རོ་མཱ་པ། 11
11
ལེའུ་བཅུ་གཅིག
ཡི་སི་ར་ཨེལ་པའི་མི་རིགས་ལྷག་མའི་སྐོར།
1འོ་དེའི་ཆེད་དུ་ངས་འདྲི་འོད། དཀོན་མཆོག་གིས་རང་གི་མི་རིགས་ཀྱ་སྤངས་གནང་པི་ཡིན་གས། རྩ་བ་ནས་སྤངས་གནང་མེད་དིག ཅི་ལེ་ཟེར་ནི། ང་རང་ཟང་ཡི་སི་ར་ཨེལ་པའི་མི་ཞིག་ཡིན་དི་དིང་། མེས་མེས་ཨབ་ར་ཧམ་གྱི་རིགས་རྒྱུད་ཟང་ཡིན། ཡང་བེན་ཡཱ་མེན་གྱི་ཚོ་ཁག་གི་ཁོངས་གཏོགས་ཀྱི་མི་ཞིག་ཡིན། 2དཀོན་མཆོག་གིས་སྔོན་མ་ནས་བདམས་གནང་བའི་རང་གི་མི་རིགས་སྤངས་མ་གནང་པི་དིག ཁྱེད་ཀྱ་ཀྱིས་གསུང་རབ་ཀྱི་མདོ་ནང་ལེ། ཨེ་ལི་ཡཱས་དཀོན་མཆོག་གི་མདུན་དུ་ཡི་སི་ར་ཨེལ་པ་ཀྱ་ལེ། སྐྱོན་བཙུགས་བྱས་པའི་སྒྲུང་དེ་མི་ཤེས་འོད་དས། 3ཨེ་ལི་ཡཱས། ཇོ་བོ་དཀོན་མཆོག ཁོང་ཀྱ་ཀྱིས་ཁྱེད་ཀྱི་ལུང་སྟོན་པ་ཀྱ་བསད་དི་མ་ཟད། ཁྱེད་ཀྱི་མཆོད་ཁྲི་ཀྱ་ཟང་བཤིགས་ཏེ། ད་ང་གཅིག་རང་ལེ་ལུས་པི་དིང་། ཁོང་ཀྱ་ཀྱིས་ད་ལྟ་ངའི་སྲོག་ཟང་ལེན་རྒྱུ་ཐབས་ཤེས་འཚོལ་གྱི་འདུག་ཟིན་ཞུས་པི་དིག#11.3 ཚིགས་བཅད་འདི་ནི་རྒྱལ་རབས་ཀྱི་མདོ་དང་པོ་ལེའུ་ 19 ཨང་ 10 དིང་། 14 ནང་ལེ་གཟིགས་རོགས། 4ཡིན་ནའང་། དཀོན་མཆོག་གིས་དེའི་ལན་ལེ་ཅི་གསུངས་པི་དིག་ཟེར་ནི། ངས་རང་གི་ཆེད་དུ་ལྷ་སྐུ་པཱ་ཨལ་ལེ་ཕྱག་མི་འཚལ་མཁན་མི་བདུན་སྟོང་བདག་པོ་བརྒྱབ་འོད་ཟིན་གསུངས་པི་དིག#11.4 ཚིགས་བཅད་འདི་ནི་རྒྱལ་རབས་ཀྱི་མདོ་དང་པོ་ལེའུ་ 19 ཨང་ 18 ནང་ལེ་གཟིགས་རོགས། 5འོ་དེ་ཅོག་འདྲ། ད་ལྟ་ཟང་དཀོན་མཆོག་གི་ཐུགས་རྗེ་གཟིགས་སྐྱོང་གིས་བདམས་གནང་བའི་ལྷག་མ་ཞིག་ལུས་འོད་དིག 6དེ་ནི་ཐུགས་རྗེ་གཟིགས་སྐྱོང་གིས་བདམས་གནང་པི་ཡིན་ནི། དེ་ནི་བྱས་པའི་ལས་བཟང་པོ་བརྒྱུད་ནས་བདམས་གནང་པི་མ་དིག