YouVersion Logo
Search Icon

མཛད་པ། 15

15
ལེའུ་བཅོ་ལྔ།
ཡེ་རུ་ས་གླིང་​རྒྱལ་སའི་ཆོས་ཀྱི་གྲོས་ཚོགས་སྐོར།
1དེ་ནས་ ཡང་ཡ་ཧུ་དཱ་​ལུང་པ་​ནས་​འོངས་པའི་​མི་​ཁ་ཤས་​ཀྱིས་​དད་པ་​བགྱིད་​མཁན་​ཕྱིའི་མི་​ཀྱ་​ལེ། ཁྱེད་​ཀྱ་​ཀྱིས་​ལུང་སྟོན་པ་​མོ་ཤེའི་​ཆོས་ཁྲིམས་​ཅོག་འདྲ། ཕོ་མཚན་གྱི་རྩེ་ལྤགས་​དེ་མ་​བཅད་ནི། ཁྱེད་ཀྱ་ལེ་ཐར་པ་​ཐོབ་​མི་​སྲིད་​འོད་དིག་ཟིན་​བསླབ་བྱ་བསྟན་​པི་​དིག 2འོ་དེ་ལེ་བརྟེན་ཏེ། ཕོལ་ལོལ་​དིང་​པར་ན་པཱ་​ཁོ་གཉིས་མི་​དེ་ཀྱ་​དིང་​སྐྱེན་ལེ་མ་​མཐུན་ཏེ་​རྩོད་​གླེང་ཆེན་པོ་​ཤོར་​རི་དིག ཡང་ཆོས་གྲོགས་སྤུན་ཟླ་ཀྱ་ཀྱིས་ཕོལ་ལོལ་​པར་ན་པཱ་ཁོ་གཉིས་དིང་། ཡང་ཆོས་ཚོགས་​ཀྱི་​མི་​ཁ་ཤས་​ཞིག་​རྩོད་​གླེང་​དེའི་དོན་​ལེ། སྐུ་ཚབ་དིང་​འགན་འཁུར་པ་ཀྱ་​ལེ་འདྲི་​རྒྱུ་​ཆེད་དུ། ཡེ་རུ་ས་གླིང་​རྒྱལ་ས་​ལེ་​རྫོང་​རྒྱུ་​ཐག་གཅོད་བྱས་པི་​དིག 3དེ་ནས་ཆོས་ཚོགས་​ཀྱིས་​མི་དེ་ཀྱ་བརྫངས་​ཕེན། ཁོང་​ཀྱ་​ཕེ་ནི་ཀེ་​དིང་​སཱ་མར་ཡཱ་​ཟེར་​རེ་​ལུང་པ་​དེ་གཉིས་​བརྒྱུད་​ནས་​ཕྱིན་ཏེ། ཡ་ཧུ་དཱ་པ་མིན་པའི་ཕྱི་མི་​ཀྱ་​ཀྱིས་ཡེ་ཤུ་​ལེ་​དད་པ་​བྱས་པའི་​གནས་ཚུལ་​དེ་བཤད་​ཕེན། དད་པ་​བགྱིད་​མཁན་​སྤུན་ཟླ་ཀྱ་​ཟང་གནས་ཚུལ་དེ་ཐོས་ཏེ་དགའ་རི་འཇུ་གུ་​བྱུང་​པི་​དིག 4ཡང་ཕོལ་ལོལ་དིང་པར་ན་པཱ་ཁོ་གཉིས་ཡེ་རུ་ས་གླིང་​རྒྱལ་ས་​ལེ་​སླེབས་ཕེན། རྒྱལ་ས་དེའི་ཆོས་ཚོགས་​དིང་​། སྐུ་ཚབ། འགན་འཁུར་པ་ཀྱ་​ཀྱིས་​ཁོ་གཉིས་ལེ་སྣེ་ལེན་​བྱས་​པི་དིག དེ་ནས་ཁོ་​གཉིས་ཀྱིས་ཁོང་ཀྱ་ལེ། དཀོན་མཆོག་​གིས་​ཁོ་གཉིས་​དིང་​སྐྱེན་​ལེ་​ཕྱགས་ལས་​གནང་བའི་​དོན་​ཡེ་རེ་​བཤད་དི་དིག 