1
རོ་མཱ་པ། 6:23
Tibetan, Modern, gSungrab གསུང་རབ།
CTB
དེས་ན་སྡིག་ཉེས་ཀྱི་གླ་ཆ་ནི་འཆི་བ་ཡིན། འོན་ཀྱང་དཀོན་མཆོག་གི་རིན་ཐང་བྲལ་བའི་ཐུགས་རྗེའི་གནང་སྦྱིན་ནི་མཱ་ཤི་ཀ་ཡེ་ཤུ་ངེད་རྣམས་ཀྱི་གཙོ་བོ་བརྒྱུད་ནས་ཐོབ་པའི་དཔག་ཏུ་མེད་པའི་ཚེ་དེ་ཡིན་ནོ། །
Compare
Explore རོ་མཱ་པ། 6:23
2
རོ་མཱ་པ། 6:14
སྡིག་ཉེས་ཀྱིས་ཁྱེད་ཚོར་དབང་མི་བསྒྱུར། གང་ཡིན་ཞེ་ན། ཁྱེད་ཚོ་ཆོས་ཁྲིམས་ཀྱི་དབང་འོག་ཏུ་མ་ཡིན་པར་ཐུགས་རྗེའི་དབང་འོག་ཏུ་ཡོད་པས་སོ། །
Explore རོ་མཱ་པ། 6:14
3
རོ་མཱ་པ། 6:4
དེའི་ཕྱིར་ཁྲུས་གསོལ་ལེན་པའི་སྒོ་ནས་ངེད་རྣམས་ཁོང་དང་མཉམ་དུ་ཤི་ནས་དུར་དུ་བཅུག་པ་ལྟར་ཡིན་པས། དེ་ནི་ཡབ་ཀྱི་གཟི་བརྗིད་དང་ལྡན་པའི་ནུས་མཐུ་ཡིས་མཱ་ཤི་ཀ་སླར་གསོན་དུ་མཛད་པ་བཞིན། ང་ཚོའང་ཚེ་གསར་ཞིག་གི་ནང་འཚོ་བའི་ཕྱིར་རོ།
Explore རོ་མཱ་པ། 6:4
4
རོ་མཱ་པ། 6:13
ལུས་ཀྱི་ཡན་ལག་དེ་ངན་པ་ལ་གཡོག་བྱེད་པའི་ལག་ཆ་ལྟར་སྡིག་ཉེས་ལ་མ་གཏོད། དེ་ལས་ལྡོག་སྟེ་ཤི་ནས་གསོན་པོར་གྱུར་བ་ལྟར་ཁྱོད་ཚོས་རང་ཉིད་དཀོན་མཆོག་ལ་ཕུལ་ཞིང༌། ལུས་ཀྱི་ཡན་ལག་ཀྱང་ཡང་དག་པ་ཉིད་ཀྱི་ལག་ཆ་ལྟར་ཁོང་ལ་མཆོད་པ་ཕུལ་ཞིག
Explore རོ་མཱ་པ། 6:13
5
རོ་མཱ་པ། 6:6
ད་ཕྱིན་ཆད་ངེད་རྣམས་སྡིག་ཉེས་ཀྱི་བྲན་གཡོག་མ་ཡིན་པའི་ཆེད་དུ་དང༌། སྡིག་ཉེས་ཀྱི་དབང་འོག་ཏུ་མི་གནས་པའི་ཕྱིར། ང་ཚོ་སྡིག་ཉེས་ཅན་གྱི་གང་ཟག་རྙིང་པ་དེ་མེད་པར་འགྱུར་བའི་ཕྱིར་མཱ་ཤི་ཀ་དང་མཉམ་དུ་རྒྱང་ཤིང་སྒང་ལ་བརྒྱངས་པ་ཡིན་པ་ངེད་རྣམས་ཀྱིས་ཤེས།
Explore རོ་མཱ་པ། 6:6
6
རོ་མཱ་པ། 6:11
དེ་བས་ན་ཁྱེད་ཚོའང་སྡིག་ཉེས་ཀྱི་དབང་འོག་ཏུ་མི་གནས་པ་དང༌། མཱ་ཤི་ཀ་ཡེ་ཤུ་བརྒྱུད་ནས་དཀོན་མཆོག་ཐུགས་མཉེས་ཕྱིར་གསོན་པ་ཡིན་པར་རྩིས་ཤིག
Explore རོ་མཱ་པ། 6:11
7
རོ་མཱ་པ། 6:1-2
འོ་ན། ང་ཚོས་ཅི་ཟེར་བར་བྱ། ཐུགས་རྗེ་འཕེལ་བའི་ཆེད་དུ་ངེད་རྣམས་སྡིག་ཉེས་ལ་གནས་པར་བྱའམ། དེ་མི་སྲིད། ངེད་རྣམས་སྡིག་ཉེས་ལས་འདས་ཟིན་པས་ད་དུང་དེའི་ནང་འཚོ་བར་ཅི་ལྟར་སྲིད།
Explore རོ་མཱ་པ། 6:1-2
8
རོ་མཱ་པ། 6:16
གང་གི་བཀའ་ལ་ཉན་པ་དེའི་བྲན་གཡོག་ཏུ་འགྱུར་བ་ཁྱེད་ཚོས་མི་ཤེས་སམ། སྡིག་ཉེས་ཀྱི་བྲན་གཡོག་ཏུ་གྱུར་བའི་འབྲས་བུ་ནི་འཆི་བ་དང༌། བཀའ་ལ་ཉན་པའི་བྲན་གཡོག་ཏུ་གྱུར་བའི་འབྲས་བུ་ནི་དཀོན་མཆོག་ཐུགས་མཉེས་པའི་སྤྱོད་ལམ་བཟང་པོ་ཡིན།
Explore རོ་མཱ་པ། 6:16
9
རོ་མཱ་པ། 6:17-18
སྔོན་མ་སྡིག་ཉེས་ཀྱི་བྲན་གཡོག་བྱས་ཀྱང༌། ད་ཁྱེད་ཚོར་གཏད་པར་གྱུར་བའི་བསྟན་པ་ལ་སྙིང་ཐག་པ་ནས་ཉན་པས་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུའོ། སྡིག་ཉེས་ལས་བསྒྲལ་ཏེ་ཁྱེད་ཚོ་དྲང་བདེན་གྱི་སྤྱོད་པའི་བྲན་གཡོག་ཏུ་གྱུར།
Explore རོ་མཱ་པ། 6:17-18