གལ་སྲིད་འོ་དེ་གི་མན་ནི། ཐུགས་རྗེ་གཟིགས་སྐྱོང་དེ་ངོ་ཐོག་གི་ཐུགས་རྗེ་གཟིགས་སྐྱོང་མ་དིག 7ད་མདོར་བསྡུས་ནི། ཡི་སི་ར་ཨེལ་མི་ཀྱ་ཀྱིས་འབད་བརྩོན་ངང་ནས་ཅི་བཙལ་ལི་དེ་མ་ཐོབ་པི་དིག ཡིན་ནའང་། བདམས་པའི་མི་ཀྱ་ལེ་ཐོབ་སྟེ། ལྷག་མ་ལུས་པའི་མི་དེ་ཀྱ་ཀྱི་སེམས་ནི་གྱོང་པོ་བྱུང་པི་དིག 8ཡང་དེ་ཅོག་འདྲ། གསུང་རབ་ཀྱི་མདོ་ནང་ལེ།
དཀོན་མཆོག་གིས་ཁོང་ཀྱ་ལེ། །
གོ་ཚོར་མེད་མེད་སེམས་པ་དིང་། །
མཐོང་རྒྱུ་མེད་མེད་ལོང་བ་དིང་། །
ཉན་ཤེས་ཉམས་པའི་རྣ་བ་གནང་སྟེ། །
ད་ལྟ་བར་དུ་ཟང་འོ་དེ་ཅོག་འདྲ་ཡིན་དིག །
ཟིན་གསུངས་པི་དིག#11.8 ཚིགས་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་ལྔ་པ་བཀའ་ལུང་ལེའུ་ 29 ཨང་ 4 དིང༌། ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 29 ཨང་ 10 ནང་ལེ་གཟིགས་རོགས། 9ཡང་རྒྱལ་པོ་དཱ་བིད་ཀྱིས།
ཁོང་ཀྱ་ལེ་ངན་པའི་འབྲས་བུ་ཐོབ་རྒྱུ་ཆེད་དུ། །
ཁོང་ཀྱ་ཀྱི་གསོལ་སྟོན་ནི་རྙི་དོང་འགག་རྟོ་ལེ་གྱུར། །
10མི་དེ་ཀྱ་ཀྱིས་མི་མཐོང་བའི་ཆེད་དུ་མིག་ལོང་། །
མི་དེ་ཀྱ་ཀྱི་རྐེད་ཚིགས་ནི་དུས་རྟག་ཏུ་གུག་ཏུ་ཆུག །
ཟིན་གསུངས་འོད་དིག#11.10 ཚིགས་བཅད་འདི་ནི་གསུང་མགུར་མདོ་ལེའུ་ 69 ཨང་ 22-23 ནང་ལེ་གཟིགས་རོགས།
ཡལ་ག་མཐུད་བརྒྱབ་པའི་དཔེ་སྐོར།
11འོ་ནེ། ངས་འདྲི་འོད། ཡ་ཧུ་དཱ་པ་ཀྱ་འགག་རྡོ་ལེ་བརྟེན་ཏེ། ས་སྟེང་ལེ་འགྱེལ་པ་དེ་ཀྱ་ཡང་དང་། ནམ་ཟང་ལངས་རྒྱུ་མེད་དི་གས། དེ་གི་རྩ་བ་ནས་མ་དིག ཡ་ཧུ་དཱ་པ་ཀྱ་ཀྱིས་དཀོན་མཆོག་གིས་གནང་བའི་ཐར་ལམ་དེ་ལེ་ཁས་ལེན་མ་བྱས་ཕེན། ཡ་ཧུ་དཱ་པ་མིན་པའི་ཕྱིའི་མི་ཀྱ་ལེ་ཐར་པ་འཐོབ་རྒྱུ་གོ་སྐབས་བྱུང་པི་དིག