5ཡིན་ནའང་། ཕཱ་རུ་ཤི་པ་ཟེར་རི་ཕྱོགས་ཁག་གི་ཁུངས་གཏོགས་ལེ་འོད་ཡོད་​དད་པ་​བགྱིད་མཁན་མི་​ཁ་ཤས་​ཞིག་​ཡར་​ལངས་​ཏེ། ཕྱིའི་མི་​ཀྱ་​ལེ་​ཟང་​ཕོ་མཚན་གྱི་རྩེ་​ལྤགས་​གཅོད་​དགོས་​འོད་​དི་དིང་​། ཡང་ལུང་སྟོན་པ་​མོ་ཤེའི་​ཆོས་ཁྲིམས་ཅོག་འདྲ་​བསྲུང་​དགོས་འོད་དིག་ཟིན་ནན་གྱིས་བསྐུལ་ལི་དིག
6དེ་ནས་​སྐུ་ཚབ་​དིང་​། འགན་འཁུར་པ་ཀྱ་​ཀྱིས་​དོན་​དེའི་སྐོར་ལེ་གྲོས་​བསྡུར་བགྱིད་​རྒྱུ་​ཆེད་དུ་​ཡེ་རེ་​སྐྱེན་​ལེ་​འཛོམས་​པི་དིག 7དེ་ནས་དེའི་སྐོར་ལེ་རྩོད་གླེང་​བྱས་​ཏེ་​ཡུན་​རིང་པོ་​འགོར་​ཕེན། པེ་ཏྲོ་ཡར་​ལངས་​ཏེ། ཁྱེད་སྤུན་ཟླ་ཀྱ། ཁྱེད་​ཀྱ་​ཀྱིས་​ཧ་གོ་བའི་​ཅོག་འདྲ། ཡ་ཧུ་དཱ་པ་མིན་པའི་​ཕྱིའི་མི་ཀྱ་​ལེ་ངའི་བརྒྱུད་ནས་གཏམ་བཟང་​ཐོས་​ཏེ་ཡེ་ཤུ་​ལེ་​དད་པ་བགྱིད་​རྒྱུ་​ལེ། དཀོན་མཆོག་གིས་སྔོན་མ་​ནས་​ཁྱེད་​ཀྱ་​ཀྱི་​ནང་​ནས་​ང་ལེ་བདམས་​གནང་པི་​དིག 8-9ཡང་མིའི་​སེམས་​མཁྱེན་​གནང་མཁན་​དཀོན་མཆོག་​གིས་འུ་ཀྱ་ལེ་དམ་པའི་ཐུགས་ཉིད་གནང་པི་ཅོག་འདྲ། ཁོང་​གིས་ཡ་ཧུ་དཱ་པ་མིན་པའི་ཕྱིའི་མི་རིགས་ཀྱ་ལེ་ཟང་དམ་པའི་ཐུགས་ཉིད་གནང་སྟེ། ཁོང་ཀྱ་ལེ་བདེན་པའི་དཔང་པོ་མཛད་གནང་པི་དིག ཡང་འུ་ཀྱ་དིང་ཁོང་ཀྱ་ཀྱི་བར་ལེ་ཁྱད་པར་མཛད་མ་གནང་སྟེ། དད་པའི་བརྒྱུད་ནས་ཁོང་ཀྱ་ཀྱི་སེམས་དེ་དཀོན་མཆོག་གིས་གཙང་མ་བཟོས་གནང་པི་དིག 10ད་ལྟ་ཁྱེད་ཀྱ་ཀྱིས་​ཅིའི་ཆེད་དུ། འུ་​ཀྱ་​དིང་​ཡང་འུའི་མེས་མེས་ཀྱིས་​ཟང་འཁུར་མ་​ཐུབ་པའི་གཉའ་ཤིང་དེ། སློབ་མ་ཀྱ་ཀྱི་གཉའ་རི་​ལེ་​བཀལ་​ཏེ། དཀོན་མཆོག་​ལེ་​ཉམས་ཚོད་​ཅི་ལེ་བགྱིད་​དི་ཡིན་​དོ། 11ཡིན་ནའང་། ཉེད་​ཀྱ་​ཟང་ཕྱིའི་མི་​ཅོག་འདྲ། ཇོ་བོ་​ཡེ་ཤུའི་​ཐུགས་རྗེ་གཟིགས་སྐྱོང་གི་​བརྒྱུད་ནས་ཐར་པ་​ཐོབ་པི་དེ་ལེ་​ཡིད་ཆེས་​བགྱིད་འོད་ཟིན་​སྨྲས་​པི་​དིག
