རོ་མཱ་པ། 4
4
ཨབ་ར་ཧམ་གྱི་དད་པའི་སྐོར་ལ།
1ད་ཧ་ན་ལུས་ཀྱི་ཆ་ནས་འི་ཀི་མེ་མེ་ཨབ་ར་ཧམ་གྱི་སྐོར་ལ་གི་སྨྲ་གུ་ལགས་སེ། དོན་འདིའི་སྐོར་ལ་ཁོང་ལ་གི་ཐོབ་འོད་གྲོ་བའི།#༤:༡ གསུང་རབ་རིང་འགའ་ལ་འདི་ཚིག་སྒྲུབ་དེ་མ་བྲིས་འོད་ད་ལགས། 2ཨབ་ར་ཧམ་ལས་ཀ་ཡི་ཐོག་ནས་དཀོན་མཆོག་གི་དྲུང་དུ་དྲང་པོ་བྱུང་འོད་ན། ཁོང་ལ་ངོམ་སོ་བྱེད་ཡས་དོན་གཅིག་འོད་ད་ལགས། ཡིན་ནའང་དཀོན་མཆོག་གི་དྲུང་དུ་མེད་ད་ལགས། 3གི་བྱས་རེ་སྨྲ་ན་གསུང་རབ་ཀྱིས་དེ་རེ་གསུངས་ང་ལགས། ཨབ་ར་ཧམ་གྱིས་ཡ་ཧོ་བའི་ལ་དད་པ་བྱས་བ་ལགས། དེ་ནས་ཁོང་པ་ཡིས་ཁོའི་དད་པ་ལ་དྲང་པོ་འོད་ཀྱིན་གོ་བརྩིས་བ་ལགས།#བཀོད་པ། ༡༥:༦
4ད་ལས་ཀ་བྱེད་མཁན་མི་ལ་ཐོབ་ཀྱིན་གླ་ཆ་ནི་སྦྱིན་པ་ཅོག་རེ་མི་བརྩིས་ལ། འོ་དེ་ནས་ཁོའི་ཐོབ་ཐང་ལགས། 5ཡིན་ནའང་ལས་ཀ་མི་བྱེད་མཁན་དང་ཆོས་མི་བརྩིས་མཁན་ཀྱ་ལ་དྲང་པོ་མཛད་ཀྱིན་དཀོན་མཆོག་ལ་དད་པ་བྱས་ན། འོ་དེ་མིའི་དད་པ་གོ་དྲང་པོ་བརྩིས་ལ་ལགས། 6དེ་ནས་ལས་ཀ་གིའང་མ་བྱས་བ་ལ་དཀོན་མཆོག་གི་དྲུང་དུ་དྲང་པོ་བརྩིས་ཙ་མིའི་སྐོར་ལ། རྒྱལ་པོ་དཱ་བིད་ཀྱིས་བྱིན་རླབས་ཆེ་གསུངས་རེ་དེ་རེ་གསུངས་འོད་ད་ལགས།
7སྡིག་པའི་ཉེས་པ་བསལ་ས་མི་ཀྱ་དང་།
སྡིག་པ་བཀབ་ཀ་མི་ཀྱ།
བྱིན་རླབས་ཆེ་ལགས།
8གཙོ་བོ་ཡིས་སྡིག་པ་རྩི་མ་བཞག་མཛད་ཛ།
མི་གོ་བྱིན་རླབས་ཆེ་ལགས།#གསུང་མགུར། ༣༢:༡,༢
9ད་བྱིན་རླབས་དེ་ལྤགས་བོ་བཅད་དེ་རྟགས་བརྒྱབ་གྱ་ཀྱ་ཡི་ཆེད་དུ་གཅིག་ཀ་ལེ། ཡང་ན་ལྤགས་བོ་མ་བཅད་ཅ་ཀྱ་ཡི་ཆེད་དུའང་ལེ། ཨབ་ར་ཧམ་ནི་ཁོ་རི་དད་པ་ཡིས་བྱས་རེ་དྲང་པོ་བརྩིས་བ་ལགས་སྨྲས་རེ་འོ་རང་སྨྲ་ལགས། 10ད་དེ་གང་གི་བྱས་རེ་བརྩིས་བ་ལེ། ཁོང་གིས་ལྤགས་བོ་བཅད་དེ་རྟགས་བརྒྱབ་ཀྱིན་གྱི་ཨེན་ལ་ཡང་ན་གཤམ་ལ་རྩི་བ་ལེ། དེ་ནི་ལྤགས་བོ་བཅད་དེ་རྟགས་བརྒྱབ་ཀྱིན་གྱི་གཤམ་ལ་མིན་ད། རྟགས་བརྒྱབ་ཀྱིན་གྱི་ཨེན་ལ་བྱུང་བ་ལགས། 