དེ་ནི་ཡི་སི་ར་ཨེལ་པ་ཀྱ་ལེ་ཕྲག་དོག་བསྐྱེད་རྒྱུ་ཆེད་དུ་ཡིན་དིག 12འོ་ནེ། ཡ་ཧུ་དཱ་པ་ཀྱ་ཀྱིས་དཀོན་མཆོག་གི་ཐར་ལམ་དེ་ལེ་ཁས་ལེན་མ་བྱས་ཏེ། ཡང་ཁོང་ཀྱ་ཕམ་ཕེན། འཛམ་བུ་གླིང་དིང་། ཡ་ཧུ་དཱ་པ་མིན་པའི་ཕྱིའི་མི་ཀྱ་ལེ་ཐོབ་པའི་བྱིན་རླབས་ཆེན་པོ་དེ་ཐོབ་པི་དིག ད་མ་འོངས་པའི་དུས་ལེ་ཁོང་ཀྱ་ལེ། དཀོན་མཆོག་གི་ཐར་པ་ལེ་ཚུད་པའི་གྲངས་ཚད་དེ་ལོན་ནི། དེ་ལས་ལྷག་ཚོད་བྱིན་རླབས་ཆེ་བ་ཅི་འོད་དི་གོ། 13ད་ངས་ཁྱེད་ཡ་ཧུ་དཱ་པ་མིན་པའི་མི་ཀྱ་ལེ་ཟེར་རི་ཡིན། ང་ནི་ཡ་ཧུ་དཱ་པ་མིན་པ་ཀྱ་ཀྱི་ཆེད་དུ་བརྫངས་པའི་སྐུ་ཚབ་ཞིག་ཡིན་ཕེན། ངས་རང་གི་ཞབས་ཕྱི་ལས་འགན་ལེ་བརྩི་མཐོང་ཆེན་པོ་བགྱིད་འོད། 14ཡང་ངས་རང་གི་ཤ་ཁྲག་གཅིག་པའི་མི་རིགས་ཡ་ཧུ་དཱ་པ་ཀྱ་ལེ་ཕྲག་དོག་བསྐྱེད་དུ་བཅུག་སྟེ། ཁོང་ཀྱ་ཀྱི་ནང་ནས་མི་ཁ་ཤས་སྐྱོབ་ཐུབ་པའི་ཆེད་དུ་ཡིན། 15དཀོན་མཆོག་གིས་ཁོང་ཀྱ་སྤངས་གནང་པི་དེ་ནི། འཇིག་རྟེན་པ་ཀྱ་དིང་སྐྱེན་ལེ་འགྲིག་མཐུན་བྱུང་བའི་ཡིན་ནི། ཁོང་ཀྱ་ལེ་ཁས་ལེན་གནང་པི་དེ་ནི་འཆི་བ་ནས་ཡང་དང་གསོན་པོ་བྱུང་བའི་དོན་མ་གས། 16གལ་སྲིད་བག་ཕྱེའི་ཕུད་དང་པོ་དེ་ལས་ལྷད་མེད་ནི། བག་ཕྱེ་ཡེ་རེ་ཟང་ལེ་ལྷད་མེད་དིག གལ་སྲིད་སྡོང་པོའི་རྩ་བ་ལེ་ལྷད་མེད་ནི། དེའི་ཡལ་ག་ཟང་ལེ་ལྷད་མེད་དིག 17ཡིན་ནའང་། དཀོན་མཆོག་གིས་བདག་པོ་འོད་ཡོད་སྐྱུ་རུ་སྡོང་པོའི་ཡལ་ག་ཁ་ཤས་བཅད་དེ། ཁྱེད་ཕྱི་མི་ཀྱ་ནི་བདག་པོ་འོད་ཡོད་སྐྱུ་རུ་སྡོང་པོའི་ཡལ་ག་ལྷད་མེད་མེད་དིང་སྐྱེན་ལེ་མཐུད་བརྒྱབ་ཕེན། བདག་མེད་སྐྱུ་རུ་སྡོང་པོའི་ཡལ་ག་དེ་ལེ་ཟང་ལྷད་མེད་མེད་སྡོང་པོ་བཟང་པོའི་རྩ་བཅུད་འོད་ཡོད་ཞིག་བྱུང་པི་དིག 