12དེ་ནས་​དེ་རུ་འཛོམས་འོད་ཡོད་མི་​ཀྱ་ཁ་ཚུམས་ཏེ། པར་ན་པཱ་​དིང་​ཕོལ་ལོལ་​ཁོ་གཉིས་​ཀྱིས་​སྨྲས་​པའི་གཏམ་ལེ་ཉན་ཏེ་བསྡད་དི་དིག ཡང་དེ་སྔོན་​དཀོན་མཆོག་​གིས་​ཁོ་​གཉིས་ཀྱི་བརྒྱུད་ནས་ཕྱིའི་མི་​ཀྱ་ཀྱི་སྐྱེན་ལེ་གྲུབ་​རྟགས་​དིང་​ངོ་མཚར་ཅི་མཛད་པའི་དོན་​དེ་ནི་མི་དེ་ཀྱ་ལེ་བཤད་དི་དིག 13ཁོང་​གཉིས་​ཀྱིས་​དོན་དེ་བཤད་ཚར་རི་​རྗེས་​ལེ། ཡང་ཡ་ཀོབ་ཀྱིས་ཟང་ཁྱེད་​སྤུན་ཟླ་ཀྱ་​ང་​ལེ་​ཉོན་​དང་​། 14ཡ་ཧུ་དཱ་པ་མིན་པའི་ཕྱིའི་མི་ཀྱ་​ལེ། དཀོན་མཆོག་གིས་ཐུགས་རྗེ་​གཟིགས་​གནང་པི་​དིང་​། ཁོང་གི་མཚན་གྱི་དོན་ལེ་མི་རྒྱུད་དེ་​ཀྱ་ཅི་གི་​བྱས་​ཏེ་བདམས་​གནང་པའི་སྐོར་དེ་ནི་ད་ལྟ་སི་མོན་གྱིས་ཁྱེད་ཀྱ་ལེ་བཤད་དི་དིག 15དེ་ནི་ལུང་སྟོན་​པ་ཀྱ་ཀྱིས་གསུངས་པའི་བཀའ་དིང་མཐུན་འོད་དིག ཡང་གསུང་རབ་ཀྱི་ནང་ལེ།
16དེའི་རྗེས་ལེ་ང་རང་འཇགས་ཚུ་ལེ་ལོག་འོང་སྟེ། །
དཱ་བིད་གུར་ཁང་བརྡིབས་པི་དེ་ངས་བཟོ་ལས་བགྱིད། །
མིས་གཏོར་བཤིག་བཏང་བའི་གུར་ཁང་དེ་ནི། །
ངས་ཡང་དང་སྐྱར་བཟོ་བགྱིད་ཀྱི་ཡིན། །
17དེ་ནི་མི་རིགས་གཞན་མ་ཡེ་རེ་ལེ་དིང་། །
ངའི་མིང་བརྒྱུད་ནས་ཕྱིའི་མི་རིགས་ཀུན་གྱིས། །
ཇོ་བོ་དཀོན་མཆོག་འཚོལ་རྒྱུ་ཆེད་དུ་ཡིན་དིག །
18སྔོན་མ་ནས་​དངོས་པོ་​ཡེ་རེ་​ཇོ་བོས། །
གསལ་པོ་བྱས་ཏེ་​བསྟན་​གནང་འོད་དིག །
ཟིན་​གསུངས་​འོད་དིག#15.18 ཚིགས་བཅད་འདི་ནི་ལུང་སྟོན་པ་ཨ་མོ་སཱས་བྲིས་མདོ་ལེའུ་ 9 ཨང་ 11-12 ནང་ལེ་གཟིགས་རོགས། 19འོ་དེ་ལེ་བརྟེན་ཏེ། དཀོན་མཆོག་​གི་​ཕྱོགས་​ལེ་​སེམས་ཁུག་པའི་ཡ་ཧུ་དཱ་པ་མིན་པའི་ཕྱིའི་མི་​ཀྱ་​ལེ་​འོ་བརྒྱལ་​མ་​བཟོས་ཤིག 