YouVersion Logo
Search Icon

༢ ཀོ་རིན་ཐུ་པ། 1

1
1དཀོན་མཆོག་གི་ཐུགས་དགོངས་ཐོག་ནས་མཱ་ཤི་ཀ་ཡེ་ཤུའི་སྐུ་ཚབ་ང་པའུ་ལུ་དང་། འི་ཀི་སྤུན་ཏི་མོ་ཐེའུ་ནས་ཀོ་རིན་ཐུ་རུ་འོད་ཀྱིན་དཀོན་མཆོག་གི་ཆོས་ཚོགས་དང་། ཨ་ཀ་ཡི་ཡཱ་ནང་གི་རི་རུ་འོད་ཀྱིན་དམ་པའི་མི་གི་རི་ལ།
2འོ་རི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཁྱེད་ཀྱ་ལ་ཐུགས་རྗེ་དང་ཞི་བདེ་ཐོབ་པར་ཤོག།
དཀོན་མཆོག་ལ་བསྟོད་པ་ཕུལ་བ།
3འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་དཀོན་མཆོག་དང་ཡབ་ལ་བསྟོད་པར་འོང་བར་ཤོག། དེ་ནས་སྙིང་རྗེ་ཅན་གྱི་ཡབ་དང་སེམས་གསོ་གི་རིའི་དཀོན་མཆོག་ལ་བསྟོད་པ་འོང་བར་ཤོག། 4ཁོང་པ་ཡིས་འོ་རང་ཀྱ་ཡི་སྡུང་ང་གི་རི་ལ་སེམས་གསོ་མཛད་ད་ལགས། དེ་ནས་དཀོན་མཆོག་ནས་འོ་རང་ལ་ཐོབ་ཐ་སེམས་གསོ་དེ་ནས་རང་། འོ་རང་ཀྱ་ཡིས་འང་སྡུག་པོ་མྱངས་མཁན་ཀྱ་ལ་སེམས་གསོ་སྤོར་ཐུབ་ཀྱི་ལགས།
5གི་བྱས་རེ་སྨྲ་ན་འོ་རང་མཱ་ཤི་ཀའི་སྡུག་བསྔལ་ལ་ག་ཚོད་མང་ང་འཐད་འདུག་བའི། འོ་དེ་རེ་རང་བྱས་རེ་མཱ་ཤི་ཀའི་ཐོག་ནས་དཀོན་མཆོག་གིས་འོ་རང་ལ་སེམས་གསོ་མོད་ཆོ་ལི་གནང་གི་ལགས། 6འེ་ཀྱ་ལ་སྡུག་པོ་འབྱུང་ན། འོ་དེ་གོ་ཁྱེད་ཀྱ་ལ་སེམས་གསོ་དང་ཐར་པ་འཐོབ་ཡས་ཀྱི་ཆེད་དུ་ལགས། དེ་ནས་འེ་ཀྱ་ལ་སེམས་གསོ་ཐོབ་འོད་ན། ཁྱེད་ཀྱ་ལ་སེམས་གསོ་འཐོབ་ཀྱི་ལགས། དེ་ནས་འི་ཀིས་མྱངས་མྱ་སྡུག་པོ་ཅོག་རེ། ཁྱེད་ཀྱ་ཡིས་འོ་དེ་སྡུག་པོ་གོ་བཟོད་པ་བྱས་རེ་འགོ་མ་རང་ཁྱེད་ཀྱ་ཡིས་འང་། འོ་དེ་རང་སེམས་གསོ་ཉམས་མྱོང་བྱེད་ཀྱི་ལགས། 7དེ་ནས་ཁྱེད་ཀྱ་ཡི་ཆེད་དུ་འི་ཀི་རེ་བ་བརྟན་པོ་འོད། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་འི་ཀི་སྡུག་པོ་མུ་ལ་མྱངས་ཀྱིན་ཅོག་རེ་རང་། འེ་ཀྱ་ལ་ཐོབ་ཐ་སེམས་གསོ་གོ་ཁྱེད་ཀྱ་ལ་འཐོབ་ཀྱི་ལགས་སྨྲས་རེ་འེ་ཀྱ་ལ་ཤེས་ཡས་འོད།
