YouVersion Logo
Search Icon

ག་ལ་ཏི་ཡཱ་པ། 3

3
དད་པ་དང་ཆོས་ཁྲིམས།
1ག་ལ་ཏི་ཡཱ་པ་གླེན་པ་ཀྱ་བོ། ཁྱེད་ཀྱ་ལ་སུས་མཐུ་བརྒྱབ་སོ། ཡེ་ཤུ་མཱ་ཤི་ཀ་རྒྱང་ཤིང་ཁར་ལ་གྲོངས་ཀྱིན་གོ། ཁྱེད་ཀྱི་མིག་གི་གདོང་དུ་ངས་གསལ་བོ་སྟོན་གྱིན་གོ་དྲན་པ་མིན་འདུག་བའི། 2ང་ཁྱེད་ཀྱ་ལ་ལབ་འདི་གཅིག་ཀ་འདྲི་ལ་ཡིན། ཁྱེད་ཀྱ་ལ་ཆོས་ཁྲིམས་ཀྱི་ལས་ཀ་ནས་དམ་པའི་ཐུགས་ཉིད་ཐོབ་སོ། ཡང་མེད་ན་གཏམ་བཟང་གོ་སྟེ་དད་པ་བྱས་རེ་ཐོབ་སོ། 3ཁྱེད་ཀྱ་དམ་པའི་ཐུགས་ཉིད་ནས་འགོ་བཙུགས་ཏེ། ད་ད་ལྟ་ཁྱེད་རི་ཤུགས་ཀྱིས་ཐག་བཅད་ཡས་བྱེད་འདིག། ཁྱེད་ཀྱ་འོ་རེ་གླེན་ད་ལེ། 4ཁྱེད་ཀྱ་ཡིས་དེ་རེ་སྡུག་པོ་མང་ང་དོན་མེད་ད་ལ་མྱངས་བ་ལེ། དངོས་གནས་འོ་དེ་དོན་མེད་ཀྱིན་མ་བྱུང་འོད་གྲོ། 5ཁྱེད་ཀྱ་ལ་དམ་པའི་ཐུགས་ཉིད་གནང་རེ། ཁྱེད་ཀྱ་ཁོག་ཏུ་ཧང་སང་གིན་ལས་ཀ་ཀྱ་མཛད་མཁན་དཀོན་མཆོག་གིས། དེ་ལས་ཀ་གི་རི་ཁྱེད་ཀྱི་ཆོས་ཁྲིམས་ཀྱི་ལས་ཀ་སྒོ་ནས་ལེ། ཡང་མེད་ན་གཏམ་བཟང་མཉན་ཏེ་དད་པ་བྱས་རེ་ལེ།
6ད་ཨབ་ར་ཧམ་ལ་ཆ་བཞག་ན། ཁོས་དཀོན་མཆོག་ལ་དད་པ་བྱས་བ་ལགས། དེ་ནས་དཀོན་མཆོག་གིས་ཁོ་མི་དྲང་པོ་གཅིག་བརྩིས་གནང་བ་ལགས།#བཀོད་པ། ༡༥:༦ 7འོ་བྱས་རེ་དད་པ་བྱེད་མཁན་ཀྱ་ནི་ཨབ་ར་ཧམ་གྱི་ཕྲུ་བ་#༣:༧ ཨབ་ར་ཧམ་གྱི་ཕྲུ་བ་ཀྱ་དཀོན་མཆོག་གི་ཕྲུ་བ་ཡིན།ལགས་སྨྲས་རེ་ཁྱེད་ཀྱ་ཤེས་ལ་བྱེད། 8དཀོན་མཆོག་གིས་དད་པ་ཡི་ཐོག་ནས། ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་ལ་འདག་ཏུ་མཛད་ཡས་ཡིན་གྱིན་གོ། གསུང་རབ་ཀྱིས་ཨེན་ལ་རང་གཟིགས་ཏེ་ཨབ་ར་ཧམ་ལ། ཁྱོའི་ཐོག་ནས་མི་རིགས་གི་རི་ལ་བྱིན་རླབས་འཐོབ་ཀྱི་ལགས།#བཀོད་པ། ༡༢:༣ སྨྲས་རེ་ཨེན་མ་ནས་རང་གཏམ་བཟང་དེ་གསུངས་ང་མཛད་པ་ལགས། 9འོ་བྱས་རེ་དད་པ་བྱེད་མཁན་མི་ཀྱ་གི་རི་ལ་དད་པ་ཡི་མི་ཨབ་ར་ཧམ་མུ་ལ་རང་བྱིན་རླབས་ཐོབ་པ་ལགས།