20དེའི་ཚབ་ལེ། ལྷ་སྐུ་དིང་འབྲེལ་བ་འོད་ཡོད་མི་གཙང་བ་དིང་​། བྱི་བོ་དིང་བྱི་མོ། སྐེ་བཀྱིགས་ཏེ་བསད་དི་དུད་འགྲོའི་ཤ་དིང་ཁྲག་ལེ་འཛེམ་དགོས་འོད་དིག་ཟིན་ཕྱིའི་མི་ཀྱ་ལེ་ཡི་གེ་​ཞིག་བྲིས་ནི་དགའ་མོ་​འོད་དིག་བསམ་གྱི་འདུག#15.20 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེའི་ཆོས་ཁྲིམས་ཅོག་འདྲ་བྱས་ནི། སེམས་ཅན་གྱི་ཚེ་དེ་ནི་ཁྲག་ལེ་གནས་འོད་ཕེན། ཡ་ཧུ་དཱ་པའི་མི་ཀྱ་ཀྱིས་ཁྲག་དིང་། སྐེ་བཀྱིགས་ཏེ་བསད་དི་དུད་འགྲོའི་ཤ་ཟ་མི་ཆོག་འོད་དིག 21ཅི་ལེ་ཟེར་ནི། སྔོན་མ་ནས་ཕེན་​རྒྱལ་ས་རེ་རེ་ལེ་ལུང་སྟོན་པ་མོ་ཤེ​འི་ཆོས་ཁྲིམས་འོད་དི་མ་ཟད། ངལ་གསོ་བའི་​ཉིན་​མ་རེ་རེ་​ལེ་ཡ་ཧུ་དཱ་པའི་​ཚོགས་ཁང་གི་​ནང་ལེ་ཆོས་ཁྲིམས་དེ་​ཀློག་གྱོ་འོད་དིག་ཟིན་​སྨྲས་​པི་​དིག
ཆོས་ཀྱི་གྲོས་ཚོགས་​ཀྱི་མི་ཀྱ་ཀྱིས་​ཕྱིའི་མི་ཀྱ་ལེ་​ཡི་གེ་​བྲིས་པ།
22དེ་ནས་​སྐུ་ཚབ་​དིང་​འགན་འཁུར་པ་​ཀྱ་ཡེ་རུ་ས་གླིང་​ནང་​ལེ་​འོད་​ཡོད་​ཡེ་ཤུའི་​ཆོས་ཚོགས་​ཡེ་རེས་​རང་གི་​ཚོགས་པའི་​ནང་​ནས་​མི་​གཉིས་​བདམས་​ཏེ། ཕོལ་ལོལ་​དིང་​པར་ན་པཱ་ཁོ་​གཉིས་​ཀྱི་​སྐྱེན་​ལེ། སིར་ཡཱ་​ལུང་པའི་​ཨན་ཏི་ཡོག་ཡཱ་​རྒྱལ་ས་​ལེ་​རྫོང་​རྒྱུ་​ཐག་གཅོད་བྱས་པི་​དིག དེ་ནས་ཁོ་​གཉིས་​ཀྱིས་ཆོས་ཚོགས་སྤུན་ཟླ་​དེ་ཀྱ་ཀྱི་ནང་ལེ། འགན་འཁུར་པ་ཡིན་མཁན་པར་ས་པཱ་ཡང་ནི་ཡུ་དཱ་​དིང་​། སི་ལཱ་​ཟེར་མཁན་​ཁོ་གཉིས་​བདམས་པི་དིག 23དེའི་རྗེས་ལེ་ཁོ་གཉིད་ཀྱི་བརྒྱུད་ནས་མི་དེ་ཀྱ་ཀྱི་ཆེད་དུ་ཡི་གེ་ཞིག་བྲིས་ཏེ་བསྐུར་རི་དིག