ཀོ་ལོ་སཱེ་པ། 2
2
1ཁྱེད་ཀྱ་དང་། ལའོ་དི་ཀེ་ཡཱ་ཡི་མི་ཀྱ་དང་། ངའི་ངོ་རོང་མཐོང་མ་མྱོང་གིན་གཞན་མ་མི་གི་རིའི་ཆེད་དུ། ངས་བརྒྱབ་གྱ་དཀའ་ལས་ཆེ་གོ་ཁྱེད་ཀྱ་ཡིས་ཤེས་ལ་བྱེད་སྨྲས་རེ་ང་འདོད་འདིག་འོད། 2ངས་དེ་རེ་བྱས་ཀྱིན་གྱི་དོན་ནི་ཁྱེད་ཀྱ་ལ་སེམས་ཤུགས་ཐོབ་སྟེ། བྱམས་པའི་སྒོ་ནས་ཁྱེད་ཀྱ་ནང་མཐུན་འབྲེལ་འོང་ཡས་ཀྱི་ཆེད་དུ་ལགས། དེ་ནས་ཁྱེད་ཀྱ་ལ་ཤེས་ཡོན་ཚང་པོའི་གཏེར་གི་རི་འཐོབ་པར་ཤོག།དེ་ནས་དཀོན་མཆོག་གི་གསང་བ་ནི་མཱ་ཤི་ཀ་ཡིན་མཁན་གོ་ཤེས་ལ་ཤོག་སྨྲས་རེ་ལགས། 3མཱ་ཤི་ཀའི་ནང་ཤེས་རབ་དང་རིག་པའི་གཏེར་གི་རི་སྦས་འོད་ད་ལགས།
4མི་སུས་འང་ཁྱེད་ཀྱ་ལ་སླུ་གིན་གཏམ་སྙན་པོ་ཡིས་མགོ་སྐོར་མ་བཏང་བར་ཤོག་སྨྲས་རེ་ང་དེ་རེ་སྨྲ་ཡིན། 5གི་བྱས་རེ་སྨྲ་ན་ང་ལུས་ཀྱི་ཐོག་ནས་ཁྱེད་ཀྱི་གུང་དུ་མེད་ནའང་། སེམས་ཉིད་ཀྱི་ཐོག་ནས་ཁྱེད་ཀྱི་མུ་ལ་འོད། དེ་ནས་ཁྱེད་ཀྱ་ཡི་མཐུན་འབྲེལ་དང་མཱ་ཤི་ཀའི་ཁར་ལ་ཁྱེད་ཀྱི་དད་པ་བརྟན་པོ་འོད་ཀྱིན་གོ་ཧ་གོ་སྟེ་ང་ཉམ་མོ་དགའི་འོད།
མཱ་ཤི་ཀའི་ནང་ཚེ་གསར་པ།
6འོ་བྱས་རེ་ཁྱེད་ཀྱི་མཱ་ཤི་ཀ་ཡེ་ཤུ་ལ་གཙོ་བོ་སྨྲས་རེ་ཁས་ལེན་བྱས་བྱ་ཅོག་རེ། ད་མཱ་ཤི་ཀའི་ནང་མི་ཚེ་པུད། 7དེ་ནས་ཁོང་གི་ནང་རྩ་བ་གཏིང་རིང་པོ་ཚུགས། དེ་ནས་ཁོང་གི་ཁར་ལ་ཁྱེད་རི་མི་ཚེའི་རྨང་གཞི་རྩིག། དེ་ནས་ཁྱེད་ཀྱ་ལ་བསླབས་ལ་ཅོག་རེ་ཁྱེད་རི་དད་པ་ཤུགས་ཆེ་རུ་གཏོང་། དེ་ནས་བཀའ་དྲིན་ཆེ་ཞུ་ཡས་ལ་མང་དུ་གཏོང་།
8མི་སུའི་གཅིག་གིས་འང་ཁྱེད་ཀྱ་ལ་ཁུངས་མེད་ཀྱིན་དང་། སླུ་གིན་བསླབ་བྱ་ཀྱ་ཡི་ཐོག་ནས་དབང་དུ་སྡུད་རུ་མ་ཆུག།དེ་ཀྱ་ནི་མཱ་ཤི་ཀའི་ཐོག་ནས་མིན་ད། མིའི་ལུགས་སྲོལ་དང་འཇིག་རྟེན་གྱི་ལྟ་བ་ཀྱ་ལ་རྟེན་ད་ལགས། 9གི་བྱས་རེ་སྨྲ་ན་དཀོན་མཆོག་གི་ཕུན་སུམ་ཚོགས་པ་གི་རི་ལུས་ལ་མཱ་ཤི་ཀའི་ནང་གནས་ལ་ལགས། 10དེ་ནས་མཱ་ཤི་ཀའི་ནང་ཁྱེད་ཀྱ་ཕུན་སུམ་ཚོགས་པ་མཛད་འོད་ད་ལགས། ཁོང་ནི་དཔོན་པོ་གི་རི་དང་དབང་བསྒྱུར་བྱེད་མཁན་གི་རིའི་དབུ་ལགས།