18ཡང་ཡལ་ག་གཞན་གྱི་མདུན་ལེ་འབོར་ཤོབ་མ་བགྱིད་ཅིག གལ་སྲིད་འབོར་ཤོབ་བྱས་ནི། རྩ་བ་ཁྱོད་ལེ་བརྟེན་ཏེ་གནས་མེད་དིག ཁྱོད་རང་རྩ་བ་ལེ་བརྟེན་ཏེ་གནས་འོད་དི་དྲན་པ་གྱིས་ཤིག 19ཁྱེད་ཀྱ་ཀྱིས་ང་རང་ནི་ཡལ་ག་དེའི་ཤུལ་ལེ་ཡལ་ག་གཞན་མ་ཞིག་མཐུད་རྒྱག་རྒྱུ་ཆེད་དུ་ཡལ་ག་འདི་ཀྱ་བཅད་དི་ཡིན་སྨྲས་ནི། 20དེ་བདེན་པ་ཡིན་དིག ཅི་ལེ་ཟེར་ནི། ཁོང་ཀྱ་ཀྱིས་དད་པ་མ་བྱས་པའི་རྐྱེན་གྱིས་བཅད་དི་དིང་། ཁྱོད་ཀྱིས་དད་པ་བྱས་ཕེན་བརྟན་པོ་གནས་འོད་དིག འོ་དེའི་ཆེད་དུ། ཁྱོད་ཀྱིས་ང་རྒྱལ་མ་བྱས་ཏེ། དཀོན་མཆོག་ལེ་བརྩི་བཀུར་དིང་འཁྱར་སྣང་བགྱིད་དགོས་འོད་དིག 21ཅི་ལེ་ཟེར་ནི། དཀོན་མཆོག་གིས་རང་བྱུང་གི་ཡལ་ག་དེ་ཀྱ་བཅད་གནང་པི་ཡིན་ནི། ཁྱོད་རང་ཟང་གཅོད་སྲིད་ཀྱི་དིག 22འོ་དེ་ལེ་བརྟེན་ཏེ། དཀོན་མཆོག་གི་བྱམས་སྙིང་རྗི་དིང་ཐུགས་ནན་པོ་མཛད་པ་འདི་གཉིས་ལེ་ལྟོས་དང་། བཀའ་ལེ་མ་ཉན་ཏེ་ནོར་འཁྲུལ་བགྱིད་མཁན་ཀྱ་ལེ་ཐུགས་དྲག་པོ་གནང་གྱོ་འོད་དིག ཡང་ཁྱེད་ཀྱ་མུ་མཐུད་དེ་ཁོང་གི་བྱམས་སྙིང་རྗེའི་ནང་ལེ་གནས་པི་ཡིན་ནི། ཁྱེད་ཀྱ་ལེ་ཟང་བྱམས་སྙིང་རྗི་གནང་གྱི་དིག ཡིན་ནའང་། དེ་ཅོག་འདྲ་མ་བྱས་ནི། ཁྱེད་ཀྱ་ཟང་གཅོད་ཀྱི་དིག 23གལ་སྲིད་ཡ་ཧུ་དཱ་པའི་མི་རིགས་ཀྱ་ཟང་དད་པ་མེད་དི་ས་ལེ་དུས་རྟག་ཏུ་མ་བསྡད་དི་ཡིན་ནི། དཀོན་མཆོག་གིས་ཡང་དང་མཐུད་ནུས་པས་སྔར་ཅོག་འདྲ་མཐུད་ནུས་པ་གནང་གྱི་དིག 24ཁྱེད་ཀྱ་ནི་བདག་མེད་སྐྱུར་རུ་སྡོང་པོ་ནས་བཅད་དེ། བདག་པོ་འོད་ཡོད་སྐྱུར་རུ་སྡོང་པོ་ལེ་མཐུད་དི་ཡིན་ནི། སྔོན་མ་འོད་ཡོད་ཡལ་ག་དེ་ལེ་ལྷག་ཚོད། ཐུགས་རྒྱས་པོས་ངང་ནས་རང་གི་རིགས་རྒྱུད་བཟང་པོ་ཡིན་དི་སྐྱུར་རུ་སྡོང་པོ་དེ་ལེ་མཐུད་གནང་གྱི་དིག