ཡི་གེ་དེའི་ནང་ལེ་ཅི་འོད་དིག་ཟེར་ནི། ཁྱེད་ཀྱ་ཀྱི་སྤུན་ཟླ་ཡིན་དི་སྐུ་ཚབ་དིང་། འགན་འཁུར་པ་ཀྱ་ཀྱིས་ཨན་ཏི་ཡོག་ཡཱ་རྒྱལ་ས་དིང་། སི་རི་ཡཱ་ལུང་པ། ཀི་ལིག་ཡཱ་​་ལུང་པ་ཀྱ་ལེ་བསྡད་འོད་ཡོད་ཡ་ཧུ་དཱ་པ་མིན་པའི་ཕྱིའི་མི་རིགས་ནང་ལེ་དད་པ་བགྱིད་མཁན་ཀྱ་ལེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་འོད། 24ཡང་ཉེད་ཀྱ་ཀྱིས་​མ་བརྫངས་པའི་མི་ཁ་ཤས་​ཤིག་གིས་ཉེད་ཀྱ་ཀྱི་ནང་ནས་ཁྱེད་​ཀྱ་​འོད་ས་ལེ་སླེབས་ཏེ། ཡིན་གཅིག་མིན་གཅིག་ཕོ་མཚན་གྱི་རྩེ་​ལྤགས་​གཅོད་​དགོས་​འོད་ཟེར་རི་དིང་​། ལུང་སྟོན་པ་​མོ་ཤེའི་​ཆོས་ཁྲིམས་​དེ་བསྲུང་དགོས་​འོད་​སྨྲས་པི་དེ་ལེ། ཁྱེད་​ཀྱ་​སེམས་​ཕམ་​པོ་འཇུ་གུ་བྱུང་པི་དིག་ཟིན་ཉེད་ཀྱ་ཀྱིས་ཐོས་བྱུང་། ཡིན་ནའང་། དོན་​ངོ་ཐོག་​བྱས་​ནི་​མི་དེ་ཀྱ་ནི། ཉེད་​ཀྱ་​ཀྱིས་བརྫངས་པི་​མ་དིག 25ཡིན་ནའང་། ཉེད་​ཀྱ་​ཀྱིས་​བློ་སེམས་རྩེ་གཅིག་​གིས་​བརྒྱུད་ནས་མི་གཉིས་བདམས་ཏེ། འུ་​ཀྱ་​ཀྱིས་​སྙིང་​ནས་​བརྩེ་བའི་​པར་ན་པཱ་​དིང་​ཕོལ་ལོལ་​ཁོ་གཉིས་​ཀྱི་​སྐྱེན་​ལེ་​ཁྱེད་ཀྱ་ཀྱི་དྲུང་དུ་​རྫོང་​རྒྱུ་​ཐག་གཅོད་​བྱས་པི་ཡིན། 26ཁོང་​གཉིས་​ནི་​འུ་​ཀྱ་​ཀྱི་​སྐྱབས་མགོན་ཇོ་བོ་​ཡེ་ཤུའི་​དོན་ལེ་རང་གི་སྲོག་ལེ་ཉེན་ཁ་འོད་ནའང་རང་སྲོག་ལེ་མ་འཛེམས་པི་དིག 27འོ་དེ་ལེ་བརྟེན་ཏེ། ཉེད་​ཀྱ་​ཀྱིས་​ཡུ་དཱ་​དིང་​སི་ལཱ་​ཁོ་གཉིས་​བརྫངས་​པི་ཡིན། ཁོ་​གཉིས་​ཀྱིས་​ཡི་གེ་འདིའི་ནང་ལེ་བྲིས་པའི་ནང་དོན་དེ་​ཡེ་རེ་​ཁྱེད་​ཀྱ་​ལེ་​གསལ་པོ་བྱས་ཏེ་ཟེར་གྱི་དིག 28-29ཅི་ལེ་ཟེར་ནི། དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱི་དགོངས་པ་དིང་མཚུངས་པའི་དོན་གལ་ཆེ་བ་འདི་ཀྱ་ལས་ལྷག་ཚོད་ཁུར་པོ་ཁྱེད་ཀྱ་ཀྱི་ཕྲག་པའི་ལྟག་ག་ལེ་འགེལ་རྒྱུ་མན། ཁྱེད་ཀྱ་ཀྱིས་ལྷ་སྐུའི་​མདུན་​ལེ་ཕུལ་​ལི་མཆོད་​རྫས་​མི་གཙང་བ་དིང་​། ཁྲག