11མཱ་ཤི་ཀའི་ནང་ཁྱེད་ཀྱ་ཡིས་འང་སྤགས་བོ་བཅད་པ་ལགས། དེ་ནི་མིའི་ལག་པས་བྱས་བྱ་ལྤགས་བོ་བཅད་ཀྱིན་སྲོལ་མ་ལགས། ཡིན་ནའང་ཁྱེད་རི་ཤ་རུས་ཀྱི་འདོད་ཆགས་ཀྱ་མཱ་ཤི་ཀ་ཡིས་བསད་དེ། ཁྱེད་ཀྱ་ཡིས་སྤགས་བོ་བཅད་པ་ལགས། 12དེ་ནས་ཁྲུས་གསོལ་ཞུས་གང་ལ་ཁྱེད་ཀྱ་ཁོང་པ་མུ་ལ་དུར་ཁྲོད་དུ་སྦས་བ་ལགས། དེ་ནས་ཁོང་པ་ལ་འཆི་བ་ནས་སླར་གསོན་པོ་མཛད་ཀྱིན་དཀོན་མཆོག་གི་ནུས་མཐུ་ལ། ཁྱེད་ཀྱ་ཡིས་དད་པ་བྱས་རེ་ཁྱེད་ཀྱ་ལའང་ཁོང་མུ་ལ་གསོན་པོ་མཛད་པ་ལགས།#༢:༡༢ ཁྲུས་གསོལ་ལེན་ཏེ་གང་ལ་ཆུ་ནང་དུ་འཛུལ་གྱིན་གོ་དུར་ཁྲོད་དུ་སྦས་ཀྱིན་དང་ཆུ་ནང་ནས་འཐོན་གྱིན་གོ་མཱ་ཤི་ཀ་མུ་ལ་གསོན་པོ་མཛད་ཀྱིན་ལགས། 13ཁྱེད་ཀྱ་ཁྱེད་རི་སྡིག་པ་ཀྱ་ཡིས་བྱས་རེ་ཤི་ཤ་ཅོག་རེ། དེ་ནས་ལུས་ལ་སྤགས་བོ་མ་བཅད་ཅ་འོད་ད་རང་། དཀོན་མཆོག་གིས་ཁྱེད་ཀྱ་ལ་མཱ་ཤི་ཀ་མུ་ལ་གསོན་པོ་མཛད་པ་ལགས། དེ་ནས་ཁོང་པ་ཡིས་འོ་རི་སྡིག་པ་གི་རི་བསལ་མཛད་དེ། 14འོ་རི་རྒྱབ་འགེལ་ལ་བྲིས་ཏེ་བཞག་ཞ་འོ་རི་སྡིག་པ་ཀྱ་ཡི་སྐྱོན་འཛུགས་ཀྱ་བསུབས་མཛད་པ་ལགས། དེ་ནས་འོ་དེ་ལ་རྒྱང་ཤིང་ཁར་ལ་གཟེར་བརྒྱབ་སྟེ་ཁོང་པ་ཡིས་མེད་ད་ལ་མཛད་པ་ལགས། 15དེ་ནས་དཀོན་མཆོག་གིས་དཔོན་པོ་ཀྱ་དང་། དབང་བསྒྱུར་བྱེད་མཁན་ཀྱ་ཡི་ལག་ཆ་ཀྱ་ཕྲོགས་བ་མཛད་དེ། ཁོང་ཀྱ་ལ་མི་མང་གི་ཁོག་ལ་མངོན་ཏེ་ངོ་ཚ་རུ་བཅུག་པ་ལགས། དེ་ནས་རྒྱང་ཤིང་གི་ཐོག་ནས་ཁོང་ཀྱ་གི་རི་ཁར་ལ་ཁོང་པ་ཡིས་རྒྱལ་ཁ་ཐོབ་མཛད་པ་ལགས།
