YouVersion Logo
Search Icon

རོ་མཱ་པ། 8

8
ལེའུ་བརྒྱད་པ།
དམ་པའི་ཐུགས་ཉིད་ལེ་བརྟེན་པའི་ཚེ་སྲོག་གི་སྐོར།
1འོ་དེའི་ཆེད་དུ། ད་ལྟ་སྐྱབས་མགོན་ཡེ་ཤུའི་ནང་ལེ་འོད་ཡོད་ཀྱ་ལེ་ཉེས་པའི་ཆད་པ་ཕོག་དགོས་མེད་དིག 2ཅི་ལེ་ཟེར་ནི། སྐྱབས་མགོན་ཡེ་ཤུའི་བརྒྱུད་ནས་ཁྱེད་ཀྱ་ལེ་ཚེ་སྲོག་གནང་མཁན་དེ་ནི། དཀོན་མཆོག་གི་ཐུགས་ཉིད་ཀྱི་ཆོས་ཁྲིམས་ཀྱིས་སྡིག་ཉེས་དིང་འཆི་བའི་དབང་ནས་ཐར་བ་གནང་པི་དིག 3མིའི་རིགས་ཀྱི་སྡིག་པའི་གཤིས་ཀའི་ནུས་ཤུགས་ཉམས་པའི་དབང་དེས་ཆོས་ཁྲིམས་སྒྲུབ་མ་ཐུབ་པ་དེ་ནི། དཀོན་མཆོག་གིས་བསྒྲུབས་པར་གནང་པི་དིག ཁོང་གིས་རང་གི་སྲས་ནི་སྡིག་ཅན་གྱི་ལུས་ཀྱི་དབྱིབས་ཅོག་འདྲ། འུ་ཀྱ་ཀྱི་སྡིག་ཉེས་དེ་སེལ་བའི་ཆེད་དུ། སྡིག་བཤགས་ཀྱིས་མཆོད་པ་འབུལ་དུ་བརྫངས་ཏེ། སྡིག་པའི་གཤིས་ཀའི་ནང་ལེ་གནས་པའི་སྡིག་ཉེས་ཀྱི་ཁྲིམས་ཐག་བཅད་གནང་པི་དིག 4དེ་ནི་སྡིག་པའི་གཤིས་ཀ་ཅོག་འདྲ་འཚོ་བ་སྐྱེས་ལི་མན་དིག དཀོན་མཆོག་གི་ཐུགས་ཉིད་ཀྱི་འཚོ་བ་ཅོག་འདྲ། འུ་ཀྱ་ཀྱི་ནང་ལེ་ཆོས་ཁྲིམས་ཀྱི་དྲང་བདེན་གྱི་དགོས་པ་དེ་སྒྲུབ་ཐུབ་རྒྱུ་ཆེད་དུ་ཡིན་དིག#8.4 ཚིགས་བཅད་འདི་ནི་སྐུ་ཚབ་ཕོལ་ལོལ་གྱིས་རོ་མཱ་པ་ཀྱ་ལེ་བྲིས་པའི་ཡི་གེ་ལེའུ་ 13 ཨང་ 9 ནང་ལེ་གཟིགས་རོགས། 5ཅི་ལེ་ཟེར་ནི། སྡིག་པའི་གཤིས་ཀ་དིང་བསྟུན་པའི་སྤྱོད་པ་བགྱིད་མཁན་ཀྱ་ཀྱིས་སྡིག་ཉེས་ཀྱི་སྐོར་ལེ་བསམ་བློ་རྩེ་གཅིག་ཏུ་གཏོང་གྱོ་འོད་དིག ཡིན་ནའང་། དཀོན་མཆོག་གི་ཐུགས་ཉིད་དིང་བསྟུན་པའི་སྤྱོད་པ་བགྱིད་མཁན་ཀྱ་ཀྱིས་ཐུགས་ཉིད་ཅི་མཉེས་པ་དེའི་སྐོར་ལེ་བསམ་བློ་རྩེ་གཅིག་ཏུ་གཏོང་གྱོ་འོད་དིག 