ཡང་སྐེ་བཀྱིགས་​ཏེ་​བསད་​དི་དུད་འགྲོའི་​ཤ​། བྱི་བོ་དིང་​བྱི་མོ་​བགྱིད་རྒྱུ་དེ་ལེ་འཛེམ་དགོས་​འོད་དིག དོན་​དེའི་རིགས་ལེ་འབྲེལ་བ་ཅི་གང་མེད་ནི་དགའ་མོ་ཡིན་དིག མཇུག་མཐའ་ཁྱེད་ཀྱ་ལེ་བདེ་བ་ཆེའོ་ཟིན་བྲིས་འོད་དིག
སིར་ཡཱ་​ལུང་པ་​ལེ་​འགྲོ་བ།
30དེ་ནས་​ཁོང་​ཀྱ་​ཀྱིས་​བརྫངས་​པའི་མི་དེ་གཉིས་ཨན་ཏི་ཡོག་ཡཱ་​རྒྱལ་ས་​ལེ་​ཕྱིན་​ཏེ། དད་པ་​བགྱིད་​མཁན་​ཀྱ་​རུག་རུག་​བཟོས་​པི་མ་ཟད། ཁོང་ཀྱ་ཀྱིས་བསྐུར་རི་ཡི་གེ་དེ་​གཏད་​དི་​དིག 31དེ་ནས་​ཁོང་ཀྱ་ཀྱིས་ཟང་ཡི་གེ་​དེ་ཀློག་​སྟེ་​སེམས་གསོའི་​ལབ་​བྲིས་​པི་​དེ་​ལེ་​དགའ་རི་​ཆེན་པོ་​བྱུང་​པི་​དིག 32ཡུ་དཱ་​དིང་​སི་ལཱ་​ཁོ་གཉིས་​ནི་​ལུང་སྟོན་པ་ཞིག་ཡིན་ཕེན​། ཆོས་ཚོགས་​ནང་​ལེ་འོད་ཡོད་ཆོས་གྲོགས་སྤུན་ཟླ་ཀྱ་ལེ། དད་པ་​བརྟན་པོ་​བགྱིད་​དགོས་པའི་​སྐོར་​ལེ་​ཁ་བསྒོས་​མང་པོ་​བཅུག་སྟེ། 33རྒྱལ་ས་​དེ་རུ་ཁོ་གཉིས་ཉིན་​མ་མང་པོ་​བསྡད་​དི་​རྗེས་​ལེ། ཆོས་གྲོགས་སྤུན་ཟླ་ཀྱ་ཀྱིས་​ཟང་། དེ་​སྔོན་​ཁོ་​གཉིས་​རྫོང་​མཁན་​ཀྱ་​ཀྱི་​དྲུང་དུ། བློ་བདེ་མོ་​བྱས་​ཏེ་​ལོག་​བརྫངས་​པི་​དིག 34#15.34 གནའ་སྔ་མོའི་གེ་རིག་གི་བཤུས་ཡིག་ཁ་ཤས་ནང་ལེ་འོག་གི་ཚིགས་བཅད་འདི་འོད་དིག 34 ཡིན་ནའང་​། སི་ལཱ་​ཁོ་རང་​མ་ལོག་​སྟེ་བསྡད་​དི་​དིག 35དེ་ནས་​ཕོལ་ལོལ་​དིང་​པར་ན་པཱ་​ཁོ་གཉིས་​ཀྱིས་སྔོན་མ་​ཅོག་འདྲ་​ཨན་ཏི་ཡོག་ཡཱ་​རྒྱལ་ས་​ལེ་​བསྡད་​དི་མ་ཟད། ཆོས་གྲོགས་​གཞན་མ་​དིང་​སྐྱེན་​ལེ། མི་​ཀྱ་​ལེ་​ཇོ་བོ་དཀོན་མཆོག་ གི་​བཀའ་​དིང་​ཆོས་​བཤད་​དི་​དིག
ཕོལ་ལོལ་​དིང་​པར་ན་པཱ་ཁ་བྲལ་བ།