8སྤུན་ཀྱ་བོ། འི་ཀིས་ཨེ་ཞི་ཡཱ་རུ་མྱངས་ཀྱིན་སྡུག་པོ་གོ་ཁྱེད་ཀྱ་ཡིས་ཤེས་ལ་བྱེད་སྨྲས་རེ་འེ་ཀྱ་འདོད་འདིག་འོད། འེ་ཀྱ་བཟོད་པ་སྒོམ་མི་ཐུབ་ཀྱིན་དམི་ཅིག་གི་སྡུག་པོ་ཆེ་ལ་ཆུད་དེ། འེ་ཀྱ་གསོན་པོ་བསྡད་གྲོ་སྨྲས་རེ་རེ་བའང་མ་བྱུང་། 9འེ་ཀྱ་ལ་བསད་ཡས་ཀྱི་ཆད་པ་ཕོག་གིན་ཅོག་རེ་ཚོར་སོང་། ཡིན་ནའང་དེ་ནི་འེ་ཀྱ་རང་ལ་སྟོན་ཡས་མིན་ད། གཤིན་པོ་ལ་གསོན་པོ་མཛད་ཀྱིན་དཀོན་མཆོག་ལ་སྟོན་དགོས་ཡས་ཀྱི་ཆེད་དུ་བྱུང་བ་ལགས། 10ཁོང་པ་ཡིས་འེ་ཀྱ་ལ་འོ་རེ་འཇིགས་སྐྲག་ཆེ་ཉེན་ཁ་ནས་སྐྱོབ་མཛད་སོང་། དེ་ནས་ཁོང་གིས་འེ་ཀྱ་ལ་ཡང་སྐྱོབ་མཛད་ཀྱི་ལགས། དེ་ནས་མ་འོངས་པར་ལའང་ཁོང་པ་ཡིས་འེ་ཀྱ་ལ་སྐྱོབ་མཛད་ཀྱི་ལགས་སྨྲས་རེ་འེ་ཀྱ་ལ་རེ་བ་འོད། 11ཁྱེད་ཀྱ་ཡིས་སྨོན་ལམ་གྱི་ཐོག་ནས་འེ་ཀྱ་ལ་རོགས་བ་བྱས་བ་ལགས། འོ་བྱས་རེ་སྨོན་ལམ་མང་ང་ཡི་ཐོག་ནས་འེ་ཀྱ་ལ་ཐོབ་ཐ་བྱིན་རླབས་ཀྱ་ཡི་ཆེད་དུ། འི་ཀི་ཚབ་ལ་མི་མང་ང་ཡིས་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ་གི་ལགས།
པའུ་ལུའི་འཆར་གཞི་འགྱུར་གྱིན་གྱི་སྐོར།
12འི་ཀིས་ངོམ་གསོ་བྱེད་ཡས་ཀྱི་དོན་ནི། འདི་འཇིག་རྟེན་གྱི་མི་ཀྱ་མུ་ལ་འི་ཀི་སྤྱོད་པ་དང་དམིགས་བསལ་དུ་ཁྱེད་ཀྱ་མུ་ལ་འི་ཀི་འབྲེལ་བ་ནི། དཀོན་མཆོག་ནས་འབྱུང་གིན་སེམས་དྲང་པོ་དང་གཙང་མ་ཐོག་ནས་ཡིན་གྱིན་གོ་འི་ཀི་ཤེས་ཡོན་གྱིས་རང་དཔང་པོ་བྱེད་ད་ལགས། དེ་ནི་འཇིག་རྟེན་གྱི་ཤེས་རབ་ཀྱི་ཐོག་ནས་མིན་ད། དཀོན་མཆོག་གི་ཐུགས་རྗེ་ཐོག་ནས་བྱུང་བ་ལགས། 13དེ་ནས་ཁྱེད་ཀྱ་ཡིས་སྒྲོག་མི་ཐུབ་ཀྱིན་དང་ཧ་གོ་མི་ཐུབ་ཀྱིན་ལབ་ཀྱ་འེ་ཀྱ་མི་འབྲི་འོད། 14དེ་ནས་ཁྱེད་ཀྱ་ཡིས་འི་ཀི་སྐོར་ལ་ཏི་ཏེ་གཅིག་ཧ་གོ་ཚར་གྱིན་བྱས་རེ། ད་འི་ཀི་སྐོར་ལ་གི་རི་ཧ་གོ་ར་ཤོག་སྨྲས་རེ་ངའི་རེ་བ་འོད། དེ་ནས་གཙོ་བོ་ཡེ་ཤུ་ཡང་ཕེབས་ཡས་ཡིན་གྱིན་ཉིན་མ་ལ་འེ་ཀྱ་ཡིས་ཁྱེད་ཀྱི་ཕྱིར་ལ་ངོམ་གསོ་བྱེད་ཀྱིན་ཅོག་རེ། ཁྱེད་ཀྱ་ཡིས་འང་འི་ཀི་ཕྱིར་ལ་ངོམ་གསོ་བྱེད་ཐུབ་ཀྱི་ལགས།
