དེའི་ཕྱིར་དཀོན་མཆོག་གི་སྤྱན་སྔར་དད་པའི་སྒོ་ནས་རྣམ་པར་དག་པར་བརྩིས་པར་གྱུར་བས། ངེད་རྣམས་ཀྱི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་བརྒྱུད་ནས་དཀོན་མཆོག་དང་བསྡུམས་པ་ཡིན། དད་པའི་སྒོ་ནས་ཁོང་གིས་ངེད་རྣམས་ཐུགས་རྗེའི་ནང་ཚུད་ཅིང་གནས་པར་མཛད་པས། ང་ཚོས་དགའ་མགུའི་སེམས་ཀྱིས་དཀོན་མཆོག་གི་གཟི་བརྗིད་ཀྱི་གནང་སྦྱིན་འཐོབ་པའི་རེ་སྒུག་བྱེད།