16འོ་བྱས་རེ་ཟ་ཡས་འཐུང་ཡས། ཡང་ན་དུས་ཆེན། ཡང་ན་གནམ་གང་། ཡང་ན་ངལ་གསོ་གིན་ཉིན་མ་ཀྱ་སྲུང་ཡས་ཀྱི་སྐོར་ལ་མི་སུས་འང་ཁྱེད་ཀྱ་ལ་སྐྱོན་བཅུག་ཏུ་མ་ཆུག། 17དེ་ཀྱ་ནི་འོང་ཡས་ཡིན་གྱིན་གནས་ཚུལ་གྱི་གྲིབ་ཇག་གཅིག་ཀ་ལགས། ཡིན་ནའང་ངོ་ཏོག་གོ་མཱ་ཤི་ཀ་ལགས། 18དེ་ནས་མི་སུས་འང་ཁྱེད་ཀྱ་ལ་ཉམ་ཆུང་འབྱུང་ཡས་དང་། ནམ་མཁའི་བང་ཆེན་ལ་ཕྱག་མཆོད་པ་འབུལ་ཡས་ལ་ཨུ་ཚུགས་བརྒྱབ་སྟེ། ཁྱེད་ཀྱི་བྱ་དགའ་འཕྲོག་ཏུ་མ་ཆུག། དེ་རེ་མི་ཀྱ་རང་གི་མཐོང་སྣང་གི་སྐོར་ལ་ལབ་སྣ་མང་ང་བཏང་ང་ལགས། དེ་ནས་རང་གི་འཇིག་རྟེན་གྱི་བསམ་བློ་བཏང་སྟངས་ལ་ཁོང་ཀྱ་དོན་མེད་དུ་ང་རྒྱལ་གྱིས་ཁངས་ང་ལགས། 19དེ་རེ་ཀྱ་ནི་སྐུ་ལུས་ཀྱི་དབུ་ཡིན་མཁན་མཱ་ཤི་ཀ་ནས་ཁ་བྲལ་འོད་ད་ལགས། དེ་དབུ་ནས་རང་གཟུགས་གི་རི་ལ་རུས་ཚིགས་དང་རྒྱུས་པ་ཡི་ཐོག་ནས་བཅུད་འབྱོར་ཏེ་མུ་ལ་སྒྲིག་སྟེ། དཀོན་མཆོག་ནས་འབྱུང་གིན་འཚར་ལོངས་ལ་སྐྱེས་རེ་འགྲོ་བ་ལགས།
མཱ་ཤི་ཀའི་ཐོག་ནས་ཚེ་གསར་པ།
20ཁྱེད་ཀྱ་འཇིག་རྟེན་གྱི་ལྟ་བ་ཀྱ་ནས་མཱ་ཤི་ཀ་མུ་ལ་ཤི་བ་ཡིན་ན། ཁྱེད་ཀྱ་དོ་རང་འང་དེ་འཇིག་རྟེན་གྱི་ཡིན་གྱིན་ཅོག་རེ་མི་ཚེ་གི་བྱས་རེ་པུད་ད་ལེ། ཁྲིམས་ཀྱ་ཡི་འོག་ལ་གི་བྱས་རེ་སྒུར་ར་ལེ། 21མ་ཟིམ། བྲོ་བ་མ་ལེན། དེ་ནས་མ་འཇུ། 22(དེ་གི་རི་མིས་ལག་ལེན་བཏང་རེ་རྫོགས་ཏེ་འགྲོ་བ་ལགས།) དེ་ཀྱ་ནི་མིའི་ཁྲིམས་དང་བསླབ་བྱ་ཀྱ་ལ་རྟེན་ད་ལགས། 23དེ་རེ་ཁྲིམས་ཀྱ་ཡི་རང་གི་བཟོས་ས་ཆོས་ཀྱ་དང་། ཉམ་ཆུང་ཟོག་པོ་སྟོན་ཡས་དང་། ལུས་ལ་སྐྱོན་བཏང་ཡས་ལ་ཤེས་རབ་སྟོན་གྱིན་ཅོག་རེ་བྱེད་ད་ལགས། ཡིན་ནའང་དེ་རེ་ཀྱ་ཡིས་ཤ་རུས་ཀྱི་འདོད་ཆགས་ཀྱ་དབང་དུ་སྡུད་ཡས་ལ་ཕན་མེད་ཐོགས་བ་ལགས།།
Currently Selected:
ཀོ་ལོ་སཱེ་པ། 2: LOY
Highlight
Copy
Compare
Share
Want to have your highlights saved across all your devices? Sign up or sign in
© 2023, Wycliffe Bible Translators, Inc. and Nepal Bible Society