YouVersion Logo
Search Icon

རོ་མཱ་པ། དེབ་ཀྱི་ངོ་སྤྲོད།

དེབ་ཀྱི་ངོ་སྤྲོད།
སྐུ་ཚབ་པའུ་ལུ་ཡིས་ཡིག་དེ་རོ་མཱ་པ་ཀྱ་ལ་སྤྱི་ལོ་ ༥༥ གཡས་གཡོན་ལ་ཀོ་རིན་ཐུ་ནས་བྲིས་པ་ལགས། པའུ་ལུ་ཁོ་རང་རོམ་རྒྱལ་ས་རུ་འགྲོ་མ་མྱོང་འོད་ད་ལགས། ཡིན་ནའང་ཪོམ་རྒྱལ་ས་རུ་མཱ་ཤི་ཀ་བ་ཀྱ་དང་ཆོས་ཚོགས་ཀྱ་འོད་ད་ལགས། འོ་དེ་སུས་འགོ་བཙུགས་པ་ལེ་སྨྲས་རེ་སུ་ལའང་ཤེས་ཡས་མེད་ད་ལགས། པའུ་ལུ་ཁོ་རང་རོ་མཱ་པ་ཆོས་ཚོགས་ཀྱ་ཡི་གུང་དུ་ལས་ཀ་བྱེད་ཡས། དེ་ནས་འོ་དེ་ནས་ཁོང་ཀྱ་ཡི་རོགས་རམ་གྱི་ཐོག་ནས་ཡི་སི་པེན་ཡུལ་ལ་འགྲོ་ཡས་ཀྱི་འཆར་གཞི་འོད་ད་ལགས།
ཡིག་འདིའི་གཙོ་དོན་ནི་མི་གི་རི་སྡིག་ཅན་ལགས། དེ་ནས་མིའི་ལས་ཀྱ་དང་འཐབ་ཤེས་ཀྱ་ཡི་ཐོག་ནས་ཐར་པ་འཐོབ་ཐུབ་ཡས་མེད་ད་ལགས། ཡིན་ནའང་མཱ་ཤི་ཀ་ལ་དད་པ་བྱས་རེ་དད་པའི་ཐོག་ནས་གཅིག་ཀ། དཀོན་མཆོག་གི་དམིགས་བ་དུ་འོ་རང་ཡང་དག་པ་བྱུང་རེ། ཐར་པ་དང་མཐའ་མེད་ཀྱིན་མི་ཚེ་འཐོབ་ཐུབ་ཀྱི་ལགས་སྨྲས་རེ། པའུ་ལུ་ཡིས་ཡིག་འདི་ལ་བྲིས་འོད་ད་ལགས། དེ་ནས་དཀོན་མཆོག་གི་སྲས་ཡེ་ཤུ་མཱ་ཤི་ཀ་ལ་དད་པའི་སྒོ་ནས། མི་ཀྱ་ཡི་འབྲེལ་བ་དཀོན་མཆོག་མུ་ལ་ཡང་དག་པ་འབྱུང་གིན་གྱི་སྐོར་ལ་གསལ་བཤད་བྱེད་འོད་ད་ལགས།
དཀར་ཆག
ངོ་སྤྲོད་དང་ཡིག་གི་དོན། ༡:༡-༡༧
མི་ལ་ཐར་པ་དགོས་ཀྱིན་གྱི་སྐོར། ༡:༡༨–༣:༢༠
དཀོན་མཆོག་གི་གནང་གིན་ཐར་པའི་ལམ། ༣:༢༡–༤:༢༥
མཱ་ཤི་ཀའི་ནང་མི་ཚེ་གསར་པ། ༥:༡–༨:༣༩
དཀོན་མཆོག་གི་འཆར་གཞིའི་ནང་ཡིས་ར་ཨེལ་།༩:༡–༡༡:༣༦
མཱ་ཤི་ཀ་བ་ཀྱ་ཡི་སྤྱོད་ལམ། ༡༢:༡–༡༥:༡༣
མཐའ་མའི་འཚམས་འདྲི་དང་རང་རང་གི་འཚམས་འདྲི། ༡༥:༡༤–༡༦:༢༧

Highlight

Copy

Compare

Share

None

Want to have your highlights saved across all your devices? Sign up or sign in