6ཡང་སྡིག་པའི་གཤིས་ཀའི་སྐོར་ལེ་བསམ་བློ་བཏང་པི་ཡིན་ནི། དེའི་མཇུག་མཐའ་མའི་འབྲས་བུ་དེ་ནི་ཤི་རྒྱུ་ཡིན་དིག ཡིན་ནའང་། དམ་པའི་ཐུགས་ཉིད་ཀྱི་སྐོར་ལེ་བསམ་བློ་བཏང་བའི་མཇུག་མཐའ་མའི་འབྲས་བུ་དེ་ནི་ཚེ་སྲོག་དིང་ཞི་བདེ་དེ་ཡིན་དིག 7འོ་དེ་ལེ་བརྟེན་ཏེ། སྡིག་པའི་གཤིས་ཀའི་སྐོར་ལེ་བསམ་བློ་རྩེ་གཅིག་ཏུ་གཏོང་མཁན་སེམས་པ་དེས་དཀོན་མཆོག་ལེ་དགྲ་བོ་བགྱིད་འོད་དི་མ་ཟད། དུས་ནམ་ཡིན་ནའང་དཀོན་མཆོག་གི་ཆོས་ཁྲིམས་མི་སྲུང་འོད་དིག ཡང་ངོ་ཐོག་སྲུང་ཟང་མི་སྲིད་འོད་དིག 8དེ་མ་ཟད། སྡིག་པའི་གཤིས་ཀ་ལེ་བསྟུན་མཁན་ཀྱ་ཀྱིས་དཀོན་མཆོག་གི་ཐུགས་མཉེས་པོ་བཟོ་མི་ནུས་འོད་དིག 9ཡིན་ནའང་། དཀོན་མཆོག་གི་ཐུགས་ཉིད་དེ་དངོས་སུམ་ཁྱེད་ཀྱ་ཀྱི་ནང་ལེ་བཞུགས་གནང་ནི། ཁྱེད་ཀྱ་སྡིག་པའི་གཤིས་ཀ་འོད་ཡོད་ཤ་གཟུགས་ཀྱི་ཕུང་བོ་ལེ་མ་བསྟུན་ཏེ་ཐུགས་ཉིད་ལེ་བསྟུན་འོད་དིག གལ་སྲིད་མི་ཞིག་ལེ་སྐྱབས་མགོན་ཇོ་བོ་ཡེ་ཤུའི་ཐུགས་ཉིད་མེད་ནི། སྐྱབས་མགོན་ཇོ་བོ་ཡེ་ཤུའི་ཁོངས་གཏོགས་མ་དིག 10ཡིན་ནའང་། སྐྱབས་མགོན་ཇོ་བོ་ཡེ་ཤུ་ཁྱེད་ཀྱ་ཀྱི་ནང་ལེ་བཞུགས་པི་ཡིན་ནི། ཁྱེད་ཀྱ་ཀྱི་ལུས་པོ་ནི་སྡིག་པའི་རྐྱེན་གྱི་ཤི་ནའང་། ཁྱེད་ཀྱ་ཀྱི་སེམས་ནི་ཡང་དག་པའི་དབང་གིས་གསོན་པོ་ཡིན་དིག 11སྐྱབས་མགོན་ཡེ་ཤུ་སྐུ་གྲོངས་ཏེ་ཡང་དང་གསོན་པོ་སློང་མཁན་དཀོན་མཆོག་གི་ཐུགས་ཉིད་ཁྱེད་ཀྱ་ཀྱི་ནང་ལེ་བཞུགས་པི་ཡིན་ནི། ཁོང་གིས་ཟང་ཁྱེད་ཀྱ་ཀྱི་ནང་ལེ་བཞུགས་པའི་ཐུགས་ཉིད་བརྒྱུད་ནས། ཁྱེད་ཀྱ་ཀྱི་མི་རྟག་པའི་ལུས་པོ་དེ་ཟང་། ཡང་དང་གསོན་པོའི་ཚེ་སྲོག་གནང་གྱི་དིག