10ཆོས་ཁྲིམས་ཀྱི་ལས་ཀ་ཀྱ་ལ་རྟེན་མཁན་ཀྱ་ཆད་པ་ཡི་འོག་ལ་བསྡད་ད་ལགས། གི་བྱས་རེ་སྨྲ་ན་གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། ཆོས་ཁྲིམས་ཀྱི་དེབ་ལ་བྲིས་བྲ་གི་རི་བརྩིས་རེ་མེད་གནས་མཁན་ཀྱ་ལ་ཆད་པ་ཕོག་བ་ལགས།#བཀའ་ཁྲིམས། ༢༧:༢༦ 11དཀོན་མཆོག་གི་དྲུང་དུ་ཆོས་ཁྲིམས་ཀྱི་ཐོག་ནས། སུའང་འདག་གི་མ་ལགས་སྨྲས་རེ་གསལ་བོ་འོད་ད་ལགས། གི་བྱས་རེ་སྨྲ་ན་དྲང་བདེན་པ་ནི་དད་པ་ཡི་ཐོག་ནས་རང་གསོན་པོ་གནས་ཀྱི་ལགས།#ཧ་བྷ་ཀུག། ༢:༤ 12ཡིན་ནའང་ཆོས་ཁྲིམས་དེ་དད་པ་ལ་མེད་རྟེན་ད་ལགས། གི་ཡིན་ན་འོ་དེ་བརྩིས་མཁན་ཀྱ་ཆོས་ཁྲིམས་ཀྱི་ཐོག་ནས་རང་འཚོ་བ་བསྐྱལ་གྱི་ལགས།#ལེ་ཝི། ༡༨:༥ 13མཱ་ཤི་ཀ་ཡིས་འོ་རི་ཚབ་ལ་ཆད་པ་བྱུང་རེ་འོ་རང་ལ་ཆོས་ཁྲིམས་ཀྱི་ཆད་པ་ནས་བླུས་བ་ལགས། གི་བྱས་རེ་སྨྲ་ན་ཤིང་ཁར་ལ་བརྐྱངས་མཁན་གི་རི་ཆད་པ་ཕོག་པ་ལགས་#བཀའ་ཁྲིམས། ༢༡:༢༣སྨྲས་རེ་བྲིས་འོད་ད་ལགས། 14ཨབ་ར་ཧམ་ལ་གནང་ན་བྱིན་རླབས་གོ། མཱ་ཤི་ཀའི་ཐོག་ནས་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་ལ་འཐོབ་པར་ཤོག།དེ་ནས་དད་པའི་ཐོག་ནས་འོ་རང་ལ་དམ་བཅའ་མཛད་ཛ། དམ་པའི་ཐུགས་ཉིད་གོ་འཐོབ་པར་ཤོག་སྨྲས་རེ་མཱ་ཤི་ཀ་ཡེ་ཤུ་ཡིས་འོ་རང་ལ་བླུས་རེ་ཐར་པ་མཛད་པ་ལགས།
ཆོས་ཁྲིམས་དང་དམ་བཅའ།
15སྤུན་ཀྱ་བོ། ཞག་མོ་གྲངས་བའི་མི་ཚེ་ལ་བལྟས་རེ་དཔེ་གཅིག་ཆ་བཞག་ན། མི་ཡིས་ཐེ་ཙེ་བརྒྱབ་ཚར་གྱིན་ཁ་ཆེམས་ལ་སུས་འང་སུབ་མི་ཐུབ་ཀྱི་ལགས། དེ་ནས་འོ་དེ་ལ་སྣོན་ཀ་བརྒྱབ་མི་ཐུབ་ཀྱི་ལགས། 16དམ་བཅའ་ཀྱ་ཨབ་ར་ཧམ་དང་ཁོའི་བུ་རྒྱུད་ལ་གནང་བ་ལགས། གསུང་རབ་ནང་དུ་བུ་རྒྱུད་ཀྱ་ལ་སྨྲས་རེ་སྲས་མང་ང་ཡི་སྐོར་ལ་མེད་སྨྲ་ལགས། ཡིན་ནའང་། ཁྱོའི་བུ། སྨྲས་རེ་སྲས་གཅིག་གི་སྐོར་ལ་སྨྲ་ལགས། དེ་ནས་སྲས་འདི་མཱ་ཤི་ཀ་ལགས། 17ངས་སྨྲ་གིན་ལབ་ཀྱི་དོན་དག་གོ་དེ་ལགས། ལོ་བཞི་བརྒྱ་སུམ་ཅུ་གཤམ་ལ་འོངས་བ་ཆོས་ཁྲིམས་འདི་ཡིས་དཀོན་མཆོག་གིས་ཐག་བཅད་ཀྱིན་དམ་བཅའ་དེ་ལ་མེད་ད་ལ་འགྲོ་གིན་བྱས་རེ་བཤིག་མི་ཐུབ་ཀྱི་ལགས། 18གི་བྱས་རེ་སྨྲ་ན་རྒྱུད་འཛིན་དེ་ཆོས་ཁྲིམས་ནས་འཐོབ་ཡས་ཡིན་ན། དམ་བཅའ་ནས་འཐོབ་ཡས་ཀྱི་ལབ་རང་མེད་ཡོང་གི་ལགས། ཡིན་ནའང་དཀོན་མཆོག་གིས་ཨབ་ར་ཧམ་ལ་འདི་དམ་བཅའ་ནས་རང་ཐུགས་རྗེ་མཛད་པ་ལགས།
