོན་ཅོག་འདྲ་ཡིན་དིག ཅི་ལེ་ཟེར་ནི། ཡ་ཧུ་དཱ་པ་མིན་པའི་ཕྱིའི་མི་ཀྱ་ལེ། སེམས་ཉིད་ཀྱི་བྱིན་རླབས་ཀྱི་བགོ་སྐལ་བཟང་པོ་ཐོབ་འོད་ཕེན། ཡ་ཧུ་དཱ་པ་ཀྱ་ཀྱིས་ཕྱིའི་མི་ཀྱ་ཀྱི་ནོར་རྫས་ནས་བགོ་སྐལ་ཞིག་འཐོབ་འོས་པ་ཞིག་ཡིན་དིག 28འོ་དེའི་ཆེད་དུ། ངས་དོན་འདི་བསྒྲུབས་ཏེ། ཞལ་འདེབས་འདི་ཁོང་ཀྱ་ཀྱི་ལག་ལེ་རྩིས་སྤྲོད་དགའ་མོ་བགྱིད་ནུས་པི་རྗེས་ལེ། ང་རང་ཞོར་ཏེ་ཁྱེད་ཀྱ་ཀྱི་ལུང་པའི་བརྒྱུད་ནས་བྱས་ཏེ། སི་པེན་ལུང་པ་ལེ་འགྲོ་གྱི་ཡིན། 29ང་ཁྱེད་ཀྱ་ཀྱི་རྩ་ལེ་འོང་རྒྱ། སྐྱབས་མགོན་ཡེ་ཤུའི་ཕུན་སུམ་ཚོགས་པའི་བྱིན་རླབས་ཀྱིས་གང་རྒྱུ་ཡིན་དི་ངས་ཧ་གོ་འོད།
30ཁྱེད་སྤུན་ཟླ་ཀྱ། སྐྱབས་མགོན་ཇོ་བོ་ཡེ་ཤུ་དིང་དམ་པའི་ཐུགས་ཉིད་ཀྱི་བྱམས་པའི་བརྒྱུད་ནས། ངའི་ཆེད་དུ་དཀོན་མཆོག་ལེ་གསོལ་བ་སྨོན་ལམ་བཏབ་སྟེ། ང་དིང་སྐྱེན་ལེ་འབད་བརྩོན་གྱིས་ཟིན་ངས་སྐུལ་མ་གཏོང་གྱོ་འོད། 31ང་ནི་ཡ་ཧུ་དཱའི་ལུང་པ་ལེ་དད་པ་མི་བགྱིད་མཁན་ཀྱ་ནང་ནས་ཐར་ཐུབ་རྒྱུ་དིང་། ཡང་ཡེ་རུ་ས་གླིང་གི་དོན་ལེ་ངས་བསྡུས་པའི་ཞལ་འདེབས་དེ་ནི། དད་པ་བགྱིད་མཁན་དམ་པ་ཀྱ་ཀྱིས་དགའ་སྤྲོའི་ངང་ནས་ལེན་རྒྱུ་ཆེད་དུ་གསོལ་བ་སྨོན་ལམ་འདེབས་རོགས། 32དེ་ནས་དཀོན་མཆོག་གི་ཐུགས་དགོངས་ཅོག་འདྲ། དགའ་སྤྲོའི་ངང་ནས་ང་ཁྱེད་ཀྱ་ཀྱི་རྩ་ལེ་སླེབས་ཕེན། འུ་ཡེ་རེ་གཅིག་གིས་གཅིག་ལེ་སེམས་གསོ་འཐོབ་ཀྱི་དིག 33ཞི་བདེ་གནང་མཁན་དཀོན་མཆོག་ཁོང་རང་། ཁྱེད་ཡེ་རེའི་སྐྱེན་ལེ་བཞུགས་པར་ཤོག ཨ་མེན། །

Highlight

Copy

Compare

Share

None

Want to have your highlights saved across all your devices? Sign up or sign in