12འོ་དེ་ལེ་བརྟེན་ཏེ། ཁྱེད་སྤུན་ཟླ་ཀྱ། སྡིག་པའི་གཤིས་ཀ་ལེ་བསྟུན་པའི་སྤྱོད་པ་བྱས་ཏེ་འཚོ་བ་ཟང་སྐྱེལ་དགོས་མེད་དིག 13ཅི་ལེ་ཟེར་ནི། ཁྱེད་ཀྱ་ཀྱི་སྡིག་པའི་གཤིས་ཀ་དིང་བསྟུན་ཏེ་སྤྱོད་པ་བྱས་ཏེ་འཚོ་བ་བསྐྱལ་ལི་ཡིན་ནི། ཁྱེད་ཀྱ་ཤི་གྱི་དིག ཡང་གལ་སྲིད་ཐུགས་ཉིད་ལེ་བརྟེན་ཏེ་སྡིག་པའི་སྤྱོད་ངན་དེ་མེད་དི་བཟོས་ནི། དེ་ནས་ཁྱེད་ཀྱ་གསོན་པོ་འོང་གྱི་དིག 14ཅི་ལེ་ཟེར་ནི། དཀོན་མཆོག་གི་ཐུགས་ཉིད་ཀྱིས་འཁྲིད་གནང་བ་ཡེ་རེ་ནི། དཀོན་མཆོག་གི་བུ་ཕྲུག་ཡིན་དི་ཆེད་དུ་ཡིན་དིག 15ཡང་དཀོན་མཆོག་གིས་ཁྱེད་ཀྱ་ལེ་གནང་བའི་ཐུགས་ཀྱིས་ཁྱེད་ཀྱ་འཁྱར་སྣང་གི་ཚེ་གཡོག་མན་དིག ཁྱེད་ཀྱ་ནི་དཀོན་མཆོག་གི་བུ་ཚ་དིང་མོ་ཚབ་བཟོས་གནང་ཕེན། འུ་ཀྱ་ཀྱིས་ཡབ་དཀོན་མཆོག་ལེ་ཨ་ཀྱི་ཟིན་འོད་དིག#8.15 ཚིག་འདིའི་ནང་ལེ་གེ་རིག་གིས་ཨབ་པཱ་ཟིན་བྲིས་འོད་དིག ཡང་ཨ་ར་མེག་གི་ཟེར་ལུགས་ནང་ལེ། ཨབ་པཱ་ཟིན་འོད་དིག ཨབ་པཱ་ཟེར་རི་དོན་དེ་ནི། ཨ་ཀྱི་ཟེར་རི་ཡིན་དིག 16ཡང་ཁོང་གི་ཐུགས་ཉིད་ཀྱིས་འུ་ཀྱ་ཀྱི་སེམས་ཀྱི་མཉམ་འགྲོགས་བྱས་ཏེ། འུ་ཀྱ་དཀོན་མཆོག་གི་བུ་ཕྲུག་ཡིན་དི་དཔང་པོ་གནང་པི་དིག 17ད་བུ་ཕྲུག་ཡིན་ནི། ཤུལ་འཛིན་མཁན་ཟང་ཡིན་དིག དཀོན་མཆོག་གི་ཤུལ་འཛིན་མཁན་ཡིན་ནི། སྐྱབས་མགོན་ཡེ་ཤུ་དིང་སྐྱེན་ལེ་ཤུལ་འཛིན་མཁན་ཟང་ཡིན་དིག འུ་ཀྱ་ལེ་ཁོང་དིང་སྐྱེན་ལེ་གཟི་བརྗིད་འཐོབ་ནི། འུ་ཀྱ་ཀྱིས་ཟང་ཁོང་དིང་སྐྱེན་ལེ་དཀའ་ངལ་མྱང་དགོས་འོད་དིག
མ་འོངས་ཀྱི་གཟི་བརྗིད་སྐོར།
