YouVersion Logo
Search Icon

༢ ཀོ་རིན་ཐུ་པ། 4

4
གཏམ་བཟང་གི་འོད།
1འོ་བྱས་རེ་དཀོན་མཆོག་གི་སྙིང་རྗེའི་སྒོ་ནས་འེ་ཀྱ་ལ་འདི་ཞབས་ཕྱི་དེ་ཐོབ་སྟེ། འེ་ཀྱ་སེམས་ཤུགས་མེད་ཆགས། 2ཡིན་ནའང་འེ་ཀྱ་ཡིས་གསང་བ་དང་ངོ་ཚ་གིན་ལས་ཀ་གི་རི་སྤངས་འོད། དེ་ནས་འེ་ཀྱ་སླུ་བྲིད་དང་དཀོན་མཆོག་གི་བཀའ་ལ་གཡོ་ཡས་ཀྱི་ལས་ཀ་ཀྱ་མི་བྱེད་འོད། ཡིན་ནའང་དཀོན་མཆོག་གི་དམིགས་བ་དུ་མི་གི་རིའི་ཤེས་བཟང་ལ་འེ་ཀྱ་མི་དགའ་ཡིན་གྱིན་གོ་སྟོན་ཡས་ལ། འེ་ཀྱ་བདེན་པའི་བཀའ་གོ་གསལ་བོ་བྱས་རེ་གསལ་བསྒྲགས་བྱེད་འདིག་འོད། 3ཡང་འི་ཀིས་བཤད་ཀྱིན་གཏམ་བཟང་གོ་བཀབ་འོད་ན། འོ་དེ་ནི་མེད་ད་ལ་འགྲོ་མཁན་ཀྱ་ཡི་ཆེད་དུ་གཅིག་ཀ་བཀབ་འོད་ད་ལགས།
4ཁོང་ཀྱ་ཡི་སྐོར་ལ་བཤད་དགོས་ན། དཀོན་མཆོག་གི་དབྱིབས་ཡིན་གྱིན་མཱ་ཤི་ཀའི་གཟི་བརྗིད་ཀྱི་གཏམ་བཟང་གོ་ཁོང་ཀྱ་ལ་མཐོང་དུ་མི་བཅུག་ཡས་ལ། འདི་འཇིག་རྟེན་གྱི་ལྷ་ཡིས་དད་པ་མི་བྱེད་མཁན་ཀྱ་ཡི་སེམས་ཞ་ར་ཀྱ་ལད་མོ་མེད་མཐོང་གིན་བཟོས་འོད་ད་ལགས། 5གི་བྱས་རེ་སྨྲ་ན་འེ་ཀྱ་རང་གི་སྐོར་ལ་མིན་ད། ཡིན་ནའང་འེ་ཀྱ་ཡེ་ཤུའི་ཆེད་དུ་ཁྱེད་ཀྱ་ཡི་ཞབས་ཕྱི་པ་བྱུང་རེ། ཡེ་ཤུ་མཱ་ཤི་ཀ་རང་གཙོ་བོ་ཡིན་སྨྲས་རེ་གསལ་བསྒྲགས་བྱེད་ད་ཡིན།
6ཡེ་ཤུ་མཱ་ཤི་ཀའི་ཞལ་ལ་མཇལ་གྱིན་དཀོན་མཆོག་གི་གཟི་བརྗིད་གོ་འོ་རིས་ཤེས་ལ་ཤོག་སྨྲས་རེ། མུ་ནག་ནང་འོད་འབྱུང་བར་ཤོག་གསུངས་རེ་གསུངས་ཀྱིན། འོ་རི་དཀོན་མཆོག་གི་འོད་དེ་འོ་རི་སེམས་ནང་དུ་ཤར་དུ་མཛད་པ་ལགས། 7ཡིན་ནའང་དཔག་ཏུ་མེད་ཀྱིན་ནུས་མཐུ་གོ་འེ་ཀྱ་ཡི་མིན་ད། དཀོན་མཆོག་གི་ལགས་སྨྲས་རེ་སྟོན་ཡས་ཀྱི་ཆེད་དུ། འོ་དེ་གཏེར་དེ་འོ་རི་རྫ་མ་ཡི་སྣོད་ནང་དུ་འོད་ད་ལགས། 8ཕྱོགས་གི་རི་ནས་འེ་ཀྱ་ལ་བསྣེམས་འོད་ད་ལགས། ཡིན་ནའང་འེ་ཀྱ་མ་བཙིར་འོད། དེ་ནས་འེ་ཀྱ་འཐོམས་ཏེ་བསྡད་འོད། ཡིན་ནའང་སེམས་ཤུགས་ཆགས་ཏེ་མ་བསྡད་འོད། 9འེ་ཀྱ་ལ་སྡུག་སྦྱོང་ཕོག་འོད། ཡིན་ནའང་སྤངས་པ་མེད། དེ་ནས་འེ་ཀྱ་ལ་སྡུང་དག་ཕོག་འོད་ན། འེ་ཀྱ་མེད་ད་ལ་མ་སོང་འོད། 