ཡང་ཕཱར་ཨོལ་གྱིས་ཡོ་སེབ་ལ་འདི༌ལྟར། དཀོན་མཆོག་གིས་དོན་འདི་ཁྱོད་ལ་མངོན་པར་མཛད༌པས། ཁྱོད་བཞིན་དུ་བློ་དང་ཤེས་རབ་ལྡན་པའི་མི་གཞན་ཞིག་ཡོད་མི༌སྲིད། ཁྱོད་ཀྱིས་བདག་གི་ཕོ་བྲང་སྐྱོང་བ༌དང༌། བདག་གི་འབངས་མི་ཐམས་ཅད་ཀྱིས་ཁྱོད་ཀྱི་ངག་ལ་ཉན་སྲིད་པ༌དང༌། ཁྲི་སྟེང་དུ་བཞུགས་པ་བདག་ཁོ་ན་ཁྱོད་ལས་མཐོའོ་ཞེས༌སྨྲས།