18ངའི་བསམ་བློ་ལེ། ད་ལྟའི་དཀའ་ངལ་འདི་ནི་མ་འོངས་ཀྱི་དུས་ལེ། འུ་ཀྱ་ལེ་སྟོན་རྒྱུ་ཡིན་དི་གཟི་བརྗིད་དིང་བསྡུར་རི་ཡིན་ནི། ཅི་གང་མ་དིག 19བཀོད་པའི་དངོས་པོ་ཡེ་རེས་དཀོན་མཆོག་གི་བུ་ཕྲུག་ཀྱ་ལེ་མངོན་སུམ་དུ་སྟོན་རྒྱུ་ལེ་རེ་བ་ཆེན་པོ་བྱས་ཏེ་སྒུག་འོད་དིག 20-21ཅི་ལེ་ཟེར་ནི། དཀོན་མཆོག་གིས་ཅི་བཀོད་གནང་པའི་དངོས་པོ་དེ་ཡེ་རེ་ནི། རང་གི་འདོད་པ་ཅོག་འདྲ་མེད་དིག དཀོན་མཆོག་གི་དགོངས་པ་ཅོག་འདྲ་དོན་མེད་དབང་ལེ་བཅུག་པི་དིག དེ་ནི་རེ་བ་བྱས་ཏེ་ཅི་བཀོད་པ་དེ་ངན་རུལ་གྱི་དབང་ནས་བསྒྲལ་ཏེ། དཀོན་མཆོག་གི་བུ་ཕྲུག་ཀྱ་ཀྱི་གཟི་བརྗིད་ངང་ནས་རང་དབང་འཐོབ་རྒྱུ་ཆེད་དུ་ཡིན་དིག 22ད་ལྟ་བར་དུ་དཀོན་མཆོག་གིས་ཅི་བཀོད་གནང་པ་དེ་ཡེ་རེས་སྐྱེ་ཟུག་རྒྱག་གི་ཅོག་འདྲ། དབུགས་སྒྲ་ངང་ནས་དཀའ་ངལ་མྱང་གྱོ་འོད་དེ་འུ་ཀྱ་ཀྱིས་ཧ་གོ་འོད་དིག 23དེ་མ་ཟད། དམ་པའི་ཐུགས་ཉིད་ནི་ལོ་ཏོག་གི་ཕུད་དང་པོ་དིང་ཅོག་འདྲ། འུ་ཀྱ་དཀོན་མཆོག་གི་བུ་ཚབ་དིང་མོ་ཚབ་ལེ་བཟོས་གནང་རྒྱུ་དིང་། ཡང་འུ་ཀྱ་ཀྱི་ལུས་པོ་སྡིག་ཉེས་དིང་དཀའ་ངལ་ནས་སྒྲོལ་ཏེ། རྩ་མེད་མི་འགྲོ་བའི་ལུས་གསར་པ་དེ་འཐོབ་རྒྱུ་ལེ། དབུགས་སྒྲ་ངང་ནས་རེ་སྒུག་བགྱིད་འོད་དིག 24ཅི་ལེ་ཟེར་ནི། འུ་ཀྱ་ནི་རེ་བ་ལེ་བརྟེན་ཏེ་ཐར་བ་ཐོབ་པི་དིག མིག་གིས་མཐོང་བའི་རེ་བ་ནི་རེ་བ་མ་དིག མི་སུ་ཞིག་གིས་མིག་གིས་མཐོང་ཚར་རི་དེ་ལེ་རེ་བ་བགྱིད་འོད་དི་མ་གས། 25ཡིན་ནའང་། འུ་ཀྱ་ཀྱིས་མིག་གིས་མཐོང་རྒྱུ་མེད་མེད་དེ་ལེ་རེ་བ་བགྱིད་འོད་ཕེན། བཟོད་སྒོམ་ཆེན་པོས་ངང་ནས་རེ་སྒུག་བགྱིད་འོད་དིག
26འོ་དེ་ཅོག་འདྲ། འུ་ཀྱ་ཀྱི་སྟོབས་ཤུགས་མེད་མེད་དེ་ལེ་རོགས་སྐྱོར་གནང་སྟེ། འུ་ཀྱ་ཀྱིས་ཅི་གི་བྱས་ཏེ་གསོལ་བ་སྨོན་ལམ་འདེབས་དགོས་འོད་མེད་མི་ཤེས་འོད་ནའང་། ཐུགས་ཉིད་ཀྱིས་འུ་ཀྱ་ཀྱིས་ཚིག་གིས་ནང་ལེ་ཟེར་མི་ནུས་པི་དེ་ལེ་བརྟེན་ཏེ། འུ་ཀྱ་ཀྱི་ཚབ་ལེ་དབུགས་སྒྲས་ངང་ནས་གསོལ་བ་འདེབས་རོགས་བགྱིད་གྱོ་འོད་དིག 