36དེ་ནས་​ཉིན་མ་​ཁ་ཤས་བུད་དི་​རྗེས་ལེ། ཕོལ་ལོལ་​གྱིས་​པར་ན་པཱ་​ལེ། འོ་རང་​གཉིས་པོ་​སྔོན་མ་​ནས་​ཕེན། ཇོ་བོ་​དཀོན་མཆོག་​གི་​བཀའ་​ཤོད་སའི་​རྒྱལ་ས་ལེ་འོད་ཡོད་དད་པ་​བགྱིད་​མཁན་སྤུན་ཟླ་​ཀྱ་​ཀྱི་​གནས་ཚུལ་​ཅི་གི་​འོད་​མེད་​ལྟ་རུ་​འགྲོ་སྨྲས་​པི་དིག 37ཡིན་ནའང་། པར་ན་པཱས་​ཡོ་ཧ་ནན་​མར་ཀུ་ཁོ་འ​ཁྲིད་​འདོད་​བྱུང་​པི་​དིག 38ཡིན་ནའང་​། ཕོལ་ལོལ་​གྱི་​སེམས་​ལེ་​ཡོ་ཧ་ནན་མར་ཀུས་དེ་སྔོན་​ཕམ་ཕིལ་ཡཱ་​ཟེར་​རི་​ལུང་པ་​ལེ། ཁོ་​གཉིས་​དིང་​སྐྱེན་​ལེ་​ཆོས་​དོན་​སྒྲུབ་​ཏུ་​མ་​ཕྱིན་ཏེ། ཁ་​བྲལ་ལི་​རྐྱེན་​གྱིས་​ད་ལྟ་​ཁོ་རང་​འཁྲིད་​ནི་​དགའ་མོ་​འོང་​གྱི་​མ་དིག་​བསམས་​པི་​དིག 39དེ་ནས་​ཁོ་​གཉིས་​གྲོས་​བསྡུར་དེ་ལེ་​སེམས་​མ་​མཐུན་​ཕེན། ཁ་རྩོད་​ཆེན་པོ་​ཤོར་​ཏེ་​ཁ་བྲལ་ལི་​དིང་། པར་ན་པཱས་​ཡོ་ཧ་ནན་མར་ཀུ་ཁོ་འ​ཁྲིད་​དེ་​གྲུ་གཟིངས་​ལེ་​བཞོན་​ཏེ་​ཀིབ་རུ་་​གླིང་ཕྲན་​ལེ་​བུད་​དི་​དིག 40ཡིན་ནའང་། ཕོལ་ལོལ་​གྱིས་​སི་ལཱ་​ཁོ་​བདམས་​ཕེན། དད་པ་​བགྱིད་མཁན་སྤུན་ཟླ་ཀྱ་​ཀྱིས་​ཁོ་གཉིས་ཐུགས་རྗེ་ཅན་གྱི་ཇོ་བོ་དཀོན་མཆོག་ཕྱག་ལེ་བཅོལ་ལི་དིག དེ་ནས་ཁོ་​གཉིས་​ཆོས་ཚོགས་​དིང་​ཁ་​གྱེས་​པའི་རྗེས་ལེ། 41སི་རི་ཡཱ་​ལུང་པ་​དིང་​ཀི་ལིག་ཡཱ་​ཟེར་​རི་​ལུང་པ་དེ་གཉིས་ཀྱི་བརྒྱུད་ནས་ཕྱིན་ཏེ། ལུང་པ་དེའི་ནང་གི་ཆོས་ཚོགས་ཀྱ་ལེ་​དད་པ་​བརྟན་པོ་བགྱིད་དགོས་པའི་སྐོར་ལེ་ཁ་བསྒོས་བཅུག་པི་དིག །

Currently Selected:

མཛད་པ། 15: DLPO

Highlight

Copy

Compare

Share

None

Want to have your highlights saved across all your devices? Sign up or sign in