19ད་ཧ་ན་ཆོས་ཁྲིམས་གནང་གིན་གྱི་དོན་གོ་གི་ལེ། དམ་བཅའ་གནང་ན་སྲས་འདི་མ་ཕེབས་ཀྱིན་ཐུག་པའི། ཉེས་སྐྱོན་ཀྱ་སྟོན་ཡས་ཕྱིར་ལ་དཀོན་མཆོག་གི་བང་ཆེན་ཀྱ་ཡིས་བར་མི་གཅིག་#༣:༡༩ བར་མི་གོ་མོ་ཤེ་ལགས། གི་ཐོག་ནས་ཆོས་ཁྲིམས་གནང་ང་མཛད་པ་ལགས། 20ཕྱོགས་གཅིག་གཅིག་ཀ་འོད་ན་བར་མི་མེད་དགོས་ལ་ལགས། དེ་ནས་དཀོན་མཆོག་གཅིག་རང་ཡིན།
21ད་ཧ་ན་དཀོན་མཆོག་གི་དམ་བཅའ་ཀྱ་ལ་ཆོས་ཁྲིམས་ཀྱིས་རྒྱབ་འགལ་བྱེད་ད་ལེ། དེ་རེ་ཕུ་ཀི་མ་ལགས། ཚེ་གནང་ཐུབ་ཀྱིན་ཆོས་ཁྲིམས་སྟེར་འོད་ན། ཆོས་ཁྲིམས་ནས་རང་དྲང་བདེན་ལ་འགྱུར་ཡས་འོད། 22ཡིན་ནའང་མི་གི་རི་སྡིག་པ་ཡི་འོག་ལ་བསྣེམས་འོད་ད་ལགས་སྨྲས་རེ་གསུང་རབ་ཀྱི་སྨྲ་ལགས། འོ་བྱས་རེ་དཀོན་མཆོག་གི་དམ་བཅའ་དེ་ཡེ་ཤུ་མཱ་ཤི་ཀ་ལ་དད་པ་བྱེད་མཁན་ཀྱ་ལ་འཐོབ་ཀྱི་ལགས། 23ཡིན་ནའང་དད་པ་མ་གྲུབ་ཀྱིན་ཨེན་ལ་འོ་རང་ཆོས་ཁྲིམས་ཀྱི་འོག་ལ་ཆུད་འོད་ད་ལགས། དེ་ནས་དད་པ་མངོན་སུམ་དུ་མ་འགྱུར་གྱིན་ཐུག་པའི་འོ་རང་བསྣེམས་ཏེ་བསྡད་འོད་ད་ལགས། 24འོ་རང་དད་པའི་སྒོ་ནས་དཀོན་མཆོག་དྲུང་དུ་ཡང་དག་པ་འགྱུར་ཡས་ལ། མཱ་ཤི་ཀ་མ་ཕེབས་ཀྱིན་ཐུག་པའི་ཆོས་ཁྲིམས་འོངས་རེ་ལྟ་རྟོག་བྱེད་མཁན་བྱུང་བ་ལགས། 25ཡིན་ནའང་ད་ལྟ་དད་པ་མངོན་སུམ་དུ་གྱུར་ཏེ། ད་འོ་རང་ལྟ་རྟོག་བྱེད་མཁན་ཆོས་ཁྲིམས་ཀྱི་འོག་ཏུ་མེད་ད་ལགས།
དཀོན་མཆོག་གི་སྲས་དང་སྲས་མོ།
26གི་བྱས་རེ་སྨྲ་ན་མཱ་ཤི་ཀ་ཡེ་ཤུ་ལ་དད་པ་བྱས་རེ། ཁྱེད་ཀྱ་གི་རི་དཀོན་མཆོག་གི་སྲས་དང་སྲས་མོ་ལགས། 27མཱ་ཤི་ཀའི་ཐོག་ནས་ཁྲུས་གསོལ་ལེན་མཁན་གི་རི་ཡིས་མཱ་ཤི་ཀའི་གཤིས་ཀ་ལ་ཁས་ལེན་པ་ལགས། 28ད་དེ་ནས་ཧ་ལ་ཁྱེད་ཀྱ་ཡ་ཧུ་དཱ་པ་དང་གྷི་རིག།བྲན་གཡོག་དང་རང་དབང་འོད་མཁན། དེ་ནས་ཕོ་དང་མོ་སྨྲས་རེ་དབྱེ་བ་མིན་ད། མཱ་ཤི་ཀ་ཡེ་ཤུ་ཡི་ཐོག་ནས་གི་རི་གཅིག་པ་ལགས། 29ད་ཁྱེད་ཀྱ་མཱ་ཤི་ཀའི་ཡིན་ན། ཁྱེད་ཀྱ་ཨབ་ར་ཧམ་གྱི་བུ་རྒྱུད་ལགས། དེ་ནས་དཀོན་མཆོག་གི་དམ་བཅའ་ལ་མཐུན་གྱིན་རྒྱུད་འཛིན་ཀྱ་ལགས།།

Highlight

Copy

Compare

Share

None

Want to have your highlights saved across all your devices? Sign up or sign in