27ཡང་མི་ཀྱ་ཀྱི་སེམས་གཟིགས་གནང་མཁན་དཀོན་མཆོག་གིས་ཐུགས་ཉིད་ཀྱི་དགོངས་པ་དེ་མཁྱེན་གནང་གྱོ་འོད་དིག ཅི་ལེ་ཟེར་ནི། དཀོན་མཆོག་གི་དགོངས་པ་ཅོག་འདྲ། ཐུགས་ཉིད་ཀྱིས་དད་པ་བགྱིད་མཁན་ཀྱ་ཀྱི་སྐོར་ལེ་གསོལ་བ་འདེབས་གནང་གྱོ་འོད་དིག 28དཀོན་མཆོག་ལེ་བྱམས་བརྩི་བཀུར་བྱས་ཏེ་ཁོང་གི་ཐུགས་དགོངས་ཅོག་འདྲ། ཞལ་གྱིས་བོས་གནང་པི་མི་ཀྱ་ཀྱི་དོན་ལེ། དཀོན་མཆོག་གིས་ཕན་པའི་ཆེད་དུ། དེ་ཡེ་རེ་མཛད་གནང་པི་དེ་ནི་འུ་ཀྱ་ཀྱིས་ཧ་གོ་འོད་དིག 29ཅི་ལེ་ཟེར་ནི། དཀོན་མཆོག་གིས་སྔོན་མ་ནས་མཁྱེན་གནང་བའི་མི་ཀྱ་རང་གི་སྲས་དིང་ཅོག་འདྲ། འོང་རྒྱུ་ཆེད་དུ་སྔོན་མ་ནས་བདམས་པི་དིག སྲས་ཁོང་རང་ནི་སྤུན་ཟླ་མང་པོའི་ནང་ནས་དང་པོ་འཁྲུངས་གནང་བའི་ཆེད་དུ་ཡིན་དིག 30ཡང་སྔོན་མ་ནས་ཐག་གིས་བཅད་ཚར་རི་དེ་ཀྱ་ལེ་ཟང་ཞལ་འབོད་གནང་པི་དིང་། ཡང་ཞལ་འབོད་གནང་བ་དེ་ཀྱ་ཟང་མི་ཡང་དག་པ་ཞིག་ལེ་བརྩིས་པི་མ་ཟད། མི་ཡང་དག་པ་ཞིག་ལེ་བརྩིས་པ་དེ་ཀྱ་ཟང་གཟི་བརྗིད་ཅན་བཟོས་གནང་པི་དིག
དཀོན་མཆོག་གི་བྱམས་པ།
31འོ་ནེ། ད་འུ་ཀྱ་ཀྱིས་དོན་དེ་ཀྱ་ཀྱི་སྐོར་ལེ་ཅི་ཟེར་རྒྱུ། དཀོན་མཆོག་འུ་ཀྱ་ཀྱི་ཕྱོགས་ཡིན་ནི། མི་སུ་ཞིག་གིས་འུ་ཀྱ་ལེ་འགེག་རྒོལ་བགྱིད་ཐུབ་རྒྱུ། 32དཀོན་མཆོག་གིས་རང་གི་སྲས་ལེ་ཕངས་སེམས་མ་གནང་སྟེ། འུ་ཡེ་རེའི་དོན་ལེ་བློས་གཏོང་གནང་སྟེ། སྲས་དིང་སྐྱེན་ལེ་ཐུགས་རྗེའི་བརྒྱུད་ནས་འུ་ཀྱ་ལེ་ཟང་། དོན་ཡེ་རེ་སྟེར་མི་གནང་འོད་དི་གས། 