YouVersion Logo
Search Icon

ཀོ་ལོ་སཱེ་པ། དེབ་ཀྱི་ངོ་སྤྲོད།

དེབ་ཀྱི་ངོ་སྤྲོད།
སྐུ་ཚབ་པའུ་ལུ་ཡིས་ཡིག་འདི་ཀོ་ལོ་སཱེ་པ་ཀྱ་ལ་སྤྱི་ལོ་ ༦༠ དང་ ༦༡ གཡས་གཡོན་ལ་བྲིས་པ་ལགས། ཀོ་ལོ་སཱེ་ནི་རོམ་རྒྱལ་ཁབ་ཏུ་འོད་ཀྱིན་རྒྱལ་ས་ཅི་མེ་གཅིག་ལགས། པའུ་ལུ་ཨེ་ཕེ་སུ་རུ་འོད་དེ་གང་ལ་ཀོ་ལོ་སཱེ་ནས་མི་རིང་འགའ་ཡིས་པའུ་ལུ་ཡི་གཏམ་བཟང་ལ་མཉན་པ་ལགས། འོ་དེ་ཀྱ་ནས་ཡེ་པབ་རཱ་སྨྲ་གིན་མི་གཅིག་གིས་གཏམ་བཟང་གི་རི་མཉན་ཏེ་ཧ་གོ་སྟེ་ཀོ་ལོ་སཱེ་རུ་ལོག་སྟེ་སོང་བ་ལགས། དེ་ནས་འོ་དུ་རུ་ཁོས་མཱ་ཤི་ཀ་བ་ཆོས་ཚོགས་གསར་པ་གཅིག་འགོ་བཙུགས་པ་ལགས།
འོ་དེ་ཆོས་ཚོགས་དུ་བསླབ་བྱ་ཟོག་པོ་བཤད་མཁན་ཀྱ་འོངས་རེ། དཀོན་མཆོག་ལ་ངོ་ཤེས་ཡས་དང་ཐར་པ་ཚང་གོ་འཐོབ་ཡས་ཀྱི་ཕྱིར་ལ། སེམས་ཉིད་ཀྱི་འགོ་ཁྲིད་ཀྱ་དང་དབང་བྱེད་མཁན་ཀྱ་ལའང་ཕྱག་མཆོད་པ་འབུལ་དགོས་ལ་ལགས། དེ་ནས་འོ་དེ་ཁ་ལ་ལྤགས་བོ་བཅད་ཀྱིན་སྲོལ་རྩི་དགོས་ཡས་དང་ཟ་མ་ཀྱ་དང་། གཞན་མ་ཁྲིམས་ཀྱ་སྲུངས་དགོས་ཡས་ཀྱི་བསླབ་བྱ་ཟོག་པོ་ཀྱ་བསླབས་འོད་ད་ལགས། འོ་བྱས་རེ་ཡེ་པབ་རཱ་ཡིས་པའུ་ལུ་ལ་འོ་དེ་བསླབ་བྱ་ཟོག་པོ་ཀྱ་སེལ་ཡས་ལ། བདེན་པའི་བཀའ་ཡི་ཡིག་གཅིག་ཁོང་གི་ཆོས་ཚོགས་ལ་འབྲི་ཡས་ཀྱི་ཆེད་དུ་ཞུ་བ་ཕུལ་བ་ལགས།
འོ་བྱས་རེ་སྐུ་ཚབ་པའུ་ལུ་ཡིས་ཀོ་ལོ་སཱེ་པ་ཀྱ་ལ་མི་ཡིས་མགོ་སྐོར་བཏང་རེ་མ་བསླུ་ཡས་ཀྱི་ཕྱིར་ལ་ཉེན་བརྡ་བཏང་རེ། གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལ་དད་པ་བྱེད་དགོས་ཡས་དང་། ཁོང་པ་ནས་གཅིག་ཀ་ཐར་པ་ཚང་པོ་འཐོབ་ཀྱི་ལགས་སྨྲས་རེ་བྲིས་འོད་ད་ལགས།།
དཀར་ཆག
ངོ་སྤྲོད། ༡:༡༨
མཱ་ཤི་ཀའི་གཤིས་ཀ་དང་ཕྱག་ལས། ༡:༩–༢:༡༩
མཱ་ཤི་ཀ་ནང་ཚེ་གསར་པ། ༢:༢༠–༤:༦
མཐའ་མ། ༤:༧-༡༨

Highlight

Copy

Compare

Share

None

Want to have your highlights saved across all your devices? Sign up or sign in