ག་ལ་ཏི་ཡཱ་པ། དེབ་ཀྱི་ངོ་སྤྲོད།
དེབ་ཀྱི་ངོ་སྤྲོད།
ག་ལ་ཏི་ཡཱ་འདི་རོམ་རྒྱལ་ཁབ་ཀྱི་ཡུལ་ཕྱོགས་ཅི་མེ་གཅིག་ལགས། འདི་ཡུལ་ཕྱོགས་དེ་ད་ལྟ་ཡི་ཏུར་ཀི་ཡི་རྒྱལ་ཁབ་ཀྱི་གུང་ཕྱོགས་ལ་འོད་ད་ལགས། ག་ལ་ཏི་ཡཱ་པ་ཀྱ་ལ་བྲིས་བྲ་པའུ་ལུ་ཡི་འདི་ཡིག་དེ། མཱ་ཤི་ཀ་བ་ཆོས་ཚོགས་གཅིག་ལ་གཅིག་ཀ་མིན་ད། པའུ་ལུ་ཁོ་རང་གི་བཙུགས་ཙ་འོ་དེ་ཡུལ་ཕྱོགས་ཀྱི་གཞན་མ་ཆོས་ཚོགས་ཀྱ་ཡི་ཕྱིར་ལའང་བྲིས་པ་ལགས། ག་ལ་ཏི་ཡཱ་རུ་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་ཡིས་ཆོས་ཚོགས་འགོ་བཙུགས་ལུང་མེད་ད་ལ། ཡ་ཧུ་དཱ་པ་མཱ་ཤི་ཀ་བ་ཀྱ་འོ་དེ་ཆོས་ཚོགས་ཀྱ་ལ་འོངས་རེ་པའུ་ལུ་ཡིས་བསླབས་ལ་བསླབ་བྱ་ཀྱ་ལ་ངོ་ལོག་བྱས་བ་ལགས།
པའུ་ལུ་ཡི་བསླབ་བྱ་ཡི་དོན་དག་གཙོ་གོ། མི་ཀྱ་ལ་དད་པ་བྱས་རེ་ཐུགས་རྗེ་ནས་གཅིག་ཀ་ཐར་པ་འཐོབ་ཀྱི་ལགས་སྨྲས་རེ་ལགས། ཡིན་ནའང་ཡ་ཧུ་དཱ་པ་མཱ་ཤི་ཀ་བ་ཀྱ་ཡིས་ག་ལ་ཏི་ཡཱ་རུ་འོད་ཀྱིན་མཱ་ཤི་ཀ་བ་ཀྱ་ལ། ཐར་པ་འཐོབ་ཡས་ལ་དཀོན་མཆོག་གི་ཐུགས་རྗེ་གཅིག་ཀ་མིན་ད་ཡ་ཧུ་དཱ་པ་ཆོས་ལུགས་ཀྱ་རྩི་དགོས་གུ་ལགས་སྨྲས་རེ་དཀྲུགས་པ་ལགས། འདི་བསླབ་བྱ་ཟོག་པོ་ཀྱ་ཡིས་བྱས་རེ། པའུ་ལུ་ལ་ག་ལ་ཏི་ཡཱ་པ་མཱ་ཤི་ཀ་བ་ཀྱ་ཡི་ཕྱིར་ལ་དམི་ཅིག་གི་སྡུག་ང་བྱུང་བ་ལགས། གི་བྱས་རེ་སྨྲ་ན་ཁོང་ཀྱ་ཡིས་འདི་བསླབ་བྱ་ལ་ཁས་ལེན་ན། པའུ་ལུ་ཡིས་བསླབས་ལ་དཀོན་མཆོག་གི་ཐུགས་རྗེ་ཡི་གཏམ་བཟང་གོ་ཆོ་མེད་ཀྱིན་འབྱུང་གི་ལགས། དེ་བསླབ་བྱ་ཟོག་པོ་ཡིས་དཀྲུགས་ཏེ་བཞག་ཞ་ག་ལ་ཏི་ཡཱ་པ་མཱ་ཤི་ཀ་བ་ཀྱ་ལ། ལྡབ་ལེ་དད་པ་བརྟན་པོ་ལ་ལོག་ཡས་ཀྱི་ཕྱིར་ལ་པའུ་ལུ་ཡིས་འདི་ཡིག་དེ་བྲིས་པ་ལགས།
དཀར་ཆག
ངོ་སྤྲོད། ༡:༡-༡༠
པའུ་ལུ་ལ་སྐུ་ཚབ་ཀྱི་དབང་ཆ། ༡:༡༡–༢:༢༡
དཀོན་མཆོག་གི་སྙིང་རྗེའི་གཏམ་བཟང་། ༣:༡–༤:༣༡
མཱ་ཤི་ཀ་བ་ཀྱ་ཡི་ཐར་པ་དང་ལས་འགན། ༥:༡–༦:༡༠
མཐའ་མ། ༦:༡༡-༡༨
Currently Selected:
ག་ལ་ཏི་ཡཱ་པ། དེབ་ཀྱི་ངོ་སྤྲོད།: LOY
Highlight
Copy
Compare
Share
Want to have your highlights saved across all your devices? Sign up or sign in
© 2023, Wycliffe Bible Translators, Inc. and Nepal Bible Society