33དཀོན་མཆོག་གིས་བདམས་གནང་པི་མི་ཀྱ་ལེ་ཉེས་སྐྱོན་འཛུགས་ཕོད་མཁན་སུ་འོད་དི་གོ། དཀོན་མཆོག་གིས་མི་དེ་ཀྱ་ནི་ཡང་དག་པ་ཞིག་ཡིན་དིག་ཟིན་གསུངས་ཚར་རི་དིག 34སྐྱབས་མགོན་ཡེ་ཤུ་སྐུ་གྲོངས་གནང་པི་མ་ཟད། ཡང་དང་སྐུ་གསོན་གནང་སྟེ། ད་ལྟ་དཀོན་མཆོག་གི་གཡས་ཕྱོགས་ལེ་བཞུགས་ཏེ། འུ་ཀྱ་ཀྱི་དོན་ལེ་གསོལ་བ་འདེབས་གནང་གྱོ་འོད་ཕེན། མི་སུ་ཞིག་གིས་འུ་ཀྱ་ལེ་ཉེས་ཆད་གཏོང་ནུས་རྒྱུ། 35ཡང་མི་སུ་ཞིག་གིས་འུ་ཀྱ་སྐྱབས་མགོན་ཇོ་བོ་ཡེ་ཤུའི་བྱམས་བརྩེ་བ་ནས་ཕྲལ་ཐུབ་རྒྱུ། སྡུག་བསྔལ། ཡང་ནི། དཀའ་སྡུག ཡང་ནི། མནར་གཅོད། ཡང་ནི། མུ་གེ། ཡང་ནི། དམར་ཧྲང་། ཉེན་ཁ། ཡང་ནི། རལ་གྲི་དེ་ཀྱ་ཡིན་གོ། 36ཡང་གསུང་རབ་ཀྱི་མདོ་ནང་ལེ།
ཁྱེད་ཀྱི་ཆེད་དུ་ཉེད་ཀྱ་ནི་ཉིན་གྲངས་གསོད་གྱོ་འོད་དིག །
གཞན་གྱིས་ཉེད་ཀྱ་ནི་བཤའ་ལུག་ཅོག་འདྲ་རྩི་འོད་དིག །
ཟིན་བྲིས་པི་དིང་ཅོག་འདྲ་ཡིན་དིག#8.36 ཚིགས་བཅད་འདི་ནི་གསུང་མགུར་མདོ་ལེའུ་ 44 ཨང་ 22 ནང་ལེ་གཟིགས་རོགས། 37ཡིན་ནའང་། འུ་ཀྱ་ལེ་བྱམས་བརྩེ་བ་གནང་མཁན་གྱི་བརྒྱུད་ནས་དོན་འདི་ཡེ་རེའི་གོང་ལེ་འུ་ཀྱ་ནི་རྒྱལ་འོད་དིག 38ཅི་ལེ་ཟེར་ནི། ང་རང་ལེ་ཡིད་ཆེས་བརྟན་པོ་འོད་ཡོད་དེ་ནི། འཆི་བ་དིང་། གསོན་པོ། ནམ་མཁའི་ཕོ་ཉ། དབང་འཛིན་མཁན། ད་ལྟ་བ་དིང་། མ་འོངས་ཀྱི་གནས་ཚུལ། ཐུབ་སྟོབས་ཅན། 39མཐོ་ས་ལེ་གནས་པ་དིང་། དམའ་ས་ལེ་གནས་པ། དཀོན་མཆོག་གིས་བཀོད་གནང་པ་ཡེ་རེ་ནས་ཅི་ཞིག་གིས་ཟང་། འུ་ཀྱ་ཀྱི་ནང་ལེ་འོད་ཡོད་སྐྱབས་མགོན་ཇོ་བོ་ཡེ་ཤུའི་བྱམས་བརྩེ་བ་ནས་ཕྲལ་མི་ནུས་འོད་དིག །

Highlight

Copy

Compare

Share

None

Want to have your highlights saved across all your devices? Sign up or sign in