ཡ་ཧུ་དཱ་པའི་མི་ཡེ་རེ་ལེ་ཐར་པ་ཐོབ་པའི་སྐོར།
25ཁྱེད་སྤུན་ཟླ་ཀྱ། ཁྱེད་ཀྱ་ཀྱིས་རང་གིས་རང་ལེ་སྤྱང་གྲུང་ཡིན་དི་མི་རྩི་བའི་ཆེད་དུ། ཁྱེད་ཀྱ་ལེ་ངས་གསང་བ་དེ་ཧ་གོ་རུ་འཇུག་འདོད་འོད། ཡ་ཧུ་དཱ་པ་མིན་པའི་ཕྱིའི་མི་ཀྱ་དཀོན་མཆོག་གི་ཐར་པ་ལེ་ཚུད་པའི་གྲངས་ཚད་དེ་མ་ལོན་བར་དུ། ཡ་ཧུ་དཱ་པའི་མི་རིགས་ཆ་ཤས་ཞིག་སེམས་གྱོང་པོ་བྱུང་པི་དིག 26ཡིན་ནའང་། རྗེས་ལེ་ཡ་ཧུ་དཱ་པ་ཡེ་རེ་ལེ་ཐར་བ་ཐོབ་ཀྱི་དིག ཡང་དེའི་སྐོར་ལེ་ཟང་གསུང་རབ་ཀྱི་མདོ་ནང་ལེ།
ཛ་ཡོན་ཡུལ་ནས་སྐྱོབ་མཁན་ཞིག་ཕེབས་འོང་གི་དིང་། །
དད་མེད་ཡ་ཀོབ་རྒྱུད་པའི་མིའི་སེམས་བསྒྱུར་བར་མཛད། །
27ཡང་ངས་མི་དེ་ཀྱ་ལེ་བོར་འོད་ཡོད་དམ་བཅའ་དེ་ནི། །
ཁོང་ཀྱ་ཀྱི་སྡིག་ཉེས་དེ་སེལ་དུ་འཇུག་རྒྱུ་ཆེད་དུ་ཡིན་དིག །
ཟིན་གསུངས་འོད་དིག#11.27 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 59 ཨང་ 20-21 ལེའུ་ 27 ཨང་ 9 དིང༌། ལུང་སྟོན་པ་ཡེ་རེམ་ཡཱས་བྲིས་པའི་མདོ་ལེའུ་ 31 ཨང་ 33-34 ནང་ལེ་གཟིགས་རོགས། ཛ་ཡོན་ཟེར་རི་དོན་དེ་ནི། ཡི་སི་ར་ཨེལ་གྱི་རྒྱལ་ས་ཡེ་རུ་ས་གླིང་ལེ་ཟེར་རི་དིག 28གཏམ་བཟང་གི་ཆ་ནས། མི་དེ་ཀྱ་ནི་ཁྱེད་ཀྱ་ཀྱི་ཆེད་དུ། དཀོན་མཆོག་གི་དགྲ་བོ་ལེ་བརྩིས་པི་དིག ཡིན་ནའང་། མེས་མེས་ཀྱ་ལེ་གནང་བའི་ཞལ་ཆད་སྒྲུབ་པའི་ཆེད་དུ། དཀོན་མཆོག་གིས་བདམས་གནང་བའི་ཆ་ནས། མི་དེ་ཀྱ་ལེ་བརྩེ་བ་གནང་གྱོ་འོད་དིག 29ཅི་ལེ་ཟེར་ནི། དཀོན་མཆོག་གིས་རང་གི་བྱ་དགའ་དིང་། ཡང་ཞལ་འབོད་གནང་བ་དེ་ཕ་ལེ་ལེན་མི་སྲིད་པའི་ཆེད་དུ་ཡིན་དིག 