བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཡབ་དཀོན་མཆོག་ལ་བསྟོད་བསྔགས་བརྗོད་པར༌བྱའོ།། ཁོང་གིས་རང་ཉིད་ཀྱི་ཐུགས་རྗེ་ཆེན་པོ་བཞིན། ཡེ་ཤུ་མཱ་ཤི་ཀ་སྐུ་གྲོངས་པ་ནས་སླར་གསོན་པར་མཛད་པ་བརྒྱུད་ནས། བདག་ཅག་ལ་རེ་བ་གསོན་པོ་ལྡན་པའི་ཆེད་དུ། བདག་ཅག་ཡང་བསྐྱར་སྐྱེས་པར་མཛད་དེ། བདག་ཅག་ལ་འཇིག་པ་མེད་པ་དང་། ནག་ནོག་གི་དྲི་མས་མ་གོས༌པ། ཉམས་པར་མི་འགྱུར༌བ། ནམ་མཁའི་ཞིང་ཁམས་སུ་ཉར་ཚགས་བྱས་ཡོད་པ་བཅས་ཀྱི་བགོ་སྐལ་འཐོབ་པར་འགྱུར་བའི་ཕྱིར༌རོ།།