15འདི་ལབ་དེ་ང་ལ་བརྟན་བརྟན་ཤེས་ཡས་བྱས་རེ། ཁྱེད་ཀྱ་ལ་ལྡབ་ལེ་བྱིན་རླབས་ཐོབ་པར་ཤོག་སྨྲས་རེ་ང་ཨེན་ལ་ཁྱེད་ཀྱི་རྩ་རུ་འོང་ཡས་ཀྱི་འདོད་པ་བྱས་བའི། 16ང་མ་ཀེ་དོན་ཡཱ་རུ་འགྲོའི་གང་ལ་ཁྱེད་ཀྱ་ལ་ཐུག་ཡས། དེ་ནས་ཡང་མ་ཀེ་དོན་ཡཱ་ནས་ཁྱེད་ཀྱ་རྩ་རུ་ལོག་སྟེ་འོང་ཡས། དེ་ནས་ཁྱེད་ཀྱ་ནས་རང་ང་ལ་ཡུ་དེ་ཡཱ་རུ་འགྲོ་ཡས་ཀྱི་རོགས་བ་རག་ཡས་གོ་ངས་འདོད་པ་བྱས་འོད། 17ངས་དེ་རེ་འདོད་པ་བྱས་ཀྱིན་གོ་བརྟན་པོ་མེད་ཀྱིན་ཅོག་རེ་འདུག་བའི། ཡང་ན་དུས་གཅིག་ལ་རང་ལགས་ལགས། དེ་ནས་མ་ལགས་མ་ལགས་སྨྲས་རེ་འཇིག་རྟེན་གྱི་མི་ཀྱ་ཅོག་རེ་ངའི་འཆར་གཞི་ཀྱ་བཟོས་འདུག་བའི། 18ཡིན་ནའང་དཀོན་མཆོག་བློ་གཏད་ཆོག་པ་འོད་ཀྱིན་ཅོག་རེ། འི་ཀིས་ཁྱེད་ཀྱ་ལ་ལགས་དང་མ་ལགས་སྨྲ་གིན་གྱི་གཏམ་ཀྱ་མ་བཤད་འོད། 19གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡི་ཁོག་ཏུ་ང་སིལ་ཝ་ནུ་དང་། ཏི་མོ་ཐེའུ་ཡི་གཏམ་བཟང་བཤད་ཤ་དཀོན་མཆོག་གི་སྲས་ཡེ་ཤུ་མཱ་ཤི་ཀ་ནི་ལགས་དང་མ་ལགས་སྨྲས་རེ་མ་ལགས། ཡིན་ནའང་ཁོང་གི་ནང་ཙོག་བའི་ལགས་གཅིག་ཀ་འོང་ང་ལགས། 20གི་བྱས་རེ་སྨྲ་ན་དཀོན་མཆོག་གི་དམ་བཅའ་གི་རི་ཁོང་པ་ཡི་ནང་འགྲུབ་བ་ལགས། འོ་བྱས་རེ་དཀོན་མཆོག་གི་གཟི་བརྗིད་ཀྱི་ཆེད་དུ་ཁོང་གི་ཐོག་ནས་འོ་རང་ཨ་མེན་སྨྲ་ལགས། 21ད་འེ་ཀྱ་ལ་ཁྱེད་ཀྱི་མུ་ལ་མཱ་ཤི་ཀ་ཡེ་ཤུའི་ནང་བརྟན་པོ་མཛད་ཀྱིན་དང་། འེ་ཀྱ་ལ་བདམས་མ་མཛད་ཀྱིན་གོ་དཀོན་མཆོག་ལགས། 22དེ་ནས་ཁོང་པ་ཡིས་འོ་རང་ཀྱ་ཁར་ལ་རང་གི་ཡིན་གྱིན་གྱི་ཐེལ་ཙེ་བརྒྱབ་མཛད་འོད་ད་ལགས། དེ་ནས་ཁོང་པ་ཡི་ཐུགས་ཉིད་གོ་འོ་རི་སེམས་ནང་ལ་འགན་ལེན་གྱི་ཆེད་དུ་གནང་འོད་ད་ལགས།
23ཁྱེད་ཀྱ་ལ་གག་བ་མི་འབྱུང་ཡས་ཀྱི་ཆེད་དུ་ང་ཀོ་རིན་ཐུ་རུ་མ་འོངས། དེ་ནས་འདི་ལབ་དེ་ང་དཀོན་མཆོག་ལ་དཔང་པོ་བཙུགས་ཏེ་སྨྲ་ཡིན། 24ཁྱེད་ཀྱི་དད་པའི་ཁར་ལ་འི་ཀིས་དབང་བྱེད་ཡས་ཀྱི་འདོད་པ་མེད། ཡིན་ནའང་ཁྱེད་ཀྱ་ཡི་དགའ་སྤྲོ་ཡི་ཆེད་དུ་འེ་ཀྱ་ཁྱེད་ཀྱི་མུ་ལ་ལས་ཀ་བྱེད་ད་ལགས། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཁྱེད་རི་དད་པ་ལ་བརྟན་པོ་འདུག།།།

Highlight

Copy

Compare

Share

None

Want to have your highlights saved across all your devices? Sign up or sign in

Videos for ༢ ཀོ་རིན་ཐུ་པ། 1