30སྔར་ཁྱེད་ཕྱི་མི་ཀྱ་ཀྱིས་དཀོན་མཆོག་གི་བཀའ་ལེ་མ་ཉན་འོད་ནའང་། ད་ལྟ་ཡ་ཧུ་དཱ་པ་ཀྱ་ཀྱིས་དཀོན་མཆོག་གི་བཀའ་ལེ་མ་ཉན་པའི་རྐྱེན་གྱིས་ཁྱེད་ཀྱ་ལེ་བྱམས་སྙིང་རྗེ་ཐོབ་འོད་དིག 31ད་ལྟ་ཡ་ཧུ་དཱ་པ་ཀྱ་ཀྱིས་ཁོང་གི་བཀའ་ལེ་མི་ཉན་འོད་ནའང་། ཁྱེད་ཕྱི་མི་ཀྱ་ལེ་གནང་པའི་བྱམས་སྙིང་རྗེའི་རྐྱེན་གྱིས་ཁོང་ཀྱ་ལེ་ཟང་ལེ་བྱམས་སྙིང་རྗེ་འཐོབ་ཀྱི་དིག 32ཅི་ལེ་ཟེར་ནི། དཀོན་མཆོག་གིས་མི་ཡེ་རེ་ལེ་བྱམས་སྙིང་རྗེ་གནང་རྒྱུ་ཆེད་དུ། མི་ཡེ་རེ་ནི་བཀའ་ལེ་མི་ཉན་པའི་ཁོངས་ལེ་འབོར་གནང་པི་དིག
བསྟོད་པ་ཕུལ་ལི་སྐོར།
33དཀོན་མཆོག་གི་ཤེས་བ་དིང་། །
དེ་འདྲའི་ཕུན་སུམ་ཚོགས་པོ་དིང་། །
རྒྱ་ཆེན་པོ་དིང་གཏིང་ཟབ་པོ། །
བརྡར་ཤ་གཅོད་ཁག་པོ་དིང་། །
ཁོང་གི་ཕྱག་ལས་རྟོགས་མི་ནུས། །
34སུས་ཇོ་བོའི་ཐུགས་དགོངས་ཤེས་ཐུབ། །
སུས་ཁོང་ལེ་གྲོས་བསྡུར་བགྱིད་ཐུབ་རྒྱུ། །#11.34 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 40 ཨང་ 13 ནང་ལེ་གཟིགས་རོགས།
35ཁོང་གིས་མི་ལེ་སྐྱིན་ཚབ་འཇལ་དགོས་རྒྱུ་ལེ། །
སྔར་མི་སུ་ཞིག་གིས་ཁོང་ལེ་ཅི་ཕུལ་འོད་དོ། །#11.35 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡོབ་ཀྱིས་བྲིས་པའི་མདོ་ལེའུ་ 41 ཨང་ 11 ནང་ལེ་གཟིགས་རོགས།
36ཡེ་རེ་ཁོང་རང་ནས་འབྱུང་། །
ཡེ་རེ་ཁོང་གི་ཆེད་དུ་ཡིན། །
ཡེ་རེ་ཁོང་གི་དབང་ལེ་འོད། །
ཁོང་ལེ་དུས་ནམ་ཟང་བསྟོད་པ་དིང་། །
གཟི་བརྗིད་འཐོབ་པར་ཤོག ཨ་མེན། །
Currently Selected:
རོ་མཱ་པ། 11: DLPO
Highlight
Copy
Compare
Share
Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.