ཡེ་ཤ་ཡཱ 27
27
1ཉིན་དེར་གཙོ་བོ་དཀོན་མཆོག་གིས་སྟོབས་ཤུགས་ཅན་དང་སྡུག་རྩུབ་ཅན་གྱི་རལ་གྲིས་རྒྱ་མཚོའི་སེམས་ཅན་ལེ་ཝི་ཡ་ཐན་རྒྱ་མཚོའི་ནང་བསྡད་མཁན་འཇིགས་སྣང་ཅན་གྱི་ས་ཁར་གཅུས་རིལ་བརྒྱབ་ནས་འགྲུལ་མཁན་འབྲུག་བསད་པའི་ཆེད་བེད་སྤྱོད་གནང་བར་འགྱུར།
2ཉིན་དེར་གཙོ་བོ་དཀོན་མཆོག་གིས། ཡིད་དུ་འོང་བའི་རྒུན་ཚལ་ལ་འདི་ལྟར་གསུངས་བར་འགྱུར། 3ངས་དེ་ལ་བལྡ་རྟོགས་བྱེད་པ་དང་མུ་མཐུད་ནས་ཆུ་རྒྱབ་པར་བྱའོ། དེ་ལ་སུས་ཀྱང་གནོད་པ་བྱེད་མ་ཐུབ་པའི་ཆེད་ངས་དེ་ལ་ཉིན་མཚན་མེད་པར་སྲུང་བར་བྱའོ། 4ང་ནི་རྒུན་ཚལ་དེ་ལ་ད་ནི་ཁྲོ་མེད་དོ། གལ་ཏེ་འཐབ་པའི་ཆེད་དུ་དེར་ཚེར་མ་དང་སྦྱང་ཚེར་ཡོད་པ་ཡིན་ན། ངས་དེ་ཚོར་ཆ་ཚང་བསྲེག་པར་བྱའོ། 5འོན་ཀྱང་གལ་ཏེ་ངའི་མི་མང་གི་དགྲ་བོ་ཚོར་ངའི་སྲུང་སྐྱོབ་དགོས་ན་དེ་ཚོ་ང་དང་མཉམ་དུ་ཞི་བདེ་བྱེད་དུ་བཅུག་ཅིག ངེས་པར་དུ་ང་མཉམ་དུ་ཞི་བདེ་བྱེད་དུ་བཅུག་ཅིག།
6མ་འོངས་པའི་དུས་སུ་ཡ་ཀོབ་ཀྱི་རིགས་བརྒྱུད་ཨིསི་རཱཨེལ་མི་མང་རྣམས་ནས་ཤིང་སྡོང་ལྟར་རྩ་བ་ཚུགས་པ་དང། དེ་ཚོའི་མེ་ཏོག་དང་འབྲས་བུ་རྒྱས་པ་དང། ས་གཞི་འབྲས་བུ་ཁེངས་པར་འགྱུར་རོ།
7གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་རྣམས་ལ། དགྲ་བོ་ལྟར་ཆད་པ་དྲག་པོ་གཏོང་གནང་མེད་པ་དང། དེ་ཚོ་ལྟར་མི་མང་པོ་ཡང་བསད་མེད་དོ། 8གཙོ་བོ་དཀོན་མཆོག་གིས་ཁོང་གི་མི་མང་རྣམས་བཙན་བྱོལ་དུ་གཏོང་གནང་ནས་ཆད་པ་གཏོང་གནང་ཡོད། ཁོང་གིས་དེ་ཚོ་ཤར་གྱི་སྡུག་རྩུབ་ཅན་གྱི་རླུང་འཚུབ་ལས་ཕྱིར་འཁྲིད་གནང་ཡོད་དོ། 9ཕྱི་པའི་མཆོད་ཁྲིའི་རྡོ་རྣམས་ས་དཀར་གྱི་རྡུལ་ལྟར་མ་འགྱུར་བ་དང། བདུག་སྤོས་ཀྱི་མཆོད་ཁྲི་རྣམས་དང། ཡང་ན་ལྷ་མོ་ཨ་ཤེ་རཱའི་འདྲ་སྐུ་མ་གཤིགས་བར་དུ་ཨིསི་རཱཨེལ་པ་ཚོའི་སྡིག་པར་བཟོད་གསོལ་གནང་བར་མི་འགྱུར་རོ།
10བཙན་པོའི་གྲོང་ཁྱེར་གྱང་གོག་ཏུ་གྱུར་ནས། དེ་མི་མེད་ལུང་སྟོངས་ལྟར་དོར་ནས་ཡོད། དེ་ནི་ཕྱུགས་འཚོ་ཡུལ་གྱི་རྩ་ཁར་འགྱུར་བ་དང་། དེར་དེ་ཚོ་རྩ་ཟ་ཞིང་ངལ་གསོ་བར་བྱེད་དོ། 11ཤིང་སྡོང་དེ་ཚོ་སྐམ་ནས་ཆག་ཡོད་པ་དང། བུད་མེད་ཚོས་དེ་ཚོ་མེ་ཤིང་ཆེད་སྒྲུག་པར་བྱེད་དོ། མི་མང་དེ་ཚོས་གང་ཡང་རྟོགས་མེད་པས། དེ་ཚོའི་བཀོད་པ་པོ་དཀོན་མཆོག་གིས་དེ་ཚོ་ལ་སྙིང་རྗེ་མི་གནང་བ་དང། དེ་ཚོ་ལ་ཐུགས་རྗེ་མི་གནང་བ་དང།
12ཉིན་དེར་གཙོ་བོ་དཀོན་མཆོག་གིས་གཙང་པོ་ཆེན་པོ་ཡུབ་རད་ནས་ཨི་ཇིབ་པའི་ས་མཚམས་བར་འབྲུ་སོག་མ་ནས་འཕྲལ་བ་ལྟར་ཁོང་གིས་མི་མང་རྣམས་རེ་རེ་བཞིན་བྱས་ནས་བསྡུ་བར་མཛད་དོ།
13ཉིན་དེ་སླེབས་སྐབས་ཨ་སུར་དང་ཨི་ཇིབ་ཏུ་བཙན་བྱོལ་དུ་ཡོད་པ་ཨིསི་རཱཨེལ་པ་ཚང་མ་ཕྱིར་འབོད་པའི་ཆེད་དུང་འབུད་པར་བྱའོ། དེ་ཚོ་ཡོང་ནས་ཡེ་རུ་ཤ་ལེམ་དུ་དམ་པའི་རི་བོའི་སྟེང་གཙོ་བོ་དཀོན་མཆོག་ལ་མཆོད་པར་འགྱུར༎
Currently Selected:
ཡེ་ཤ་ཡཱ 27: TOT11
Highlight
Copy
Compare
Share
Want to have your highlights saved across all your devices? Sign up or sign in
Tibetan Old Testament © Bible Society of Nepal, 2011.