11ཨབ་ར་ཧམ་གྱིས་ལྤགས་བོ་བཅད་ཀྱིན་རྟགས་མ་བརྒྱབ་གང་ལ་རང་། ཁོང་གིས་དད་པའི་བྱས་རེ་དྲང་པོ་བརྩིས་ཙ་ཡི་རྟགས་ཀྱི་ཆེད་དུ། ཁོང་ལ་ལྤགས་བོ་བཅད་ཀྱིན་རྟགས་དེ་ཐོབ་པ་ལགས། འདིའི་དམིགས་ཡུལ་ནི་ལྤགས་བོ་བཅད་དེ་རྟགས་མ་བརྒྱབ་གྱ། ཡིན་ནའང་དད་པ་བྱེད་མཁན་གི་རིའི་ཡབ་གོ་ཁོང་ལ་ བཀོད་ཡས་ཀྱི་ཆེད་དུ་ལགས། དེ་ནས་ཁོང་ཀྱ་ལ་དད་པ་ཡིས་བྱས་རེ་དྲང་པོ་བརྩི་གི་ལགས། 12དེ་ནས་ཡང་ཨབ་ར་ཧམ་ལྤགས་བོ་བཅད་ཅ་ཀྱ་ཡིའང་ཡབ་ལགས། ཡིན་ནའང་ཁོང་ཀྱ་ཡིས་དད་པ་གོ་འོ་རི་ཡབ་ཨབ་ར་ཧམ་གྱི་ལྤགས་བོ་མ་བཅད་ཨེན་ལ་འོད་ཀྱིན་དད་པ་ཅོག་རེ་འོང་དགོས་བ་ལགས།
དཀོན་མཆོག་གི་ཞལ་ཆད་དད་པའི་སྒོ་ནས་ཐོབ་པ།
13ཨབ་ར་ཧམ་ནི་འཇིག་རྟེན་གྱི་རྒྱུད་འཛིན་འབྱུང་གི་ལགས་གསུངས་རེ། དཀོན་མཆོག་གིས་ཨབ་ར་ཧམ་དང་ཁོང་གི་བུ་རྒྱུད་ཀྱ་ལ་དམ་བཅའ་མཛད་ཛ་གོ། ཆོས་ཁྲིམས་སྲུང་གིན་གྱི་ཐོག་ནས་མ་ལགས། ཡིན་ནའང་དད་པ་ནས་འབྱུང་གིན་དྲང་བདེན་ནས་ལགས། 14ཆོས་ཁྲིམས་སྲུང་མཁན་ཀྱ་འཇིག་རྟེན་གྱི་རྒྱུད་འཛིན་འབྱུང་ན། དད་པ་གོ་སྟོང་པ་དང་། དམ་བཅའ་གོ་དོན་མེད་ཀྱིན་བྱུང་ང་ལགས། 15གི་བྱས་རེ་སྨྲ་ན་ཆོས་ཁྲིམས་ཀྱིས་ཐུགས་ཁྲོ་འཁྱེར་ཏེ་འོང་ང་ལགས། དེ་ནས་ཆོས་ཁྲིམས་མེད་ས་རུ། ཆོས་ཁྲིམས་མི་རྩི་གིན་ལས་ཀ་གོའང་མེད་ཡོང་ང་ལགས།
16འོ་བྱས་རེ་དམ་བཅའ་གོ་ཐུགས་རྗེ་ལ་རྟེན་ཏེ། དེ་ནས་ཨབ་ར་ཧམ་གྱི་བུ་རྒྱུད་གི་རི་ལ་འགན་ལེན་འབྱུང་ཡས་ཀྱི་ཆེད་དུ་དད་པ་ཡི་ཁར་ལ་རག་ལས་ད་ལགས། དེ་དམ་བཅའ་འདི་ནི་ཆོས་ཁྲིམས་སྲུང་མཁན་ཀྱ་ཡི་ཆེད་དུ་གཅིག་ཀ་མིན་ད། ཨབ་ར་ཧམ་གྱི་དད་པ་ཅོག་རེ་འོད་མཁན་ཀྱ་ཡི་ཆེད་དུའང་ལགས། གི་བྱས་རེ་སྨྲ་ན་ཁོང་ནི་འོ་རང་གི་རིའི་ཡབ་ལགས། 17འདིའི་སྐོར་ལ་གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། ངས་ཁྱོད་ལ་མི་རིགས་མང་ང་ཡི་ཨ་རྒས་བཀོད་བ་ཡིན།#བཀོད་པ། ༡༧:༥ མི་ཤི་ཤ་ཀྱ་ལ་གསོན་དུ་མཛད་ཀྱིན་དང་། མེད་ཀྱིན་ཀྱ་ལ་འོད་ཀྱིན་མཛད་ཀྱིན་དཀོན་མཆོག་ལ་ཨབ་ར་ཧམ་གྱིས་དད་པ་བྱས་བ་ལགས། དེ་ནས་ཁོང་གི་དམིགས་བ་དུ་ཨབ་ར་ཧམ་འོ་རི་ཡབ་ལགས།#༤:༡༧ གསུང་རབ་རིང་འགའ་ལ་དེ་རེ་སྨྲས་རེ་བྲིས་འོད་ད་ལགས། དེ་ནས་དཀོན་མཆོག་གི་དམིགས་བ་དུ་དམ་བཅའ་གོ་འགན་ལེན་བྱས་བ་ལགས། 18རེ་བ་བྱེད་ས་དོན་རང་མེད་དེ་གང་ལའང་ཨབ་ར་ཧམ་གྱིས་རེ་བ་བྱས་རེ་དད་པ་བྱས་བ་ལགས། དེ་ནས་ཁོང་མི་རིགས་མང་ང་ཡི་ཡབ་བྱུང་བ་ལགས། འདིའི་སྐོར་ལ་གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། ཁྱོའི་བརྒྱུད་པ་ཀྱ་འོ་དེ་ཚོད་རང་འབྱུང་གི་ལགས།#བཀོད་པ། ༡༥:༥ 19ལོ་བརྒྱ་ཚོད་སླེབས་ཚར་ས་ཨབ་ར་ཧམ་གྱིས། རང་གི་གཟུགས་ཤི་ཚར་ས་ཅོག་རེ་དང་། ས་རཱ་ཡི་བི་ནས་རབས་ཆད་འོད་ཀྱིན་གོ་ཤེས་རེའང་། རང་གི་དད་པ་ཉམས་དུ་མ་བཅུག་པ་ལགས། 20དེ་ནས་དཀོན་མཆོག་གི་དམ་བཅའ་ལ་དད་པ་མེད་ད། ཨབ་ར་ཧམ་གྱིས་དོགས་པ་མ་བྱས་བ་ལགས། ཡིན་ནའང་ཡོལ་ལེ་ཁོང་གི་དད་པ་བརྟན་པོ་བྱུང་རེ་དཀོན་མཆོག་ལ་བསྟོད་པ་ཕུལ་བ་ལགས། 21དེ་ནས་དཀོན་མཆོག་གིས་མཛད་ཛ་དམ་བཅའ་གོ་མཛད་ཐུབ་ཀྱིན་ནུས་མཐུ་ཁོང་པ་ལ་འོད་ད་ལགས་སྨྲས་རེ། ཨབ་ར་ཧམ་བརྟན་ཏེན་འོད་ད་ལགས། 22འོ་བྱས་རེ་ཁོང་གི་དད་པ་ཡི་ཐོག་ནས་དཀོན་མཆོག་གི་དྲུང་དུ་ཁོང་ལ་དྲང་པོ་བརྩིས་བ་ལགས། 23དེ་ནས་ཁོང་དྲང་པོ་བརྩིས་བ་ལགས་སྨྲ་གིན་ཚིག་འདི་ཁོང་གི་ཆེད་དུ་གཅིག་ཀ་བྲིས་པ་མ་ལགས། 24ཡིན་ནའང་འོ་རི་ཆེད་དུའང་བྲིས་པ་ལགས། འོ་རི་གཙོ་བོ་ཡེ་ཤུ་ལ་འཆི་བ་ནས་སྐུ་གསོན་པོ་བཞེངས་ང་མཛད་མཁན། དཀོན་མཆོག་ལ་དད་པ་བྱེད་མཁན་འོ་རང་ཀྱ་ལ་དཀོན་མཆོག་གིས་དྲང་པོ་བརྩི་གི་ལགས། 25འོ་རི་སྡིག་པ་ཀྱ་ཡིས་བྱས་རེ་ཡེ་ཤུ་འཆི་བ་ལ་སྟེར་པ་ལགས། དེ་ནས་འོ་རང་ལ་དྲང་པོ་མཛད་ཡས་ཀྱི་ཆེད་དུ་ཁོང་སྐུ་གསོན་པོ་བཞེངས་དུ་བཅུག་པ་ལགས།།
Currently Selected:
རོ་མཱ་པ། 4: LOY
Highlight
Copy
Compare
Share
Want to have your highlights saved across all your devices? Sign up or sign in
© 2023, Wycliffe Bible Translators, Inc. and Nepal Bible Society