ཁོང་ཉིད་སྡོང་པོའི་སྟེང་དུ་བཀལ་ཞིང་། ཁོང་གིས་སྐུ་དངོས་སུ་བདག་ཅག་གི་སྡིག་པ་འཁུར་ཏེ། བདག་ཅག་ནི་སྡིག་པའི་ཆ་ནས་འཆི་བ་དང་། དྲང་བདེན་གྱི་ཆ་ནས་སྲོག་འཚོ་བར་འགྱུར་བའི་ཕྱིར་ཡིན་ཞིང་། ཁོང་གི་རྨ་ཁས་ཁྱོད་རྣམས་སོས་པར་གྱུར་ཏོ།། སྔོན་ཆད་ཁྱོད་རྣམས་ནི་མགོ་འཐོམ་པའི་ལུག་དང་མཚུངས༌མོད། འོན་ཀྱང་ད་ལྟ་ཁྱོད་ཅག་ནི་སེམས་ཀྱི་རྫི་བོ་དང་སྲུང་མཁན་གྱི་ཕྱོགས་སུ་འཁོར་བའོ།།