10དེ་ནས་ཡེ་ཤུའི་ཚེ་སྲོག་འི་ཀི་ལུས་ལ་མངོན་ད་ཤོག་སྨྲས་རེ། འེ་ཀྱ་ཙོག་བའི་ཁོང་པའི་འཆི་བ་གོ་འེ་རི་ལུས་ལ་འཁྱེར་ཏེ་རྒྱུག་བའི་འོད། 11གི་བྱས་རེ་སྨྲ་ན་ཡེ་ཤུའི་ཚེ་སྲོག་འོ་རི་འཆི་བ་ལ་འགྲོ་ཡས་ཡིན་གྱིན་ལུས་ལ་མངོན་ད་ཤོག་སྨྲས་རེ། འོ་རང་གསོན་པོ་འོད་མཁན་ཀྱ་ཙོག་བའི་ཡེ་ཤུའི་ཆེད་དུ་འཆི་བའི་ཁར་ལ་ཆུད་ད་ལགས། 12འོ་བྱས་རེ་འཆི་བས་འི་ཀི་མི་ཚེ་ལ་ལས་ཀ་བྱེད་ད་ལགས། ཡིན་ནའང་ཚེ་ནི་ཁྱེད་ཀྱ་ཡི་མི་ཚེ་ལ་ལས་ཀ་བྱེད་ད་ལགས།
13གསུང་རབ་ལ་དེ་རེ་བྲིས་བྲ་ངས་དད་པ་བྱས་བའི། འོ་བྱས་རེ་ངས་ལབ་བཏང་བའི། གསུངས་རེ་གསུངས་ཀྱིན་དད་པའི་ཐུགས་ཉིད་གཅིག་པ་གོ་འི་ཀི་ནང་འོད་ཀྱིན་བྱས་རེ་འེ་ཀྱའང་དད་པ་བྱེད་འདིག་འོད། འོ་བྱས་རེ་འེ་ཀྱ་ལབ་བཏང་ང་ཡིན། 14གི་བྱས་རེ་སྨྲ་ན་གཙོ་བོ་ཡེ་ཤུ་ལ་སྐུ་གསོན་པོ་བཞེངས་ང་མཛད་ཀྱིན་ཁོང་པ་ཡིས་འེ་ཀྱ་ལ་ཡེ་ཤུ་མུ་ལ་གསོན་པོ་མཛད་ཀྱི་ལགས། དེ་ནས་འེ་ཀྱ་ལ་ཁྱེད་ཀྱི་མུ་ལ་ཁོང་པ་ཡི་དྲུང་དུ་འཁྲིད་བ་མཛད་ད་ལགས་སྨྲས་རེ་འེ་ལ་ཤེས་ཡས་འོད། 15གི་བྱས་རེ་སྨྲ་ན་དེ་ཀྱ་གི་རི་ཁྱེད་ཀྱ་ལ་ཕན་ཡས་ཀྱི་ཆེད་དུ་ལགས། དེ་ནས་དེ་ནི་ཐུགས་རྗེ་གོ་མི་མང་ང་རྩ་རུ་འཕེལ་རེ་འགྲོ་བ་རང་། དཀོན་མཆོག་གི་གཟི་བརྗིད་འོངས་ཡས་ལ་བཀའ་དྲིན་ཆེ་ཞུ་ཡས་གོའང་འཕེལ་ཡས་ཀྱི་ཆེད་དུ་ལགས།
དད་པའི་སྒོ་ནས་མི་ཚེ་བསྐྱལ་ཡས།
16འོ་བྱས་རེ་འེ་ཀྱ་སེམས་ཤུགས་ཆགས་ཏེ་མེད་བསྡད་འོད། འི་ཀི་ཕི་དེ་ལུས་ཉམས་ཏེ་འགྲོ་ནའང་། འི་ཀི་སེམས་ཉིད་ནི་ཞག་མོ་གྲང་བའི་གསར་པ་བྱུང་རེ་འགྲོ་བ་ལགས། 17གི་བྱས་རེ་སྨྲ་ན་ཡུན་ཐུང་ང་ཡི་སྡུག་པོ་ཡང་ང་འདིའི། འེ་ཀྱ་ཡི་ཆེད་དུ་སྡུར་ཡས་མེད་ཀྱིན་མཐའ་མེད་པའི་གཟི་བརྗིད་གོ་གྲ་སྒྲིག་བྱེད་འདིག་འོད་ད་ལགས། 18འོ་བྱས་རེ་འེ་ཀྱ་མཐོང་གིན་ཀྱ་ལ་མིན་ད་མེད་མཐོང་གིན་དོན་ཀྱ་ལ་ལྟའི་འོད། གི་བྱས་རེ་སྨྲ་ན་མཐོང་གིན་ཀྱ་ནི་གནས་སྐབས་ཀྱི་ཆེད་དུ་ལགས། ཡིན་ནའང་མེད་མཐོང་གིན་གོ་ནི་མཐའ་མེད་པའི་ཆེད་དུ་ལགས།།

Highlight

Copy

Compare

Share

None

Want to have your highlights saved across all your devices? Sign up or sign in